དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་འགྲན་སྡུར་ཆེན་མོའི་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་གནང་བའི་རིག་རྩལ་དགོང་ཚོགས་འཚོགས།

2024-06-21 11:32:50   |   330

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ6པའི་ཚེས19ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་། ཞ་མོན་སློབ་ཆེན་གྱི་ཁོར་ཡུག་དང་སྐྱེ་ཁམས་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁོར་ཡུག་ཐོན་ཁུངས་སློབ་གླིང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་བཅས་ཀྱིས་མཉམ་སྒྲུབ་བྱས་པའི་སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་འགྲན་སྡུར་ཆེན་མོའི་མཇུག་སྒྲིལ་མཛད་སྒོ་དང་བྱ་དགའ་སྤྲོད་པའི་རིག་རྩལ་དགོང་ཚོགས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་འཚོགས།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཞུགས་ཏེ་བྱེད་སྒོ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན་ཀྲང་ཧྲིང་ཡོན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཧོང་ཧྲི་ཧི་དང་། ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་ཀན་ཁྲང་ཧྥུ་བཅས་ཀྱིས་ཤིས་ཚིག་ཕུལ། རྟིང་རྩོད་དཔྱད་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཀོང་ཧྲེང་གིས་འགྲན་ཞུགས་བརྩམས་ཆོས་ལ་དཔྱད་བརྗོད་བྱས། ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད་ཀྱིས་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་མཁན་དང་། ཕུལ་བྱུང་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གཟི་བརྗིད་དཔང་རྟགས་དང་བྱ་དགའི་དངུལ་སྤྲད། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཐེབས་རྩ་ཚོགས་པ་དང་ཞ་མོན་སློབ་ཆེན་གྱི་བློ་རིག་དང་ལྗང་མདོག་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཞ་མོན་སློབ་གྲྭ་ཆེན་མོའི་ཁོར་ཡུག་དང་སྐྱེ་ཁམས་སློབ་གླིང་བཅས་ཀྱིས་འགྲན་སྡུར་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་གློག་འཕྲིན་བཏང་།

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་འབུལ་སྐབས་ཐོག་མར་ཞིང་ཆེན་སློབ་གསོ་ཐིང་དང་། ཞིང་ཆེན་ཚན་རྩལ་ཐིང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱིས་མཚོ་བྱང་གིས་ད་ཐེངས་ཀྱི་བྱེད་སྒོ་འགན་སྒྲུབ་བྱེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བྱེད་སྒོར་ཞུགས་པའི་མཐོ་རིམ་སློབ་གྲྭའི་དགེ་སློབ་ཁག་ལ་འཚམས་འདྲི་གནང་བ་དང་། བྱ་དགའ་ཐོབ་པའི་འགྲན་ཞུགས་དཔུང་སྡེ་དང་འགྲན་ཞུགས་པར་བཀྲ་ཤིས་བདེ་ལེགས་ཞུས་རྗེས། མཚོ་བྱང་ནི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལྟེ་བའི་ས་ཁོངས་ཡིན་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་འབྱུང་ཡུལ་ཡིན་པས་རང་བྱུང་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཀྱི་ལེགས་ཆ་ལྡན་པའི་སྐོར་ངོ་སྤྲོད་བྱས།  ཁོང་གིས་བསྟན་དོན། ཐེངས་འདིའི་འགྲན་སྡུར་ཁྲོད་མཐོ་རིམ་སློབ་གྲྭ་ཆེན་མོའི་དགེ་སློབ་ཚང་མས་དེང་རབས་ཀྱི་སློབ་ཆེན་སློབ་མས་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་ཐད་ཀྱི་ཐུན་མོང་མ་ཡིན་པའི་མྱོང་ཚོར་དང་། བརྩོན་ལེན། འཚོལ་ཞིབ་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་ཕྱིར་མངོན་ཡོད་པས། འགྲན་སྡུར་གྱིས་སློབ་སྦྱོང་ལ་སྐུལ་འདེད་དང་། འགྲན་སྡུར་གྱིས་སློབ་གསོར་སྐུལ་འདེད། འགྲན་སྡུར་གྱིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་འགྲུབ་ཡོད་ཅིང་། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྤྲོ་སྣང་འཕེལ་བར་བྱས། རེ་བ་ནི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་ལ་མུ་མཐུད་དུ་དགའ་ཞེན་བྱེད་པ་དང་། ཚན་རིག་ཞིབ་འཇུག་བྱ་གཞི་དང་ཚོད་ལྟ་ཁང་གི་ཤེས་བྱ་དེ་སྐྱེ་ཁམས་སྲུང་སྐྱོང་གི་འཐབ་ཕྱོགས་དང་པོའི་ལག་ལེན་ཁྲོད་ཁྲིད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་རིགས་ཁག་ཏུ་ཁྲིད་དེ་གནས་བཞིའི་འཛུགས་སྐྲུན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་གཞོན་ནུའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཞེས་བཤད།

ཧོང་ཧྲི་ཧི་ཡིས་བསྟན་དོན། སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་ཀྱི་འགྲན་སྡུར་བདེ་བླག་ངང་སྤེལ་བ་ནི་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭས་ཧུར་ཐག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་བྱེད་པའི་བྱེ་བྲག་གི་ལག་ལེན་ཞིག་ཡིན་ལ། ན་གཞོན་སློབ་མའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་སྐྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྔར་བས་གཏོད་ཆེད་མཐོ་རིམ་སློབ་གྲྭའི་སྟོབས་ཤུགས་དང་ལང་ཚོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད། ཐེངས་འདིའི་འགྲན་སྡུར་ལ་བརྟེན་ནས་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་བློ་སྒོ་འབྱེད་རེས་བྱས་པ་དང་། སྐྱེ་ཁམས་རིག་གནས་དང་ཚན་རྩལ་གསར་གཏོད་ཀྱི་མེ་སྟག་ཕྱུར་ཡོད་ལ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུའི་ཁྲོད་ཀྱི་སྐར་མར་འོད་ཆེན་ལྟ་བུར་འགྱུར་ངེས་ཡིན། དེ་ཡིས་མཚོ་སྔོན་གྱི་རི་ཀླུང་དང་རྩྭ་ཐང་མཛེས་པར་སྤྲས་ནས་མ་འོངས་པའི་འཚོ་བར་སྣེ་ཁྲིད་བྱེད་ངེས་ཞེས་བཤད།

ཤེས་རྟོགས་བྱུང་བ་ལྟར་ན། ཟླ6པའི་ཚེས16ཉིན་འབྲེལ་ཡོད་མགོ་ཁྲིད་དང་དཔྱད་འདེམ་པ། འགྲན་ཞུགས་སོགས་ཀྱིས་མཚོ་སྔོན་པོའི་མཐོན་པོ་སྒང་ཕྱི་རོལ་རྟེན་གཞིར་རྟིང་རྩོད་མགོ་རྩོམ་པའི་མཛད་སྒོ་གཟབ་རྒྱས་ངང་འཚོགས། དེའི་རྗེས་ནས། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ8ཀྱི་འགྲན་སྡུར་ཚོགས་པ31 དང་ཞིང་ཆེན་ཕྱི་ནང་གི་ཞིབ་དཔྱད་ཆེད་མཁས་པ་མཚོ་བྱང་ཁུལ་གྱི་དགོ་དམར་ཞིབ་འཇུག་སློབ་གསོའི་རྟེན་གཞི། ཁེ་རམ་ཐང་། བྱེ་མ་ལ་བདུན། མཚོ་སྔོན་པོའི་མཐོན་པོ་སྒང་ཕྱི་རོལ་རྟེན་གཞི་བཅས་སུ་སོང་སྟེ་དུས་ཡུན་ཉིན་གཉིས་རིང་ལ་འཚོལ་སྡུད་བྱས། རྟིང་རྩོད་འགྲན་སྡུར་ཁྲོད། འགྲན་ཞུགས་རུ་ཁག་སོ་སོས་འགྲན་སྡུར་གྱི་བརྗོད་བྱ་གཙོ་བོ་སྟེ། “སྐྱེ་ཁམས་སྲུང་སྐྱོབ་གསར་གཏོད་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱེད།”ཅེས་པ་ལ་དམ་པོར་དམིགས་ཏེ་འགྲན་སྡུར་བྱས་པ་དང་། བརྩམས་ཆོས་འགྲེམ་སྟོན་དང་ཡུལ་དངོས་དམ་བཅའ་སོགས་ལ་བརྟེན་འགྲན་རྩོད་བྱས་པ་དང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པས་དྲང་གཞག་དང་། ཡོངས་བསྒྲགས། དྲང་བདེན་བཅས་ཀྱི་དཔྱད་བཤེར་བྱས་པ་བརྒྱུད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་“ཡུས་ཆིན”ཚོགས་པ་དང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི“གཡུ་མདོག་མེ་སྟག”ཚོགས་པ་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི“སྤྱན་གསལ”ཚོགས་པ་དང་། མཚོ་སྔོན་སློབ་ཆེན་གྱི་“ཚྭ་མཚོའི་ཐོན་ཁུངས་ཕྱོགས་སྒྱུར”ཚོགས་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི“གངས་ལྷ་མེ་ཏོག” ཚོགས་པ་བཅས་ལ་སོ་སོར་སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཆིངས་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་སློབ་གསོ་དང་། ཚན་རྩལ་ཚོད་ལྟ་དང་། ཚན་རྩལ་དངོས་གྲུབ། འགྲེལ་བཤད་རིགས་བཅས་རྣམ་གྲངས5ཡི་ཨང་དང་པོ་ཐོབ། དབྱིན་པོ། ལིའུ་པིན་ཞིན། ཀྲོའོ་ཝེ། སུང་མན། རུའུ་ཞིའུ་ཕིང་། ཨན་ཡུས་མིའོ་བཅས་ལ་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་ཐོབ།

12.jpg

མཚོ་བྱང་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་། དེ་སྔའི་ཅང་ནན་སློབ་ཆེན། པེ་ཅིན་ནགས་ལས་སློབ་ཆེན། ཞ་མོན་སློབ་ཆེན། ནན་ཅིན་སློབ་ཆེན་བཅས་ཀྱི་དགེ་རྒན་ཆེན་མོ། ཞིང་ཆེན་སློབ་གསོ་ཐིང་དང་མཐོ་རིམ་སློབ་གྲྭ་ཁག་གི་འབྲེལ་ཡོད་འགན་ཁུར་བ། འགྲན་སྡུར་རུ་དཔུང་ཁག་གི་རུ་མི་དང་དེ་བཞིན་མཛུབ་ཁྲིད་དགེ་རྒན་དང་། མཚོ་བྱང་ཁུལ་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་སློབ་མའི་འཐུས་མི་བཅས་ཁྱོན་མི 500 ལྷག་ཙམ་མཇུག་སྒྲིལ་མཛད་སྒོར་ཞུགས།


མཉམ་སྤྱོད།