དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི” དྲིལ་སྒྲོག་བློ་འདྲི་ཉིན་མོའི་བྱེད་སྒོ་སྤེལ།

2024-06-20 15:55:25   |   693

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འཚེ་འགོག་སེལ་གྱི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། བདེ་འཇགས་འགན་ལེན་དང་། བརྟན་ལྷིང་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ཆབ་སྲིད་འགན་འཁྲི་བློ་ཐག་ཆོད་པས་ཁུར་དུ་བླངས་ཤིང་། སྤྱི་དམངས་ཀྱི་བདེ་འཇགས་སྤུས་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། རྐང་ཚ་རྫོང་གིས2024ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བའི”དྲིལ་སྒྲོག་བློ་འདྲི་ཉིན་མོའི་བྱེད་སྒོ་སྤེལ།  རྫོང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་ཁག་དང་། འབྲེལ་ཡོད་ཁེ་ལས། རྫོང་ནང་ཁུལ་གྱི་མང་ཚོགས་བཅས་བྱེད་སྒོའི་ཁྲོད་ཞུགས། 

1.png

ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོའི་ཁྲོད། ཁོངས་མིའི་ལས་ཁུངས་ཁག་གིས“མི་ཚང་མས་བདེ་འཇགས་ལ་དོ་སྣང་དང་། འཚུབ་བསྟུན་ཤེས་པ།  ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་ཐུབ་པ”ཞེས་པའི་བརྗོད་བྱར་དམ་པོར་དམིགས་ཏེ། ཡུལ་དངོས་སུ་དྲིལ་སྒྲོག་འགྲེམ་བྱང་བསླངས་ཤིང་། བློ་འདྲིའི་སྟེགས་བུ་བསྐྲུན་པ། དྲིལ་སྒྲོག་སྦྱར་ཡིག་བཀལ་བ། དྲིལ་སྒྲོག་ལག་དེབ་བྱིན་པ། དྲིས་ལན་ཐོབ་པར་བྱ་དགའ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ལ་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་། བདེ་འཇགས་ཀྱི་རྒྱུན་ཤེས་དྲིལ་སྒྲོག་བྱས་པ་མ་ཟད།   སྤྱི་དམངས་ཀྱི་དོགས་གཞིའི་དྲི་བར་ལན་བཏབ་པ་དང་། ཉེན་ཁ་གཡོལ་བ་དང་རང་སྐྱོབ་གཞན་སྐྱོབ་སོགས་མྱུར་སྐྱོབ་ཀྱི་བྱ་ཐབས་སྤྱད་བསླབས་ཤིང་། ཁྱོན་དྲིལ་སྒྲོག་དེབ900ལྷག་ཙམ་དང་། འཕྲེད་དར98བཀལ་བ་དང་། དྲིལ་སྒྲོག་ཡིག་ཆ1500ལྷག་ཙམ་བཅས་སྤྲད།

2.png

རྗེས་མར། རྐང་ཚ་རྫོང་གིས“བདེ་འཇགས་ཐོན་སྐྱེད་ཟླ་བའི” ལས་དོན་བཀོད་སྒྲིག་གཞིར་བཟུང་སྟེ། བདེ་འཇགས་ཐོན་སྐྱེད་ཟླ་བའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་གོ་སྐབས་སུ་བྱས་པ་དང་བསྟུན། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་དུ་མི་གཏོང་བའི”འགན་འཁྲིའི་འདུ་ཤེས་དང་“བྱ་བ་ཡོད་ཚད་ཡིད་ལ་ངེས་པའི”འདུ་ཤེས་སྐྱེད་དེ།  བདེ་འཇགས་ཐོན་སྐྱེད་ཀྱི་གནད་འགག་བཅོས་སྒྲིག་གི་ལོ་གསུམ་གྱི་ཆེད་དོན་བཅོས་སྒྲིག་བྱ་འགུལ་སོགས་རབ་དང་རིམ་པ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ།


མཉམ་སྤྱོད།