དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་མཐོ་རྒྱུགས་སྐར་གྲངས་ཟླ6པའི་ཚེས25ཡས་མས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད།

2024-06-19 10:54:02   |   2926

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ནུབ་མཚོ་གྲོང་ཁྱེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2.png

ཟླ6པའི་ཚེས17ཉིན། 2024ལོའི་མཐོ་རྒྱུགས་དཀྱུས་མའི"སྐར་གྲངས་དཔྱད་སྡུར་སྒོ་འབྱེད་ཉིན་མོའི"བྱེད་སྒོ་སྤེལ་ལ། རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་གི་འཐུས་མི་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི20ལྷག་ཙམ་གྱིས་ཡུལ་དངོས་ནས་མཐོ་རྒྱུགས་སྐར་གྲངས་དཔྱད་སྡུར་གྱི་ཡུལ་དངོས་ལ་ལྟ་སྐོར་བྱས། སྐར་གྲངས་དཔྱད་སྡུར་ས་ཚིགས་ཀྱི་སྤྱི་ཁྱབ་འགན་འཁུར་བ་དང་འབྲེལ་ཡོད་བསླབ་ཚན་གྱི་དཔྱད་སྡུར་འགན་འཁུར་བས་སྐར་གྲངས་དཔྱད་སྡུར་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་གྱི2024ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་སྐར་གྲངས་དཔྱད་སྡུར་དེ་ཟླ6པའི་ཚེས11ཉིན་ནས་བཟུང་དངོས་སུ་སྤེལ་མགོ་བརྩམས། སྐར་གྲངས་དཔྱད་སྡུར་བྱ་བའི་ནང་དགེ་རྒན430ལྷག་ཙམ་སྐོང་འཐེན་བྱས་ནས་ཁྱོན་རྒྱུགས་ཤོག་ཁྲི21.8ལྷག་ཙམ་ལ་དཔྱད་སྡུར་བྱས།

མིག་སྔར། སྐར་གྲངས་དཔྱད་སྡུར་གྱི་འབྲེལ་ཡོད་བྱ་བ་མཇུག་སྒྲིལ་ལ་ཉེ་ཞིང་། སྐར་གྲངས་དཔྱད་སྡུར་བྱ་བ་མཇུག་སྒྲིལ་རྗེས་དཔྱད་སྡུར་གྱི་གཞི་གྲངས་ལ་འཐེན་བཤེར་བསྐྱར་ཞིབ་དང་། སྐར་གྲངས་དག་བཤེར་དང་སྐར་གྲངས་མཉམ་སྡེབ་སོགས་བྱས་ནས་མཐོ་རྒྱུགས་རྒྱུགས་ཤོག་གི་དཔྱད་སྡུར་བྱ་བ་དྲང་གཞག་དྲང་བདེན་དང་གཟབ་ནན་ཚད་ལྡན་ཡོང་པར་འགན་ལེན་བྱ་རྒྱུ་རེད། སློབ་བསྡུའི་སྐར་མཚམས་དང་རྒྱུགས་སྤྲོད་སློབ་མའི་སྐར་གྲངས་ཟླ6པའི་ཚེས25ཉིན་ཡས་མས་སུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ་རེད།


མཉམ་སྤྱོད།