དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-20 07:20:30   |   1082

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

1.jpg

  • ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་ཚོགས་འདུ་ཚེས17ནས་ཚེས19ཉིན་ཧྲའན་ཞི་ཡན་ཨན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་། 

2.jpg

  • ཚེས18ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་གཏོད་མ་འཇོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》དཔར་འགྲེམ་བྱས། 

  • ནོར་སྲིད་པུ་དང་བཟོ་འཕྲིན་པུས་ཀྲུང་དབྱང་ནོར་སྲིད་མ་དངུལ་བརྒྱུད་ཆེད་ལས་དང་སྤུས་ལེགས། དམིགས་གསལ། གསར་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱས་པ་དང་། ད་ལོ“མི་ཆེན་ཆུང་ཆུང”གི་ཁེ་ལས་ཆིག་སྟོང་ལྷག་ལ་བྱ་དགའ་ཐོབ་རྒྱུ་རེད། 

  • ཀྲུང་དབྱང་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཚད་གཞི་ལོན་པའི་ཕྱི་རྒྱལ་སྒྲིག་ཚན་མ་འཇོག་མཁན་གྱི་མ་དངུལ་དོ་དམ་སྔར་བས་སྟབས་བདེ་དང་འཐུས་སྒོ་ཚང་དུ་བཏང་ནས། ཕྱི་རྒྱལ་གྱི་མ་འཇོག་མཁན་རྒྱལ་ནང་གི་དངུལ་འཛིན་མ་འཇོག་ནང་ཞུགས་རྒྱུར་སྟབས་བདེ་བསྐྲུན་རྒྱུ་རེད། 

  • 2024ལོའི་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་སྔ་རྗེས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། སློབ་གསོ་པུས2024ལོའི་མཐོ་རྒྱུགས་ཀྱི་རེ་འདུན་རེའུ་མིག་བཀོད་ནས་དྲིས་ལན་རེ་རེ་བཏབ་སྟེ་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་དཔྱད་གཞིར་མཁོ་འདོན་བྱ་རྒྱུ་རེད།

  • ཀྲུང་དབྱང་དྲིལ་སྒྲོག་པུས་བློ་མཐུན་ཞུས་ལི་རྨིན་ལ“དུས་རབས་ཀྱི་མིག་དཔེ”ཡི་མཚན་སྙན་རྗེས་སྤྲོད་བྱས་ལ། བློ་མཐུན་ཞུས་ལི་རྨིན་ནི་སྐུ་འཚོ་བཞུགས་སྐབས་ཀྲེ་ཅང་ཞིང་ཆེན་ཕུའུ་ཅང་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུ་ཀྲང་རེད། 

  • རྒྱལ་ཁབ་དུག་འགོག་གཞུང་ལས་ཁང་གིས《2023ལོའི་ཀྲུང་གོའི་དུག་རྫས་དུས་བབ་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དེའི་ཐོག་ནས་མིག་སྔར་རང་རྒྱལ་གྱི་དུག་རྫས་གཙོ་བོ་ཕྱི་རྒྱལ་ནས་སིམ་འཛུལ་བྱས་པ་མངོན་ཡོད། 

  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཧྲང་ཧའེ་ས་ཁོངས་ལྟེ་གནས་དངོས་སུ་མགོ་བརྩམས་པ་རེད། 

    སྤྱི་ཚོགས། 

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་འབྲི་ཆུའི་དབུས་སྨད་རྒྱུད་དང་ཅང་ཧོའེ་ས་ཁུལ་སྔ་རྗེས་སུ་ཅུ་ལིའི་ཆར་བའི་དུས་སུ་སླེབས་ཡོད། 

  • ཆུ་བེད་པུས་ཀོང་ཞིའི་ཆུ་ལོག་འགོག་སྲུང་གི་འཕྲལ་བསྟུན་དང་ལེན་དེ་རིམ་པⅢབར་མཐོ་རུ་གཏོང་རྒྱུ་དང་། སྔོན་དཔག་བྱས་ན་ཀུའེ་ཅང་གཙང་པོའི་ཀུའེ་ལིན་གཙང་པོའི་དུམ་བུའི་ཆུ་ཁ་དང་རྒྱུག་ཚད་དེ1958ལོར་དངོས་སུ་ཚད་ལེན་བྱས་པའི་དཔྱད་གཞི་ཚུན་གྱི་ཨང་དང་པོར་སླེབས་རྒྱུ་རེད། 

  • སྐབས30པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་འགྲེམ་སྟོན་ཚེས19ཉིན་མགོ་བརྩམས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔེ་དེབ་སྣ་ཁ་ཁྲི22འགྲེམ་སྟོན་བྱས་པའི་ནང་ཕྱི་རྒྱལ་གྱི་འགྲེམ་འཚོང་པ1050ཡོད། 

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་ཚན་ཆུང་གི་འགྲན་བསྡུར་དུས་མཚམས་ཀྱི་ཚན་ཆུང་ཁག་བགོས་ཀྱིས་རྒྱན་བླངས་པའི་འབྲས་བུ་ཡོངས་བསྒྲགས་བྱས་པ་དང་། ཀྲུང་གོའི་རུ་ཁག་གིས་ཧྥ་རན་སེའི་རུ་ཁག་དང་ཨ་རིའི་རུ་ཁག སེར་ཝུའེ་ཡ་རུ་ཁག་བཅས་དང་མཉམ་དུ་ཚན་ཆུང་བཙུགས་ཡོད། 

3.jpg

  • རང་རྒྱལ་གྱི་བཟོ་ལས་སྤྱོད་སྒོའི་ཉིང་རྡུལ་ནུས་པ་མཁོ་འདོན་བྱེད་པའི་རྣམ་གྲངས་ཐོག་མ་སྟེ།“ཞི་འཇམ་རྟགས་ཅན་དང་པོ(和气一号)” ཅང་སུའུ་ལེན་ཡུན་ཀང་དུ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་བརྩམས་པ་དང་། ལོ་རེར་ཕན་འབྲས་གཅིག་མཚུངས་ཀྱིས་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི107ཕྱིར་འབུད་བྱེད་ཐུབ། 

4.gif

  • འཛམ་གླིང་ཐོག་གི་ལྕོག་གསུམ་གཉིས་བརྒལ་གྱི་གཞུང་ལམ་གསེག་འཐེན་ཟམ་པ་སྟེ་ཧོང་མའོ་ཧའེ(黄茅海)ཟམ་ཆེན་ཧྲིལ་པོ་ཤར་གཏོང་ཐུབ་ཡོད། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཀྲུའུ་ཧའེ་ནས་ཅང་མོན་བར་སྐར་མ30ལས་འགོར་གྱི་མེད། 

  • ཅང་ཞི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཧུང་ལིར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་ཀྲུང་ཧྭ་ཞུན་ཉ་གློད་གྲངས་ཁྲི100ལས་བརྒལ་ནས་ལོ་རྒྱུས་ཀྱི་ལོ་འཁོར་གྱི་གློད་གཏོང་གཞི་ཁྱོན་ཆེས་ཆེ་ཤོས་ཡིན་པ་རེད། 

5.jpg

  • ཚན་ཞིབ་མི་སྣས་སི་ཁྲོན་གཡག་རྔ་ནས་ཧྥེང་ཞན་ཧྭ་ཁོའོ་ཧྥེང་ཞན་མེ་ཏོག(凤仙花科凤仙花)གི་ཁོངས་སུ་གཏོགས་པའི་རྩི་ཤིང་གི་རིགས་གསར་པ་ཞིག་ཤེས་རྟོགས་བྱུང་བ་དང་། ཤེས་རྟོགས་བྱུང་བའི་ཡུལ་དེར“ཞིན་ཅིང་ཧྥེང་ཞན་མེ་ཏོག(荥经凤仙花)”ཞེས་མིང་བཏགས་ཡོད། 

    སྲིད་ཇུས།  

  • མི་སྤྱི་པུ་སོགས་སྡེ་ཁག་གསུམ་གྱིས་སྲིད་ཇུས་དང་བྱེད་ཐབས་ཁག11བཏོན་ནས། མཐོ་རིམ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ལས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་ནང་། ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་བསྡུ་ལེན་དང་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྲིད་ཇུས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་པ་སོགས་ཚུད་ཡོད། 

  • པེ་ཅིང་གིས་ཉེན་ཡོད་ཐོག་ཁང་རྙིང་པ་བཤིག་ནས་བསྐྱར་སྐྲུན་བྱེད་པའི་ལག་རྩལ་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ཏེ། ཉེན་ཡོད་ཐོག་ཁང་བཤིག་ནས་བསྐྱར་སྐྲུན་བྱེད་པར་ངེས་པར་དུ་སྡོད་དམངས་དུད་ཚང་ནང་གི་བེད་སྤྱོད་རྒྱ་ཁྱོན་ཆུང་དུ་མི་འགྲོ་བ་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཧྲན་ཞིས(山西)མུ་འབྲེལ་ཚོང་དོན་འཁོར་རྒྱུག་ཁེ་ལས་ལ་ད་ཡོད་ཀྱི་ཡུལ་གྲོང་ཚོང་ལས་དང་སྡེ་བ་རིམ་པའི་དམངས་ཕན་ཚོང་ཁང་གི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་བྱས་ནས། ཞིང་སྤྱོད་དངོས་རྫས་དང་སྦྲག་སྲིད། མྱུར་སྐྱེལ་སོགས་ཀྱི་ཞབས་ཞུ་ཕུན་སུམ་ཚོགས་སུ་གཏོང་རྒྱུར་སྐུལ་ལྕག་བྱས་ཡོད། 

    དེ་རིང་གི་གནམ་གཤིས།

6.jpg

  • སུའུ་ཝན་ལྷོ་རྒྱུད་དང་ཧྲང་ཧའེ། ཀྲེ་ཅང་གི་དབུས་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཀུའེ་ཀྲོའུ་དབུས་ཤར་རྒྱུད། ཀོང་ཞིའི་བྱང་རྒྱུད་བཅས་དང་། དེ་བཞིན་ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་མཚོ་སྔོན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ་དང་། དེའི་ནང་ཅང་སུའུ་ཤར་ལྷོའི་རྒྱུད་དང་ཧུའུ་པེའི་ཤར་ལྷོའི་རྒྱུད། ཅང་ཞིའི་ནུབ་བྱང་རྒྱུད། ཧྲང་ཧའེ་ནུབ་རྒྱུད། ཀུའེ་ཀྲོའུ་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།