དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག 【ཁག17པ།】

2024-06-20 10:18:23   |   399

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ལེའུ་བདུན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཕྱོགས་སྐོར།

དོན་ཚན་དོན་བདུན་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) ཏང་གི་རྩ་འཛུགས་ཀྱིས་བཞག་པའི་ཆོད་དོན་གལ་ཆེན་ལག་བསྟར་མི་བྱེད་པའམ་ཡང་ན་རང་དགར་འགྱུར་བ་བཏང་རིགས།

(གཉིས) གཞུང་དོན་གྲོས་མོལ་ལམ་སྲོལ་དང་འགལ་ནས་སྒེར་རམ་ཡང་ན་མི་ཉུང་ཤས་ཀྱིས་གལ་ཆེའི་གནད་དོན་ཐག་གཅོད་བྱས་རིགས།

(གསུམ) ཐུན་མོང་གིས་ཇུས་ཐག་གཅོད་པར་རྐང་བཙུགས་ནས་གཡོལ་ཐབས་བྱས་ནས་གལ་ཆེའི་དོན་རྩ་འགངས་ཆེན་དང་། ལས་བྱེད་པ་གལ་ཆེན་བསྐོ་འཐེན། ལས་གཞི་གལ་ཆེན་བཀོད་སྒྲིག་དང་མ་དངུལ་འབོར་ཆེན་བཀོལ་སྤྱོད་བཅས་གཏན་འཁེལ་བྱས་རིགས།

(བཞི) ཐུན་མོང་གིས་ཇུས་ཐག་གཅོད་པའི་མིང་ཐོག་ནས་ཐུན་མོང་ཐོག་སྒྲིག་འགལ་བྱས་རིགས།

དོན་ཚན་དོན་བརྒྱད་པ། འོག་རིམ་ཏང་རྩ་འཛུགས་ཀྱིས་གོང་རིམ་ཏང་རྩ་འཛུགས་ཀྱི་ཆོད་དོན་ལག་བསྟར་མི་བྱེད་པའམ་ཡང་ན་རང་དགར་འགྱུར་བ་བཏང་རིགས་ལ།  དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་དོན་དགུ་པ། ཏང་རྩ་འཛུགས་ཀྱི་ལས་བགོས་དང་། བཀོད་གཏོང་། སྤེལ་རེས་སོགས་ཀྱི་ཆོད་དོན་ལག་བསྟར་མི་བྱེད་མཁན་ལ་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།
དམིགས་བསལ་གྱི་དུས་སྐབས་སམ་ཡང་ན་ཛ་དྲག་གི་གནས་ཚུལ་འོག ཏང་རྩ་འཛུགས་ཀྱི་གོང་གསལ་གཏན་འབེབས་ལག་བསྟར་མི་བྱེད་མཁན་ལ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱད་ཅུ་པ། ཏང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ཁྲོད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དཔང་པོ་བྱེད་པའི་འོས་འགན་ཡོད་པའི་ཏང་ཡོན་གྱིས་དཔང་པོ་མི་བྱེད་པའམ་ཡང་ན་རྐང་བཙུགས་ནས་གནས་ཚུལ་རྫུན་ཞུ་བྱས་ན། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་གྱ་གཅིག་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུའི་གཏན་འབེབས་དང་འགལ་ནས་སྦ་གསང་གིས་གོང་ཞུ་མ་བྱས་པའི་རིགས།

(གཉིས) རྩ་འཛུགས་ཀྱིས་གླེང་མོལ་དང་ཡིག་ཐོག་འདྲི་རྩད་བྱེད་སྐབས་རྩ་འཛུགས་ལ་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མ་བྱས་པའི་རིགས།

(གསུམ) བླང་བྱ་ལྟར་སྒེར་གྱི་འགྲོ་ཕྱོགས་སྙན་སེང་མ་ཞུས་པའམ་ཡང་ན་སྙན་སེང་ཇི་མ་ཇི་བཞིན་མ་ཞུས་པའི་རིགས།

(བཞི) སྒེར་གྱི་ཡིག་ཚགས་དཔྱད་ཡིག་ཇི་མ་ཇི་བཞིན་མ་བྲིས་པའི་རིགས།

གོང་འཁོད་དོན་ཚན་ནང་གསེས་དོན་ཚན་གཉིས་པར་གཏན་འབེབས་བྱས་པའི་བྱ་སྤྱོད་ཡོད་རིགས་ཀྱིས་དུས་མཚུངས་སུ་རྩ་འཛུགས་ལ་གནས་ཚུལ་རྫུན་ཞུ་དང་དོན་དངོས་སྦ་གསང་བྱས་ན། སྲོལ་ཡིག་འདིའི་དོན་ཚན་རེ་གསུམ་པའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
སྒེར་གྱི་ཡིག་ཚགས་དཔྱད་ཡིག་བཟོ་བཅོས་དང་རྫུན་བཟོ་བྱས་རིགས་ལ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

ཏང་ནང་མ་ཞུགས་གོང་གི་ནོར་འཁྲུལ་ཚབས་ཆེན་སྦ་གསང་བྱས་རིགས་ལ་སྤྱིར་བཏང་ཐོ་ཁོངས་ནས་མིང་གསུབ་དགོས། ཏང་ནང་ཞུགས་ནས་ལོ་མང་པོ་སོང་ཐོག་ནམ་རྒྱུན་བསམ་སྤྱོད་ལེགས་པའམ་ཡང་ན་ལས་ཀའི་ཁྲོད་བྱས་རྗེས་མངོན་གསལ་དོད་པོ་བཞག་རིགས་ལ། ཐ་ཚིག་ནན་པོ་སྒྲོག་པ་དང་། ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།


མཉམ་སྤྱོད།