དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་མཚོ་སྔོན་ནས་བཙུགས།

2024-06-24 10:45:03   |   590

རྩོམ་སྒྲིག   དོན་འགྲུབ་མཚོ།     ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ལམ། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་བཙུགས། 

མདོ་དབུས་མཐོ་སྒང་དུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ལ་མཐོ་སྒང་གསོ་རིག་ལག་ལེན་ཐད་ལོ་ངོ་བདུན་ཅུར་ཉེ་བའི་རིང་གི་ཉམས་མྱོང་ལྡན་པར་མ་ཟད། མཐོ་སྒང་གསོ་རིག་དང་གསོ་རིག་རྨང་གཞིའི་སློབ་གསོ། ནད་རིགས་ཚབས་ཆེན་འགོག་བཅོས་བཅས་ཐད་ཀྱི་སྟེགས་བུ40དང་། མཐོ་སྒང་གསོ་རིག་གི་འབྲེལ་ཡོད་གཙོ་གནད་ཚོད་ལྟ་ཁང21ཀྲུང་གོའི་ཆེས་ཐོག་མའི་མཚོ་འཕགས4600ཡན་གྱི་ཨ་ཆེན་གངས་རྒྱབ་མཐོ་སྒང་གསོ་རིག་ཡུལ་དངོས་ཞིབ་འཇུག་རྟེན་གཞི་དང་མཐོ་སྒང་གི་མིའི་རིགས་ཀྱི་རྒྱུད་རྒྱུའི་ཐོན་ཁུངས་མཛོད་སོགས་ཀྱང་ལྡན། 

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བཙུགས་པའི་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ལ་མཐོ་སྒང་གི་དལ་བའི་ནད་རིགས་དང་གློ་སྙིང་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། མཐོ་སྒང་གི་རུས་ཚིགས་ནད། ཐུམ་འབུའི་ནད། མཐོ་སྒང་གི་ས་ཆུ་འཕྲོད་ལམ་སྦྱོང་བརྡར། གཉིད་མི་བདེ་བ། གཞི་རྒྱ་ཆེ་བའི་མཐོ་སྒང་ནད་ཡམས་ཀྱི་ནད་རིག་པའི་བརྟག་དཔྱད། མཐོ་སྒང་ནས་སྐྱེས་ཤིང་ཡུན་རིང་བསྡད་པའི་མི་ཚོགས་ཀྱི་ས་གནས་གཞན་པའི་ས་ཆུ་འཕྲོད་ལམ། མཐོ་སྒང་གི་སྦྲུམ་མའི་བུ་བཙའི་བདེ་སྲུང་སོགས་ཡོད། 

དེའི་རྗེས་དེ་མ་ཐག་འཚོགས་པའི་མཐོ་སྒང་གསོ་རིག་ཞིབ་འཇུག་ཚོགས་ཆེན་སྐབས་དང་པོའི་སྟེང་། རྒྱལ་ཁབ་བཟོ་བཀོད་གླིང་གི་ཡོན་ཧྲི་དང་མཐོ་སྒང་གསོ་རིག་ཆེད་མཁས་པ་ཝུའུ་ཐེན་དབྱི་ཡིས་ཀྲུང་གོར་མདོ་དབུས་མཐོ་སྒང་དང་ནང་སོག་མཐོ་སྒང་། ས་སེར་མཐོ་སྒང་། ཡུན་ཀོས་མཐོ་སྒང་བཅས་མཐོ་སྒང་ཆེན་པོ་བཞི་ཡོད་པ་དང་།  “མཐོ་སྒང་དང་རི་མཐོན་པོ་མང་བའི་རྒྱལ་ཁབ”ཅིག་ཡིན་ལ། འཛམ་གླིང་སྟེང་མཐོ་སྒང་མིའི་ཁ་གྲངས་ཆེས་མང་སའང་ཡིན་པས། ཀྲུང་གོར་མཐོ་སྒང་གསོ་རིག་ཞིབ་འཇུག་སྤེལ་བའི་ཐད་ས་ཁམས་ཁོར་ཡུག་དང་མི་ཚོགས་ཀྱི་ལེགས་ཆ་ལྡན་པར་མ་ཟད།  ད་སྔ་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་ཡོད་པས། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་བཙུགས་པ་ལ་བརྟེན་ནས་མཐོ་སྒང་གི་མི་རྣམས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་གྱིས་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ་དེས་མཐོ་སྒང་གསོ་རིག་ཞིབ་འཇུག་བྱ་བ་སྐས་རིམ་གསར་བ་ཞིག་ལ་སླེབས་པ་མཚོན་ཡོད། ང་ཚོས་མུ་མཐུད་དུ་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་དམིགས་འབེན་དུ་བཟུང་ནས། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ཀྱི་རྣམ་གྲངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྲོལ་རྒྱུན་གསོ་རིག་དང་དེང་རབས་གསོ་རིག་གི་བསམ་བློ་གཅིག་ཏུ་སྦྲེལ་ནས་གཙོ་གནད་ཁྱབ་ཁོངས་དང་སློབ་ཚན་གཙོ་བོའི་ཐད་ཀྱི་དཀའ་གནད་བསལ་ཏེ། མུ་མཐུད་དུ་ཁྱབ་སྟངས་འོས་འཚམ་ཡིན་པའི་མཐོ་སྒང་གསོ་རིག་ཞིབ་འཇུག་གི་མ་ལག་གསར་བ་འཛུགས་དགོས་ཞེས་བསྟན། 


མཉམ་སྤྱོད།