དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཁྱུག་དབྱངས་ཀྱི་དྲ་དཔོན་མེ་ལྷ་གངས་དཀར་རྩེར་འཛེག་པའི་མཛད་སྒོ་འཚོགས་པ།

2024-06-19 09:50:00   |   2248

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས18ཉིན། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུ་དང་། མཚོ་བྱང་རིག་ལུས་གནས་སྐོར་རྒྱང་བརྙན་ཅུ། ཀྲུང་གུང་འཇུ་ལག་རྫོང་ཨུ། འཇུ་ལག་རྫོང་མི་དམངས་སྲིད་གཞུང་། ཧྭ་ཝེ(华为)མཚོ་སྔོན་མཐའ་སྣེའི་ལས་སྒོ་པུ་བཅས་ཀྱིས་མཉམ་དུ་སྤེལ་བའི་འཁྱུག་དབྱངས་ཀྱི་དྲ་དཔོན་མེ་ལྷ་གངས་དཀར་རྩེར་འཛེག་པའི་མཛད་སྒོ་འཇུ་ལག་རྫོང་མེ་ལྷ་གངས་དཀར་དུ་འཚོགས།

1.jpg

ད་ཐེངས་ཀྱི་འཁྱུག་དབྱངས་ཀྱི་དྲ་དཔོན་མེ་ལྷ་གངས་དཀར་རྩེར་འཛེག་པའི་མཛད་སྒོ་ནི་མཚོ་བྱང་ཁུལ་གྱིས་མཚོ་སྔོན་འཇུ་ལག་གི་མེ་ལྷ་གངས་དཀར་རྩེར་འཛེག་པའི་ཞིང་ཆེན་གསུམ་གྱི་མཉམ་འབྲེལ་འགྲན་སྡུར་སྤེལ་རྗེས་ཀྱི་ཕྱི་རོལ་རི་འཛེག་གི་འདུ་ཚོགས་གཟབ་རྒྱས་ཤིག་རེད། རི་འཛེག་བྱེད་སྒོས་ཧྭ་ཝེ་མཐའ་སྣེའི་གསར་གཏོད་དང་སྔོན་ཐོན་ལ་བརྟེན་ནས་མེ་ལྷ་གངས་དཀར་རིག་གནས་གནས་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། མཚན་སྙན་གྲགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏང་ཐུབ་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་། ཐོན་ཁུངས་མཉམ་སྤྱོད། དྲིལ་སྒྲོག་མཉམ་འགུལ་བཅས་ལ་སྐུལ་འདེད་བཏང་ནས་མཚོ་བྱང་རིག་གནས་གནས་སྐོརIPདང་ཧྭ་ཝེ་ཐོན་རྫས་ཀྱི་དྲ་ཐོག་ཚོང་གཉེར་གཉིས་ལ་ཕན་ཞིང་། མཚོ་བྱང་གི་གངས་སྐོར་གནས་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་བཟང་པོ་ཞིག་གཏོད་པར་ཕན།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འཛེག་ཡུལ་འཇུ་ལག་རྫོང་མེ་ལྷ་གངས་དཀར་ནི་མདོ་ལ་རིང་མོའི་ཤར་རྒྱུད་ཀྱི་རི་རྩེ་མཐོ་ཤོས་ཡིན་པ་དང་། རི་རྩེར་ལོ་འཁོར་གང་མོར་ཁ་བའི་འདབ་མས་གཡོགས་ཡོད་ཅིང་། རི་འཛེག་གི་དཀའ་ཚད་འཚམ་པོ་ཡོད་པས་གངས་རིར་འཛེག་པའི་ཕུགས་བསམ་གྱི་གནས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་རིག་གནས་གནས་སྐོར་ཐོན་ཁུངས་དྲ་ཐོག་ནས་དྲིལ་སྒྲོག་བྱ་རྒྱུར་གཞོལ་བཞིན་ཡོད་པ་དང་། སྨྱན་སྦྱོར་གསར་པའི་ལས་སྟེགས་དང་རིག་གནས་གནས་སྐོར་བར་བརྟེན་ནས་ཐུན་མོང་ཐོག“དག་སྣང་མཚོ་བྱང”གི་རིག་གནས་གནས་སྐོར་ཐོན་ཁུངས་སྔོག་འདོན་དང་འགྲེམ་སྟོན་བྱས་ཏེ། གནས་སྐོར་བ་དེ་བས་མང་བོ་མཚོ་བྱང་དུ་སླེབས་ནས་མཚོ་བྱང་ལ་རྒྱུས་ལོན་བྱེད་པར་འབད་བཞིན་ཡོད།


མཉམ་སྤྱོད།