དེ་རིང་ནི2025ལོའི་ཟླ06པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-21 07:22:22   |   399

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།  


གསར་འགྱུར་གལ་ཆེན།

1.jpg

  • ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཚུལ་ནན་གྱིས་བསྟན།

2.jpg 

  • ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཞིང་། ཁོང་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥེང་ཆུས་ལྕགས་རི་རིང་པོའི་མེ་ཏོག་ལྡུམ་རའི་སྡེ་ཁུལ་དུ་ཕེབས་ནས། སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་དམངས་ཕན་ཞབས་ཞུ་ལེགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་། 

  • ཟླ6ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024འཛམ་གླིང་རིག་ནུས་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། 

  • ཟླ6ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལི་ཉི་ཏ(特立尼达)དང་ཐོ་པ་ཀོའི(多巴哥)ཙུང་ཐུང་ཁན་ཅ་ལུའུ་དང་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ཡིས་ཟླ6ཚེས22ནས་ཚེས26ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ཟླ་ལྔ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར602བཏང་བ་དེ་དུས་མཚུངས་ལས16.3%འཕར་ཡོད། 

  • 2024འཛམ་གླིང་རིག་ནུས་ཐོན་ལས་དངོས་མང་བཤམས་སྟོན་ཚོགས་འདུའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་མི་ཐབས་རིག་ནུས་ཁེ་ལས་ཀྱི་གྲངས་འབོར4500ལས་བརྒལ་ཡོད་པ་རེད། 

  • 2024ལོའི་མཐོ་རྒྱུགས་ཀྱི“སྤྲིན་བློ་འདྲིའི་གཟའ་འཁོར”གྱི་བྱེད་སྒོ་དེ་ཟླ6ཚེས22ནས་ཚེས28ཉིན་བར་སློབ་གསོ་པུའི“ཉི་འོད་མཐོ་རྒྱུགས་ཆ་འཕྲིན་ལས་སྟེགས”སུ་སྤེལ་རྒྱུ་རེད། 

  • ཚེས20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཨ་རིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་དང་དྲང་ནན་གྱི་སྐད་ཆ་ཤོད་རེས་བྱས་པར་མི་བལྟ་བར་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་སླར་ཡང་མཚོན་ཆ་བཙོངས་པར། ཀྲུང་གོ་ཕྱོགས་ཀྱིས་རྒོལ་གཏམ་དྲག་པོ་གཏོང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད། 

  • ཀྲུང་གོ་དང་མ་ལེ་ཞི་ཡས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་རིང་དུ་གཏོང་རྒྱུ་དང་། 2025ལོའི་ལོ་མཇུག་བར་གཉིས་ཕན་གྱི་བཀོད་སྒྲིག་ཏུ་བརྩིས་ནས། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས2026ལོའི་ལོ་མཇུག་བར་རིང་དུ་གཏོང་རྒྱུའི་མོས་མཐུན་བྱས་ཡོད།

     སྤྱི་ཚོགས། 

  • དེ་རིང་ནས་ཚེས24ཉིན་བར། ཧོང་ཧོའེ་ལྷོ་རྒྱུད་དང་ཅང་ཧོའེ། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་སོགས་སུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་སྔ་རྗེས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་རེད། 

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས20ཉིན་གྱི་ཐོ་རེངས་སུ་ཀུའེ་ཅང་གཙང་པོའི་གཞུང་ཆུའི་སྟོད་རྒྱུད་ཀུའེ་ལིན་གཙང་པོའི་དུམ་བུར་དངོས་སུ་ཚད་ལེན་བྱས་པའི་དཔྱད་གཞི་ཐོན་ཚུན་གྱི་ཆུ་ལོག་ཆེས་ཆེ་ཤོས་བྱུང་ཞིང་། ཉིན་དེའི་ས་སྲོད་དུ་ཀུའེ་ཅང་གཙང་པོའི་ཀུའེ་ལིན་གཙང་པོའི་དུམ་བུར་ཆུ་ལོག་བྱུང་ནས་ལྷོད་ཡོད། 

  • ཚེས20ཉིན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས《གློག་རྡུལ་གྱི་རིན་གོང་རྩིས་རྒྱག་གཡོ་ལས་བྱེད་པ་གཏན་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས(བསམ་འཆར་བསྡུ་ལེན་མ་ཟིན)》ཁྱབ་བསྒྲགས་བྱས་ནས“རྒྱ་མ་མི་འདང་བའི”གནས་ཚུལ་བཀག་འགོག་བྱས། 

  • ཚེས20ཉིན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་དབྱིན་ཁྲོན་གྲོང་ཨུའི་དེ་སྔའི་ཧྲུའུ་ཅི་ཅང་ཀྲི་ཀང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས། 

3.jpg

  • ཚེས20ཉིན། རྒྱལ་ཁབ་རིག་དངོས་ཅུས་ཀྲེ་ཅ་ཀོ་སློབ་ཆེན་དཔེ་མཛོད་ཁང་གིས་ཀྲུང་གོ་ཕྱོགས་ལ་རྩིས་སྤྲོད་བྱས་པའི་མདེའུ་དང་དར་གོས་ཀྱི་དཔེ་དེབ་ཨ་རིར་བརྒྱུད་བཤུག་བྱས་པའི་དངོས་དཔང་དང་ལེན་བྱས། 

  • རྒྱལ་ཁབ་དུག་འགོག་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་སུ་དུག་རྫས་ཉེས་གསོག་གྱོད་གཞི་ཁྲི4.2རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་ཁྲི6.5འཛིན་བཟུང་བྱས་ཡོད། 

4.jpg

  • ཉེ་ཆར་རང་རྒྱལ་གྱི་ས་མཚམས་སྒྲོལ་བའི་མི་མེད་སྐྱེལ་འདྲེན་བགྲོད་ལམ་ཐོག་མ་དེ་ནང་སོག་ཏུ་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་ཡོད།

5.jpg 

  • ཚེས20ཉིན། རང་རྒྱལ་གྱི་རྡོ་གཡམ་སྣུམ་གྱི་ཆུ་ཤུགས་གནོན་གས་ཚོད་ལྟ་བྱ་ཡུལ་ཐོག་མ་དེ་ཀན་སུའུ་ཆིང་དབྱང་ཆིང་ཁྲེང་སྣུམ་ཞིང་དུ་དངོས་སུ་བསྐྲུན་ཚར་ཡོད། 

6.jpg

  • ཅང་སུའུ་ཝུའུ་ཞིའི་བུ་མོ་ཞིག་ཐོ་རེངས་སུ་གླ་གཏོང་རླངས་འཁོར་དུ་བསྡད་དེ་ཐའེ་ཧུའུ་མཚེའུ་འགྲམ་དུ་བབས་པ་དང་། ཁ་ལོ་བ་ལིའུ་ལགས་ཀྱིས་བློ་བདེ་པོ་མ་བྱུང་བར་རླངས་འཁོར་ལས་བབས་ནས་ལྟ་ཞིབ་བྱེད་སྐབས། བུ་མོ་མཚེའུ་ཡི་དཀྱིལ་དུ་འགྲོ་བཞིན་ཡོད་པ་མཐོང་བས། དགེ་རྒན་ལིའུ་ལགས་ཀྱིས་ནུས་ཤུགས་ཡོད་རྒུས་བུ་མོ་དེ་མཚོ་འགྲམ་དུ་བསྐྱབས། 

    སྲིད་ཇུས། 

  • དམངས་སྲིད་པུས2025ལོར་སླེབས་སྐབས། རྫོང(གྲོང་ཁྱེར་དང་ཆུས། ཆི)རེར་ཉུང་མཐར་ཡང་ནུས་ཤོར་ལྟ་སྐྱོང་གཙོ་བོར་བྱེད་པའི་རྫོང་རིམ་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་གསོ་སྐྱོང་ཞབས་ཞུའི་སྒྲིག་གཞི་གཅིག་ཡོད་དགོས་པ་ཁ་གསལ་བཏོན་ཡོད། 

  • ཀོང་ཞིས་ཆུས་དང་གྲོང་ཁྱེར་དུ་ཆུ་ཚོད24རིང་གི་སེམས་ཁམས་རོགས་སྐྱོར་ཁ་པར་འཛུགས་དགོས་པའི་བླང་བྱ་བཏོན་ཡོད། 

  • ཧེ་ལུང་ཅང་གིས་ཞིང་ཆེན་གྱི་ཆེད་ཁེའི་གསེར་གྱི་བྱ་དགའ་དང་དངུལ་གྱི་བྱ་དགའ། ཕུལ་བྱུང་བྱ་དགའ་བཅས་ཐོབ་མཁན་གྱི་བདག་དབང་འཛིན་མཁན་ལ་སོ་སོར་སྒོར་ཁྲི30དང་སྒོར་ཁྲི10དང་། ཁྲི5བཅས་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད། 

    དེ་རིང་གི་གནམ་གཤིས།

7.jpg

  •  ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་ནང་སོག་གི་བྱང་ཤར་རྒྱུད། ཧོ་ནན་ལྷོ་རྒྱུད། ཨན་ཧུའེ་དབུས་བྱང་རྒྱུད། ཧུའུ་པེའི་དབུས་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲུང་ཆིང་གི་དབུས་ལྷོ་རྒྱུད། སི་ཁྲོན་ལྷོ་རྒྱུད། ཀུའེ་ཀྲོའུ་བྱང་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་སུའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་ནས་དྲག་ཆར་འབབ་ཀྱི་ཡོད་པ་དང་། དེའི་ནང་ཧུའུ་པེའི་བྱང་ཤར་རྒྱུད་དང་། ཁྲུང་ཆིང་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།