དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“བྱང་གསུམ”ལས་གཞིའི་ནགས་རྩྭ་འཕྲུལ་ཆས་སྒྲིག་ཆས་ཀྱི་ཡུལ་དངོས་འཁྲབ་སྟོན་བྱེད་སྒོ་མདའ་བཞི་རྫོང་དུ་སྤེལ་བ།

2024-06-19 16:39:54   |   1588

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


བྱེ་ཐང་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས“བྱང་གསུམ”ལས་གཞིའི་འགག་སྒྲོལ་འཐབ་འཁྲུག་དང་གཙོ་གནད་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཟླ6ཚེས་17ཉིན་ནགས་རྩྭ་ལག་རྩལ་མཐོན་པོ་མཚོ་སྔོན་ཁྱབ་གདལ་གཏོང་བའི“བྱང་གསུམ”བཟོ་སྐྲུན་གྱི་སྔོན་ཐོན་འཕྲུལ་ཆས་སྒྲིག་ཆས་ཡུལ་དངོས་སུ་འཁྲབ་སྟོན་བྱེད་སྒོ་མཚོ་བྱང་ཁུལ་མདའ་བཞི་རྫོང་ཁེ་ཐུའུ་བྱེ་འགོག་བྱེ་བཅོས་ཁུལ་དུ་སྤེལ།

ཐེངས་འདིའི་བྱེད་སྒོ་དེ་རྒྱལ་ཁབ་ནགས་རྩྭ་ཅུ་ཚན་རྩལ་སི་དང་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་འོག་གཙོ་གཉེར་བྱས་པ་དང་། ཀྲུང་གོ་ནགས་ལས་འཕྲུལ་ཆས་མཐུན་ཚོགས་དང་མཚོ་བྱང་ཁུལ་ནགས་རྩྭ་ཅུ། མདའ་བཞི་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་འགན་འཁུར་ཡོད་ལ། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུ་ཧར་པིན་ནགས་ལས་འཕྲུལ་ཆས་ཞིབ་འཇུག་ཁང་དང་རྒྱལ་ཁབ་ནགས་ལས་སྒྲིག་ཆས་ཚན་རྩལ་གསར་གཏོད་གླིང་གིས་གཉེར་རོགས་བྱས་ཡོད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུ་ཚན་རྩལ་སིའི་རིམ་པ་གཉིས་པའི་སྐོར་ཞིབ་པ་རན་ཏུང་ཡ་དང་། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའི་ཅུ་ཀྲང་གཞོན་པ་ཀྲའོ་ཧའེ་ཕིང་དང་ཧན་ཆང་།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། དེ་བཞིན་ཀྲུང་གོ་ནགས་ལས་འཕྲུལ་ཆས་མཐུན་ཚོགས་དང་བྱང་གསུམ་ས་ཁུལ་གྱི་འབྲེལ་ཡོད་ལས་ཁུངས།  འཕྲུལ་ཆས་སྒྲིག་ཆས་ཁེ་ལས།  མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར།  རྫོང་། ནགས་ལས་ཅུ།  འབྲེལ་ཡོད་ཚན་ཞིབ་ཁང་།  སློབ་ཆེན་བཅས་ཀྱི་འཐུས་མི200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཁེ་ལས20ལྷག་ཙམ་གྱིས་བཟོས་པའི་ནགས་ཚལ་སྲུང་སྐྱོང་འཕྲུལ་ཆས་དང་བྱེ་འགོག་འཕྲུལ་ཆས་སྣ་ཚོགས། མི་མེད་གནམ་གྲུ། ས་དབྱིབས་ཧྲིལ་པོའི་སྐྱེལ་འདྲེན་རླངས་འཁོར།  དམིགས་བསལ་རླངས་འཁོར་སོགས་སྔོན་ཐོན་བྱེ་འགོག་བྱེ་བཅོས་ཀྱི་འཕྲུལ་ཆས་སྒྲིག་ཆས(ཆ་ཚང)100ལྷག་ཙམ་གཅིག་སྡུད་ཐོག་འགྲེམ་སྟོན་བྱས།  འཕྲུལ་ཆས་སྒྲིག་ཆས་ཁེ་ལས་ཀྱི་ཆེད་མཁས་པ་དང་ལག་རྩལ་མི་སྣས་བྱེ་འགོག་འཕྲུལ་འཁོར་དང་བྱེ་མ་བརྟན་པོ་བཟོ་བའི་འཕྲུལ་འཁོར། རང་འགུལ་ལྗང་འཛུགས་འཕྲུལ་འཁོར། ལྕགས་ཐག་སྐྱེལ་འདྲེན་རླངས་འཁོར་སོགས་འཕྲུལ་ཆས་སྒྲིག་ཆས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་བརྒྱུད་རིམ་འཁྲབ་སྟོན་བྱས་པ་དེས་ཡུལ་དངོས་ཀྱི་ལྟ་སྐོར་བ་རྣམས་ཀྱིས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལ་ཤེས་རྟོགས་ཐུབ་ཚད་དང་དང་ལེན་བྱེད་ཚད་མཐོ་རུ་བཏང་བ་མ་ཟད། སྐྱེ་ཁམས་འཛུགས་སྐྱོང་་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་ཡང་མངོན་ཡོད།

ཐེངས་འདིའི་བྱེད་སྒོའི་སྟེང་བྱེ་འགོག་བྱེ་བཅོས་ཀྱི་འཕྲུལ་ཆས་སྒྲིག་ཆས་ཀྱི་ཚན་རྩལ་འདུས་ཚད་དང་ཕན་འབྲས་དངོས་མངོན་པ་མ་ཟད། སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཐེབས་ནས“བྱང་གསུམ”ལས་གཞི་ལག་བསྟར་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། བྱེད་སྒོ་སྤེལ་རིང་ཀྲུང་གོ་ནགས་ལས་འཕྲུལ་ཆས་མཐུན་ཚོགས་ཀྱིས་བྱེ་འགོག་བྱེ་བཅོས་འཕྲུལ་ཆས་སོགས་ཕྱི་རོལ་གྱི་ནགས་ཚལ་དང་རྩྭ་ཐང་གི་སྒྲིག་ཆས་འོས་སྦྱོར་གྲུབ་འབྲས་ཁག་གཅིག་ཁྱབ་བསྒྲགས་བྱས་པ་དང་།  རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཚན་རྩལ་སིས་མཚོ་བྱང་ཁུལ་སྲིད་གཞུང་ལ་འཕྲུལ་ཆས་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བ་དང་། ལས་ཁུངས་དང་ཁེ་ལས་མང་པོ་ཞིག་གིས་ཁོ་སྤྲོད་སྦྲེལ་མཐུད་སྤེལ་རེས་བྱས་ཡོད།


མཉམ་སྤྱོད།