དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་དམར་པོའི་འགན་འཁྲི་ནན་གྱིས་བཟུང་ནས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྩལ།

2024-06-19 08:49:46   |   91

རྩོམ་སྒྲིག    དོན་འགྲུབ་མཚོ།    ཡོང་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་རྒྱ་བསྐྱེད་གཏོང་བ་དེ་ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནང་དོན་གཙོ་བོར་བརྩིས་པ་དང་། ཐོན་ཁུངས་ཀྱི་ཁྱད་ཆོས་དང་ལེགས་ཆར་རྐང་བཙུགས་པ། འཁོར་སྐྱོད་དང་བེད་སྤྱོད་པར་ཧྲག་སྡེབ་ནུས་ལྡན་བྱས་པ་བཅས་ཀྱིས། དམར་པོའི“འགན་འཁྲི་ཞིང་ས”ལེགས་པར་རྨོས་ཏེ། ཡུལ་བབ་དང་བསྟུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་བཏང་།

གསར་སྐྲུན་འཕེལ་རྒྱས་ཀྱིས“རུ་སྣེ”གསོ་སྐྱོང་བྱས་ཏེ། འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྩལ། སྡེ་སྡོད་ལས་བྱེད་རུ་མི་དང་འདེམ་བསྐོའི་སློབ་མ། སྡེ་བའི་འགན་ལེན་ལས་བྱེད་པ་སོགས་སོ་སོར་མངགས་ཏེ་སྡེ་བ་རིམ་པའི་འཕེལ་རྒྱས་ལ་རོགས་ཤུགས་བཏོན་པ་དང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་མགོ་ཁྲིད་དཔུང་སྡེ་ལེགས་སྒྲིག་དང་སྟོབས་ལྡན་དུ་གཏོང་བ། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་ལག་རྩལ་གྱིས་མཛུབ་སྟོན་བྱེད་པ། མ་དངུལ་གྱིས་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད།  “རུ་སྣེ”གསོ་སྐྱོང་ནང་རྐྱེན་བཙུགས་ཏེ་སྟོབས་ལྡན་དུ་བཏང་། འཇོན་མིས་སྐུལ་ཁྲིད་བྱེད་པའི་མ་དཔེ་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། ཞིང་འབྲེལ་ཁེ་ལས་དང་ཐུན་མོང་དཔལ་འབྱོར་རྩ་འཛུགས་སོགས་ལས་གཉེར་གཙོ་བོར་མཐུད་སྦྲེལ་དང་རོགས་སྐྱོར་བྱས་ཐོག   རང་སའི་འཇོན་མིར་གསོ་སྦྱོང་བྱས། མིག་སྔར་རང་སའི་འཇོན་མི65དང་ཕྱུག་བསྒྱུར་སྣེ་ཁྲིད་པ70གསོག་འཇོག་བྱས་ཡོད།

ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱིས“བཙན་རྫོང”སྟོབས་ལྡན་དུ་བཏང་ནས། ཐོན་ལས་ཀྱི་མེ་སོན་གསར་པ་སྦར། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ་དངོས་གནས་ཞིང་སྡེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཏེ། “ཏང་ཀྲི་པུའི+མཉམ་ལས་ཁང+ཞིང་ཁྱིམ”གྱི་རྣམ་པས། མཉམ་ལས་ཁང34ལ་སྣེ་ཁྲིད་དང་གསར་འཛུགས་དང་ལས་སྒྲུབ་དང་ཞབས་ཞུ་བཅས་བྱས། 2023ལོའི་བར་དུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི429ལ་སླེབས་ཏེ། མང་ཚོགས2500ལྷག་གི་ལས་ཞུགས་ཡོང་སྤར་དང་ཕྱུག་བསྒྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱས། ཏང་ཡོན98ཀྱི་སྣེ་ཁྲིད་དེ་ཐོན་ལས་ལས་གཞི41འཕེལ་རྒྱས་བཏང་བ་དང་། དབུལ་ཐར་ཁྱིམ་ཚང56གི་དབུལ་ཐར་མང་ཚོགས170ལ་ལས་ཞུགས་ཀྱི་སྣེ་ཁྲིད་བྱས་ཏེ། དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་སྒོར་ཁྲི44.31ལ་སླེབས།

ཐོན་ཁུངས་གཅིག་སྒྲིལ་གྱིས“རྣམ་པ་གསར་པར”བསྒྱུར་ཏེ། དཔལ་འབྱོར་གྱི་ལས་རྣམ་གསར་པར་གསོན་ཤུགས་བསྩལ། གསོག་ནོར་བེད་མེད་དུ་འཇོག་པ་དང་ནུས་དམའི་བེད་སྤྱོད་ཐག་གཅོད་པ་དེ་ཐོད་བརྒལ་འགག་གནས་ཤིག་ཏུ་བརྩིས་ཏེ། སྡེ་བའི་ཁོངས་གཏོགས་ཀྱི་ས་ཞིང་དང་རྩྭ་ར། དེ་མིན་བེད་མེད་དུ་ལུས་པའི་བཟོ་ཁང་རྙིང་པ་སོགས་སྡེ་བ་རིམ་པའི་ཐུན་མོང་རྒྱུ་ནོར་གསར་སྤེལ་བེད་སྤྱོད་དང་། ཞིག་གསོ་དང་བོགས་མར་གཏོང་བ། མ་རྐང་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལས་རྣམ་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་བཏང་སྟེ། ཞིང་སྡེའི་གནས་སྐོར་དང་དམར་པོའི་ཞིབ་འཇུག་སློབ་སྦྱོང་། གསོ་སྤེལ་སོགས་ལས་གཉེར་ཞབས་ཞུ་ལས་རིགས་འཕེལ་རྒྱས་བཏང་། 2023ལོའི་བར་དུ། རྫོང་ཡོངས་ཀྱི་རྒྱུ་ནོར་གླས་པ་དང་བོགས་མར་བཏང་བའི་ཡོང་སྒོ་སྒོར་ཁྲི556.13ལ་སླེབས།


མཉམ་སྤྱོད།