དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཉ་མོ་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་བ།

2024-06-24 20:17:27   |   326

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛུབ་སྟོན་དང་མཆན་བཀོད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། མཚོ་རྒྱ་བཏབ་ནས་ཉ་མོ་གསོ་སྐྱོང་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ཐེངས་དྲུག་པ་དོན་འཁྱོལ་ཏན་ཏིག་བྱེད་པ། ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་དང་། རྨ་ཆུའི་ཆུ་ལག་གལ་ཆེན་ཏེ་ཙོང་ཆུའི་མཚོ་བྱང་བཞུར་རྒྱུད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཉ་སྲུང་འདུ་ཤེས་ཆེ་རུ་གཏོང་ཆེད། ཟླ6ཚེས24ཉིན“ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བྱས་ནས་མཚོ་བྱང་གི་ཆུ་དྭངས་གནམ་ཐང་མཉམ་སྐྲུན་བྱེད་པ”ཞེས་པ་བརྗོད་དོན་བྱས་པའི་ཉ་ཕྲུག་ཁྲི5ཚེ་ཐར་གཏོང་བའི་བྱེད་སྒོ་དེ་མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་གྱི་ཙོང་ཆུའི་མགོ་ཁུངས་གསེར་མཚེའུ་རུ་སྤེལ།

༡.jpg

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་བྱེད་སྒོ་སྤེལ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཤིས་ཚིག་ཕུལ། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཝུའུ་ཞའོ་ཏུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞའོ་རུའེ་ཞིན་བཅས་བྱེད་སྒོར་ཞུགས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་ཅུ་ཀྲང་དཔའ་མཁར་ཚེ་རིང་གིས་བྱེད་སྒོར་མདོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཡུང་ཞིན་གཞུང་དཔང་ཁྲུའུ་ཡི་ལས་དོན་མི་སྣས་གཞུང་དཔང་བྱས། 

ཀརྨ་ཚེ་རིང་གིས་ཤིས་ཚིག་ཕུལ་སྐབས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཡང་དག་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག  མཚོ་བྱང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཉ་མོ་འཛིན་བཟུང་བཀག་སྡོམ་དང་མཚོ་སྔོན་པོའི་མཚོ་རྒྱ་བཏབ་ནས་ཉ་གསོ་ཐེངས་དྲུག་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་རྒྱལ་ཡོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར་ཁག་གཉིས་པ་བསྐྲུན་ཡོད་ཅིང་། ཆུ་རྒྱུན་ཆེན་པོ་གསུམ་གྱི་ཆུ་སྤུས་དེ་རིགསⅡཀྱི་ཡན་ཏུ་སླེབས་ནས་གསེར་ཉའི་ཐོན་ཁུངས་སྲུང་སྐྱོང་གི་ལས་དོན་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད་པ་དང་། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ག་ས་གང་དུ་མཐོང་ཐུབ། ཉ་མོ་གློད་ཆུར་གཏོང་བ་ནི་སྐྱེ་ཁམས་དང་དམངས་འཚོའི་རིན་ཐང་ཆེ་རུ་གཏོང་བ་དང་། གཅེས་སེམས་དང་འགན་འཁྲི་འཁུར་རྒྱུ་དེ་ཡིན་པས། བྱེད་ཐབས་འདི་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཁྱད་ལྡན་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། མཚོ་བྱང་ཁུལ་གྱིས“ཆེ་ཤོས་གསུམ”དང“ནུབ་རྒྱུད་ཆུ་ལྕོག་”གི་ས་ཁོངས་གནས་བབ་ལ་གཞི་ཚུགས་ནས་ཆུ་སྐྱེས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཏན་ཏིག་འཁུར་རྒྱུ་དང་། མཚོ་སྔོན་གྱི་ཉ་ལས་ཐོན་ཁུངས་སྲུང་སྐྱོང་དང་སླར་གསོ་བྱེད་པའི་བྱ་སྤྱོད་ནང་རང་རྟོགས་ངང་འདྲེས་བར་བྱས་ཏེ། གློད་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་གློད་གཏོང་ལས་དོན་ཚད་ལྡན་དུ་གཏོང་བ། ཆུ་དང་མཚེའུ་ཡི་སྐྱེ་དངོས་ཁྱུ་ཚོགས་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཆུ་དྭངས་ཤིང་གཙང་བ། ཁོར་ཡུག་ལེགས་པའི་ཆུའི་སྐྱེ་ཁམས་ཁོར་ཡུག་བསྐྲུན་ཏེ།  མི་དང་རང་བྱུང་འཆམ་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ།

ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་། ནུབ་མཚོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་ཁོངས་གཏོགས་སྡེ་ཚན་ཁག མདའ་བཞི་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུའི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་བྱེད་སྒོར་ཞུགས།

༤.jpg

བྱེད་སྒོ་སྤེལ་རིང་འཇུ་ལག་རྫོང་གིས་དུས་གཅིག་ཏུ་སྐྱེ་འཕེལ་ཉ་མོ་ཚེ་ཐར་གཏོང་བའི་བྱེད་སྒོ་སྤེལ་ཞིང་། སྐྱེར་མ་ཡུལ་ཚོའི་འཇུ་ལག་ཆུ་བོའི་འབབ་རྒྱུད་དུ་ཉ་མོ་ཁྲི་ལྔ་བཏང་།


མཉམ་སྤྱོད།