དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-25 07:35:44   |   566

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

11.jpg

  • རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཚན་རིག་ལག་རྩལ་སྐུལ་ལྕག་ཚོགས་ཆེན། སློབ་གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་པེ་ཅིང་དུ་འཚོགས། ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཆེས་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་སྤྲད་པ་དང་གསུང་བཤད་གལ་ཆེན་ཡང་གནང་།

2.jpg

  • ཟླ6པའི་ཚེས24ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཕོ་ལན(波兰)གྱི་ཙུང་ཐུང་ཏུའུ་ཏ་དང་གྲོས་མོལ་གནང་།

  • ཟླ6པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི“ཀུའུ་ལིང་ལས་འབྲེལ”གྱི་ཀྲུང་གོ་དང་ཨ་རིའི་གཞོན་ནུའི་བགྲོ་གླེང་འབྲེལ་འདྲིས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཕེ་རུའུ་སྤྱི་མཐུན་རྒྱལ་ཁབ(秘鲁共和国)ཀྱི་ཙུང་ཐུང་ཏི་ན·ཨེར་ཞི་ལི་ཡ·པོ་ལུའུ་ཨེར་ཐེ·སའེ་ཅ་ལ་ཡིས་ཟླ6པའི་ཚེས25ནས་ཚེས29ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཚན་གྱིས《འཛད་སྤྱོད་ཀྱི་རྣམ་པ་གསར་པ་བསྐྲུན་ནས་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུའི་སྐོར་གྱི་བྱ་ཐབས》ཞེས་པའི་བརྡ་ཐོ་པར་འགྲེམ་བྱས།

  • ཚེས24ཉིན་ནོར་སྲིད་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར96912ཟིན་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུ་སོགས་སྡེ་ཚན་གྱིས་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཡོངས་ཀྱི་མཚོ་ཁུག65ལ་དུས་ཡུན་ལོ་གསུམ་གྱི་རྒྱ་མཚོའི་གད་སྙིགས་གཙང་སེལ་བྱ་འགུལ་སྤེལ་རྒྱུ་རེད།

  • ཨ་རིའི་ནོར་སྲིད་པུས་ཀྲུང་གོར་མ་འཇོག་བྱེད་པའི་ཚོད་འཛིན་སྒྲིག་སྲོལ་གཏན་འབེབས་བྱ་རྩིས་ཡོད་པའི་ཐད། ཚོང་དོན་པུས་ཀྲུང་གོ་ཕྱོགས་ཀྱིས་དེར་དོ་ཁུར་ཆེན་པོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་པ་དང་། དེ་མཚུངས་ཀྱི་བྱེད་ཐབས་སྤྱོད་པའི་དབང་ཆ་སོར་འཇོག་བྱ་རྒྱུ་ཡིན་ཞེས་ལན་བཏབ།

  • ཀྲུང་གོའི་མཚོ་འགྲུལ་ཉེན་རྟོག་པས་ཁྲིམས་ལྟར་འཇར་པན་གྱི་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་མཚོ་ཐོག་ཏུ་འཛུལ་བའི་གྲུ་གཟིངས་ཕྱིར་འབུད་བྱས།

  • ཧན་གོའི་ཅིང་ཅི་ཏའོ་ཧྭ་ཁྲེང་གྲོང་ཁྱེར་གྱི་གློག་རྫས་བཟོ་གྲྭ་ཞིག་ཏུ་མེ་སྐྱོན་ཐོན་པ་དང་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ནང་ཀྲུང་གོའི་སྤྱི་དམངས་རྐྱེན་ལམ་དུ་ཤོར་ཡོད།

    སྤྱི་ཚོགས།

  • འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་དུ་རྒྱུན་མཐུད་རང་བཞིན་གྱི་ཆར་བ་དྲག་པོ་འབབ་རྒྱུ་ཡིན་པ་དང་། ཚེས24ཉིན་རྒྱལ་ཁབ་རྒྱལ་སྲུང་སྤྱི་ཁྱབ་ཀྱིས་ཀྲེ་ཅང་དང་། ཨན་ཧུའེ། ཅང་ཞི། ཧུའུ་ནན་བཅས་ཞིང་ཆེན4ལ་དམིགས་ཏེ་འབྲུབ་འགོག་འཕྲལ་སྡོམ་དང་ལེན་དེ་རིམ་པ་གསུམ་པར་སྤར།

  • ཚེས23ཉིན་ནས་བཟུང་རྨ་ཆུའི་ཞའོ་ལང་ཏིའི་ཆུ་བེད་ལྟེ་གནས་ཀྱིས་སྨད་རྒྱུད་དུ་འཕྲལ་སྡོམ་ཐན་འགོག་གི་ཆུ་འདྲེན་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་ན་ད་ཐེངས་ཀྱི་བཀོད་གཏོང་དུས་ཡུན་ཉིན8ཙམ་ཡིན་པ་དང་རིམ་རྩིས་བྱས་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར18ལས་བརྒལ་བ་འདྲེན་རྒྱུ་རེད།

  • ཚེས24ནས་ཚེས30ཉིན་བར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས་སྒྲིག་འཛུགས་བྱས་པའི་ལས་གནས་ཁྲི་སྟོང་མང་བོས་ལས་མི་འཚོལ་བའི་ཉིན་བརྒྱའི་ཆེད་དོན་བྱ་འགུལ་ནང་སྨན་རྫས་དང་། ཆེད་ལས་གསར་པ། ཆ་འཕྲིན་ལག་རྩལ། འཁལ་འཐག་གྱོན་ཆས་ལས་རིགས་བཅས་དྲ་ཐོག་གདན་ཞུའི་ཆེད་དོན་ཚོགས་ར4ཡོད་པ་དང་། གདན་ཞུའི་དགོས་མཁོ་མི་ཐེངས་ཁྲི1.6ལས་བརྒལ་བ་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། 2023ལོར་དམིགས་བསལ་བཟའ་བཅའི་ལྟ་སྐུལ་འཐེན་བཤེར་གྱི་ལོ་ཧྲིལ་པོའི་སྤྱིའི་ཚད་གཞིར་ལོན་ཚད99.85%ཟིན། དུས་མཚུངས་ལས0.03%འཕར་ཡོད།

3.jpg

  • རང་རྒྱལ་གྱི་རབས་གསར་པའི་དར་གཤག་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཏེ“ཡང་རྩེ”རྟགས་ཅན་ཀོང་ཀྲོའུ་ནན་ཧྲ་རུ་དངོས་སུ་མིང་བཏགས་ནས་རྩིས་སྤྲོད་བྱས།

  • རང་རྒྱལ་གྱི་ཚན་རིག་པས་ཟླ་བའི་ས་རྒྱུའི་ཁྲོད་རང་བྱུང་རྡོ་སྣག་སིན་ཐོག་མར་རྙེད་པས། ཟླ་བའི་གོ་ལའི་སྔར་གནས་ཐོན་ཁུངས་བེད་སྤྱོད་པར་ཁུངས་སྣེ་གལ་ཆེན་འདོན་སྤྲོད་བྱས།

  • 2024ལོའི་དབྱར་དུས་སྐྱེལ་འདྲེན་བྱེད་མགོ་རྩོམ་ལ་ཉེ་བའི་སྐབས་འདིར། ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་འབྲི་ཆུའི་ཟུར་གསུམ་གླིང་གི“ས་ཁོངས་ཤར་འགྲུལ”གྱི་ཞབས་ཞུ་ཁྱབ་བསྒྲགས་བྱས་པ་དང་། ཆ་རྐྱེན་དང་མཐུན་པའི་འགྲུལ་པ་རྣམས་ཀྱིས་མ་འཕུར་གོང་གི་ཆུ་ཚོད4ཡི་ནང་འགྲུལ་ལམ་བསྒྱུར་ཆོག་གི་ཡོད།

  • ཚེས23ཉིན་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་རྩོད་པའི་མུ་འབྲེལ་འགྲན་སྡུར་ཚང་མ་མཇུག་གྲིལ། ཀྲུང་གོའི་རུ་ཁག་ལ་བྲག་འཛེག་དང་། ཤུད་པང་། ཕེ་ལེ་ཞབས་བྲོ། རང་མོས་རྣམ་པའི་འཁོར་ལོ་ཆུང་གྲས་བཅས་ཀྱི་རྣམ་གྲངས་ནང་ཁྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང12ཐོབ།

  • ཧང་ཀྲོའུ་སྤྱི་བདེ་ཡིས“དགོད་རླངས”ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་ཚོགས་པ4མེད་པར་བཟོས་ཤིང་། ཁྲིམས་འགལ་ཉེས་གསོག་དོགས་ཡོད་ཉེས་ཅན90འཛིན་བཟུང་བྱས་པ་དང་། “དགོད་རླངས”ཧྲེང4400ལྷག་ཙམ་གཞུང་བཞེས་བཏང་།

    སྲིད་ཇུས།

  • ཆེས་མཐོའི་ཁྲིམས་ཁང་གིས་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་དམངས་དོན་གཏུག་བཤེར་གྱི་ཁྲིམས་འཛིན་འགྲེལ་བཤད་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ཟླ7པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། དེའི་ནང་འབྱུང་འགྱུར་ལོ་གསུམ་ནང་སྡོད་ཁང་གློག་སྐས་ཁྲི2.7ཁ་སྣོན་རྒྱག་རྒྱུ་ཚུད།

  • ཧའེ་ནན་གྱིས་ཕྱི་རྒྱལ་གྱི་མི་སྣའི་གཏོང་སྤྲོད་སྟབས་བདེ་ཅན་དུ་བཏང་པ་དང་། ཚོང་པས་ཕྱི་རྒྱལ་གྱི་གཱPOSའཕྲུལ་ཆས་བཀོལ་སྤྱོད་བྱས་ཚེ་ཁ་གསབ་ལོངས་སུ་སྤྱོད་ཆོག་གི་ཡོད།

    དེ་རིང་གི་གནམ་གཤིས།

4.jpg

  • ཧུའུ་ནན་དང་། ཅང་ཞིའི་དབུས་བྱང་རྒྱུད། ཀྲེ་ཅང་གི་དབུས་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད་བཅས་དང་དེ་བཞིན་ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་དང་ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་རྒྱུད་དང་ནུབ་རྒྱུད་སོགས་ས་ཁུལ་དུ་ཆར་བ་ཆེན་པོ་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། དེའི་ནང་ཨན་ཧུའེ་ཡི་ལྷོ་རྒྱུད་དང་ཧུའུ་ནན་གྱི་དབུས་རྒྱུད། ཅང་ཞིའི་དབུས་རྒྱུད། ཀྲེ་ཅང་གི་དབུས་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། ཅང་ཞིའི་བྱང་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།