དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས།

2024-06-20 09:40:06   |   351

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།   


ཟླ6པའི་ཚེས19ཉིན། མཚོ་བྱང་ཁུལ་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་མཚོ་བྱང་ཁུལ་གྲོས་ཚོགས་ལྟེ་གནས་སུ་སློབ་མགོ་ཚུགས་ཤིང་། ཁུལ་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ལས་སྒྲུབ་ཚན་ཆུང་གི་ཀྲུའུ་རིན་ནམ་ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུ་པུ་ཀྲང་། ཏང་གི་སློབ་གྲྭའི་སློབ་གཙོ་སི་ཅི་ཧྲེང་སློབ་མགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།  

图片1.png

སི་ཅི་ཧྲེང་གིས་གསུང་བཤད་གནང་སྐབས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་ཐེངས་འདིའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེ་མཚོ་བྱང་ཁུལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས་པར་བསྟན་ལ། སློབ་མ་ཡོངས་ཀྱིས་ཐེངས་འདིའི་གཅིག་བསྡུས་གསོ་སྦྱོང་གི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས་སློབ་སྦྱོང་གསོ་སྦྱོང་གི་དགོས་གཏུག་གི་བསམ་པ་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་ཏན་ཏིག་གཏོང་དགོས་པ་དང་། ངོས་འཛིན་མཐོར་འདེགས་བྱས་ཏེ་“ཤེས་རྟོགས་ལག་ལེན་དུ་བསྟར་བའི་”ཆབ་སྲིད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ་“ལག་ལེན་ཁྲོད་ཞིབ་ཆར་སྣང་ཆེན་”བྱེད་པའི་བསམ་བློའི་རང་རྟོགས་བརྟན་པོར་འཛུགས་པ། སློབ་སྲོལ་ཡང་དག་བཟུང་ནས་“ཐོས་བསམ་མྱོང་རྟོགས་”བྱེད་པའི་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་བྱེ་བྲག་གི་བླང་བྱ་བཏོན།

图片2.png

 སློབ་མགོ་ཚུགས་པའི་མཛད་སྒོའི་ཐོག་སི་ཅི་ཧྲེང་གིས་གསོ་སྦྱོང་ནང་ཞུགས་མཁན་ཡོངས་ལ་༼སྒྲིག་ཁྲིམས་སློབ་པ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བའི་མིག་དཔེ་བརྩོན་ལེན་བྱེད་དགོས།༽ཞེས་པའི་སྒྲིག་ཁྲིམས་ཀྱི་ཏང་གི་སློབ་ཚན་དང་པོ་ཁྲིད། སློབ་ཚན་ནང་ཆབ་སྲིད་སྒྲིག་ཁྲིམས་དེ་ཏང་གི་སྒྲིག་ཁྲིམས་ཁག་གི་ཁྲོད་ཀྱི་རྩ་བའི་རང་བཞིན་གྱི་གནས་བབ་མངོན་གསལ་དོད་པོས་ནན་བཤད་བྱས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་“མདེལ་གཉིས་སྐར་གཅིག་”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན། 

图片3.png

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་ལ་དབྱེ་ནས་འཚོག་རྒྱུ་ཡིན་པ་དང་དུས་ཐེངས་རེའི་འཚོགས་ཡུན་ཉིན་གསུམ་ཡིན་ཞིང་གཅིག་སྡུད་སློབ་ཁྲིད་དང་། ཡུལ་དངོས་སློབ་ཁྲིད། གྱོད་དཔེ་དབྱེ་ཞིབ་སོགས་ཀྱི་རྣམ་པ་སྤྱད་དེ་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས་༼སྲོལ་ཡིག༽དང་ཟུང་འབྲེལ་གྱིས་ལས་བྱེད་ལས་བཟོ་པའི་རྣམ་གྲངས་དོ་དམ་དང་། ནོར་སྲིད་དང་དཔལ་འབྱོར་སྒྲིག་ཁྲིམས། སུས་འཇོན་དེ་འགུག་ཁྱབ་ཁོངས། གསང་སྲུང་སོགས་ཀྱི་ལས་ཀའི་ཁྲོད་གནས་པའི་ལྷུ་ཚིགས་ཞན་པ་དང་སྲིད་གཙང་ཉེན་ཁ་སོགས་ཀྱི་ནང་དོན་ལ་དོགས་གནད་སེལ་རོགས་དང་བྱ་ཐབས་ཁྲིད་དེ་དམར་ཐིག་གསལ་སྟོན་བྱ་རྒྱུ་རེད།      

图片4.png

 ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མང་ཚོགས་ཚོགས་པ་ཁག་གི་ཏང་ཙུའི་༼ཏང་ཨུ༽ཧྲུའུ་ཅི་དང་། རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཨུའི་༼ཏང་ཙུའུ།༽ཧྲུའུ་ཅི་དང་། མགོ་ཁྲིད་ཚན་ཁག་གི་ཁོངས་མི། ལས་བྱེད་པ་དར་གཞོན་ཕུལ་བྱུང་ཅན་དང་གཙོ་གནད་ལས་གནས་ཀྱི་མི་སྣ་བཅས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད།  


མཉམ་སྤྱོད།