དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-24 07:28:10   |   2323

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་ཧོང་ཧེའུ་ཧེ(黄淮海)སོགས་གཙོ་གནད་ས་ཁུལ་གྱི་གྲོ་བརྔ་བསྡུ་མཇུག་སྒྲིལ་ལ་ཉེ་བ་དང་། ཞིན་ཅང་དང་ཀན་སུའུ་ཡི་དགུན་གྲོ་བསྡུ་བཞིན་པའི་སྒང་ཡིན།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་སུ་རྒྱལ་ཁབ་གསོ་རིག་ལྟེ་གནས་རིགས13དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས125འཛུགས་སྐྲུན་བྱེད་པའི་རྣམ་གྲངས་ལག་བསྟར་དོན་འཁྱོལ་བྱུང་ཡོད་ཅིང་། དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞིའི་འཛུགས་སྐྲུན་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད།

  • རང་རྒྱལ་གྱིས་བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་གཏོང་བའི་ཇུས་གཞི་བཏོན་ནས་ཟླ་བ་གཉིས་སོང་རིང་། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)24ཡིས་ཞིབ་ཕྲའི་ལག་བསྟར་སྒྲིག་སྲོལ་བཏོན་ཏེ། ཁེ་ལས་ཀྱིས་ཐོན་སྐྱེད་སྒྲིག་ཆས་གསར་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས།

  • ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུས་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་སྐོར་གྱི《ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་གདེང་འཇོག་བྱེད་པའི་ལག་རྩལ་མཛུབ་ཁྲིད་སྒྲིག་སྲོལ》ཐོག་མར་ཁྱབ་བསྒྲགས་བྱས་ཤིང་། མྱུར་བགྲོད་གཞུང་ལམ་དང་། རིམ་པ་དང་པོའི་གཞུང་ལམ། རིམ་པ་གཉིས་པའི་གཞུང་ལམ་སོགས་འཛུགས་སྐྲུན་རྣམ་གྲངས་ཐད་དེ་མཚུངས་ཀྱི་ཁོར་ཡུག་གདེང་འཇོག་གི་ཚད་ལྡན་བླང་བྱ་བཏོན་ཡོད།

  • འགག་སྒོའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར། བྱང་ཤར་ས་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་ལས་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར5160.6ཟིན་པ་དང་། དེའི་གཞི་ཁྱོན་གྱིས་དུས་མཚུངས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བརྒལ་ཡོད་ཅིང་། དུས་མཚུངས་ལས4.5%འཕར་ཡོད། 

  • རང་རྒྱལ་གྱི་མཚོ་ཐོག་གི་རང་གཉེར་སྣུམ་ཞིང་ཆེ་ཤོས་ཏེ། སུའེ་ཀྲུང36-1སྣུམ་ཞིང་གིས་རིམ་རྩིས་བྱས་ན་མ་བཅོས་རྡོ་སྣུམ་ཏུན་དུང་ཕྱུར1ལས་བརྒལ་བ་ཐོན་སྐྱེད་བྱས་པ་དང་། རང་རྒྱལ་གྱི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ཏུན་དུང་ཕྱུར1ལས་བརྒལ་བའི་མཚོ་ཐོག་སྣུམ་ཞིང་དང་པོར་གྱུར་ཡོད།

    1.png

  • ཚེས23ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་བསྐྱར་སྤྱོད་རང་བཞིན་གྱི་སྤྱི་ལེ10རིམ་པའི་དྲང་འཕྱང་འཕུར་སྐྱོད་ཚོད་ལྟ་ལེགས་འགྲུབ་བྱུང་།

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཉེན་བརྡ་བཏང་བ་ལྟར་ན། ཚེས23ཉིན་གྱི་ཆུ་ཚོད20ནས་ཚེས24ཉིན་གྱི་ཆུ་ཚོད20བར། ཀྲེ་ཅང་དང་། ཅང་ཞི། ཧུའུ་ནན་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་སྲིད།

  • ཚེས23ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བརྡ་ཁྱབ་བཏང་བ་ལྟར་ན། ཀྲུན་ཀྲོའུ་ཀོན་ཁྲེང་ཡུས་ཧྥེང་སྨན་ཁང(郑州管城豫丰医院)དང་ཀྲོའུ་ཁོའུ་གྲོང་ཁྱེར་གྱི་ཧྲང་ཧྲུའེ་ཆིང་ཁང་སྨན་ཁང(商水庆康医院)ལ་སྨན་བཅོས་འགན་བཅོལ་ཐད་མགོ་སྐོར་གཏོང་བའི་དོགས་གཞི་ཡོད་པ་ཐོག་མར་ཤེས་རྟོགས་བྱུང་། ད་ལྟ་ས་གནས་ཁོངས་གཏོགས་སྨན་བཅོས་འགན་བཅོལ་སྡེ་ཚན་ལ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱས་ཟིན།

  • ཚེས23ཉིན་གྱི་ཆུ་ཚོད8པར་ཞའོ་ལང་ཏིའི་ཆུ་བེད་ལྟེ་གནས(小浪底水利枢纽)ཀྱི་ཆུ་སྒོ2ཀྱི་ཁ་ཕྱེས་ཏེ་སྨད་རྒྱུད་ཀྱི་འཕྲལ་སྡོམ་ཐན་འགོག་ལ་ཆུ་འདྲེན་པར་སྤྱད། ཆུ་འབུད་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི2600བར་དུ་འཕར་ཡོད།          

    2.jpg

  • ཚེས22ཉིན་སྤེལ་བའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་ཐོབ་ཐང་རྩོད་པའི་མུ་འབྲེལ་འགྲན་སྡུར་གྱི་སེ་པུ་ཏ་ཕེ་སིའི་ས་ཚིགས་ཀྱི་འགྲན་སྡུར་ནང་ཀྲུང་གོའི་བྲག་འཛེག་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་པའི་མིང་ཐོའི་བགོ་སྐལ་བཞི་བླངས། རྣམ་གྲངས་ཚང་མ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་དངོས་ནང་ཚུད་ཡོད།

3.png

  • ཉིན་ཤས་གོང་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས(海淀区)ཆུ་དོན་ཅུའི་ཆུའི་སྐྱེ་ཁམས་བདེ་ཐང་ལྟ་ཞིབ་ཚད་ལེན་ཚོགས་པས་ཧྲང་ཀྲོང་ཆུ་མཛོད་ཀྱི་འགྲམ་དུ་ཧ་ཅང་སྟོངས་ལ་ཉེ་བའི་སྲོག་ཆགས་ཏེ་ངྷི་པན་ཆིན(低斑蜻)རྙེད།

  • ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་གསའ་ཡི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། མིག་སྔར་རང་རྒྱལ་གྱི་གསའ་ཡི་རིགས་ཁྱུའི་ཁ་གྲངས5000ཙམ་ཟིན་ཡོད།

  • ཡུན་ནན་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་དོན། དྲ་དཔོན5ལ་མགོ་སྐོར་གཏོང་བའི་དོགས་གཞི་ཡོད་པས་འཛིན་བཟུང་བྱས་པ་དང་མིག་སྔར་ཉེས་གསོག་གི་ཁུངས་སྣེ་བསྡུ་རུབ་བྱེད་བཞིན་ཡོད།

  • ཚེས22ཉིན་ཞང་ཀང་འགག་སྒོ་ལས་ཁུངས་ཀྱིས་དུག་རྫས་སྤྱི་རྒྱ36ཙམ་རྩད་ཆོད། ཚོད་དཔག་བྱས་ན་ཁྲོམ་རའི་རིན་ཐང་ཞང་ཀང་གི་སྒོར་མོ་ཁྲི2800ཙམ་ཡིན་པ་དང་མི3འཛིན་བཟུང་བྱས།

    སྲིད་ཇུས།

  •    ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་སྒྲུབ་སྐབས། སྲིད་དོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བརྒྱུད་ནུས་ལྡན་གྱི་ཆ་འཕྲིན་རག་ཐབས་བྱེད་པའམ་ཡང་ན་མི་སྒེར་གྱི་ཁས་ལེན་ལག་བསྟར་བྱེད་ཐུབ་མཁན་ལ་མང་ཚོགས་ཀྱིས་ར་སྤྲོད་ཡིག་ཆ་བསྐྱར་ཟློས་ཀྱིས་མཁོ་འདོན་བྱ་མི་དགོས།

  • སི་ཁྲོན་གྱིས་བྱེད་ཐབས་བཏོན་པ་སྟེ། ཀྲུང་གོའི་ཞབས་ཞུའི་ལས་རིགས་ཁེ་ལས་སྟོབས་ཆེན500དང་ཀྲུང་གོའི་ཞབས་ཞུའི་ལས་རིགས་ཀྱི་དམངས་གཉེར་ཁེ་ལས་སྟོབས་ཆེན100ཡི་ནང་ཚུད་པའི་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་སྐུལ་ལྕག་བྱ་དགའ་སྒོར་ཁྲི500སྤྲོད་རྒྱུ་རེད།

  • ཧྲའན་ཞི་ཡིས་བསམ་འཆར་བསྡུ་ལེན་བྱས་པ་སྟེ། བཟོ་ལས་ཆ་འཕྲིན་པུས་ཐོག་མར་ངོས་འཛིན་བྱས་པའི་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་ལས་གླིང་ཁུལ་ལ་མཐོ་ཤོས་ལ་སྒོར་ཁྲི100ལས་མི་བརྒལ་བའི་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཅང་ནན་གྱི་དབུས་བྱང་རྒྱུད་དང་ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཧེ་ནན་གླིང་ཕྲན་གྱི་ས་ཁུལ་ཁ་ཤས་བཅས་སུ་ཆར་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། ཧུའུ་ནན་གྱི་དབུས་བྱང་རྒྱུད་དང་། ཅང་ཞིའི་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཀྱི་ཤར་རྒྱུད། ཀོང་ཞིའི་ལྷོ་རྒྱུད། ཧེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། དེའི་ནང་ཧུའུ་ནན་གྱི་ནུབ་རྒྱུད་དང་། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་མང་ཆེ་བར་དྲག་ཆར་འབབ་རྒྱུ་རེད། ཅང་ཞིའི་བྱང་རྒྱུད་དང་ཀྲེ་ཅང་གི་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།