དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་མཐོ་རྒྱུགས་ཀྱི་རེ་མདུན་རེའུ་མིག་ཐོ་འགོད་བྱེད་ཐབས།

2024-06-24 09:37:44   |   1782

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་མཐོ་རྒྱུགས་ཀྱི་རེ་མདུན་རེའུ་མིག་ཐོ་འགོད་བྱེད་པའི་དུས་ཚོད་དང་བྱེད་ཐབས་ཕྱོགས་བསྡུས། 

ས་གནས་ཁག་གི་མཐོ་རྒྱུགས་ཀྱི་རེ་མདུན་རེའུ་མིག་ཐོ་འགོད་བྱེད་ཐབས།

2024ལོའི་མཐོ་རྒྱུགས་ཀྱི་རེ་མདུན་རེའུ་མིག་ཐོ་འགོད་བྱེད་པའི་དུས་ཚོད་དང་བྱེད་ཐབས་ཕྱོགས་བསྡུས་ལ་བལྟ་ན་རྩ་གཉིས་ཨང་བཤེར་བརྒྱུད་ནས་ལྟོས།

图片1.png

སློབ་གྲྭ་དང་ཆེད་ལས་ལ་རྒྱུས་ལོན་དང་།    སློབ་ཆེན་རྫུན་མ་ལས་ལ་གཟབ་དགོས།   

2024ལོའི་ཆེད་ལས་དཀར་ཆག་ལ་གཞིགས་ན། ད་ལོ་ཁྱོན་སྡོམ་ཆེད་ལས་རིགས་93དང་དངོས་གཞིའི་ཚན་ཁག་གི་ཆེད་ལས་816འདུག དེ་དག་རེ་རེ་བཞིན་མཚན་ཉིད་རིག་པ་དང་། དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། གནས་ལུགས་རིག་པ། བཟོ་ལས་རིག་པ། ཞིང་ལས་རིག་པ། གསོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་བཅས་རིག་ཚན་12ལ་ཁྱབ་ཡོད་དང་། དེའི་ནང་གློག་རྡུལ་ཆ་འཕྲིན་རྒྱུ་ཆ་དང་། མཉེན་རྫས་ཚན་རིག་དང་ལས་གྲྭ། ནུས་ཚད་ཆེ་བའི་གློག་འདྲེན་ཕྱེད་གཟུགས་ཚན་རིག་དང་ལས་གྲྭ། སྐྱེ་དངོས་སོན་གསོ་ལག་རྩལ་སོགས་ཆེད་ལས་གསར་པ་24འདི་ལོ་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག་ནང་དངོས་སུ་བཅུག་ཡོད་པ་རེད།

རྩ་གཉིས་ཨང་བཤེར་མེ་ཏོག་གི་དབྱིབས་ཅན་འདི་གཉིས་ལས་འབྲེལ་ཡོད་གནས་ཚུལ་བལྟ་ཐུབ།

རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་མིང་ཐོ་དང་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་འཚོལ་བཤེར།

图片2.png

图片3.png



མཉམ་སྤྱོད།