དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ལ་སྐུལ་ནས་སློབ་གྲྭའི་སྤུས་ཚད་ལ་མཐོར་འདེགས་བསྐྱར་མ་བྱུང་།

2024-06-26 08:39:12   |   2220

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། སྔར་བས་འོས་འགན་སློབ་གསོ་ཡི་སྤུས་ལེགས་དོ་སྙོམས་ལ་སྐུལ་འདེད་གཏོང་ཆེད། སློབ་གྲྭ་སྔར་བས་འཕེལ་རྒྱས་འགྲོ་བ་ལ་ཁྲིད་སྟོན་བྱས། མདོ་ལ་རྫོང་གིས་དོ་དམ་གཞན་སྒྱུར་དང་། ཀུན་སྤྱོད་སློབ་གསོ་ཞིབ་ཚགས། སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ། སློབ་ཐུན་ལེགས་སྒྱུར་བཅས་བཏང་ནས་རང་ངོས་ཀྱི་འཕེལ་རྒྱས་དཀའ་ཁག་ཧུར་ཐག་གིས་སྒྲོལ་ཞིང་། སློབ་སྒྲུབ་སྤུས་ཚད་མཐོར་འདེགས་སུ་བཏང་ནས་སློབ་མ་ཡོངས་ལ་འོས་འཚམ་དང་ནུས་ལྡན་གྱི་སློབ་གསོ་མཁོ་འདོན་བྱས།

རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ནས་འོས་འགན་སློབ་གསོའི་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱས། རྫོང་ཨུ་རྫོང་སྲིད་གཞུང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་བྱ་གཞག་ཐོག་མཐའ་བར་གསུམ་དུ་གལ་ཆེའི་གྲོས་དོན་བརྒྱུད་རིམ་ནང་བཞག་ཅིང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ལ་སྐུལ་བ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ནང་བཅུག་པ་རྒྱུན་འཁྱོངས་བྱས་ཡོད། ལས་དོན་མགོ་ཁྲིད་ཚན་ཆུང་བཙུགས་ཤིང་། རྫོང་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་ཆེན་བསྡུས་ཏེ། 《མདོ་ལ་རྫོང་གི་སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་དང་ཕྱོགས་ཡོངས་ནས་སློབ་གསོ་སློབ་ཁྲིད་སྤུས་ཚད་མཐོར་གཏོང་སྐོར་གྱི་ཇུས་ཐག》《མདོ་ལ་རྫོང་གི་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་གཏོང་བའི་ལག་བསྟར་ཇུས་གཞི》《མདོ་ལ་རྫོང་གི་བདག་མེད་བྱིས་པར་གཅེས་སྐྱོང་གི་ཞབས་ཞུའི་མ་ལག་ལས་དོན་གྱི་ལག་བསྟར་ཇུས་གཞི》སོགས་ལམ་སྲོལ་བྱེད་ཐབས་བཏོན། འཐུས་ཚང་བའི་འགན་སྲུང་ལམ་སྲོལ་དང་རྩ་འཛུགས་མགོ་ཁྲིད་ལ་དངོས་མའི་ཤུགས་སྣོན། གཅིག་འདོམས་མཐུན་སྦྱོར་བཅས་བརྒྱུད་ཁྱབ་ཁོངས་སློབ་གསོའི་སྤུས་ལེགས་དོ་སྙོམས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཤིང་། གཏོང་སྒོ་ཆེར་སྐྱེད་དང་ཚད་ལྡན་དོ་དམ། གཏིང་ཟབ་བཅོས་སྒྱུར། “ཟུང་འཕྲི”སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སྤུས་ཚད་སློབ་གསོ་ཤུགས་ཆེན་པོའི་སྐུལ་འདེད་བཏང་ནས་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ལ་མངོན་གསལ་གྱི་མཐོར་འདེགས་བྱུང་། སྤུས་ཚད་སློབ་གསོ་ལག་ལེན་དུ་བསྟར་ནས་ཁྱད་ལྡན་ནང་དོན་འཕེལ་རྒྱས་ལ་དོ་སྣང་བྱས། སློབ་ཐུན་སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་དང་འོས་འགན་སློབ་གསོའི་རྒྱལ་ཁབ་སློབ་ཐུན་ཚད་གཞི་ལག་བསྟར་ནན་ཏན་དུ་བྱས་ཤིང་། “ནུས་ཆེའི་སློབ་ཐུན”བྱེད་སྟངས་འཚོལ་ཞིབ་བྱས་ནས་སློབ་ཐུན་སློབ་ཁྲིད་ཀྱི་ཕན་ནུས་ཧུར་ཐག་གིས་མཐོ་རུ་བཏང་། སློབ་མའི་སློབ་སྦྱོང་འབྲས་བུ་དང་ཕྱོགས་བསྡུས་སྤུས་ཚད་གདེང་འཇོག་ཟུང་འབྲེལ་གྱི་འཕེལ་རྒྱས་རང་བཞིན་གྱི་གདེང་འཇོག་མ་ལག་བཙུགས་ཤིང་། གདེང་འཇོག་བྱེད་སྟངས་ཀྱི་སྣ་མང་ཅན་མངོན་དུ་གྱུར་ནས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བྱས། “ཟུང་འཕྲི”“དོ་དམ་ཚན་པ་ལྔ”དང་སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ལས་དོན་ནི་ཏང་ཀྲུང་དབྱང་གི་ཇུས་ཐག་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་གི་སློབ་གསོའི་གཙོ་གནད་བྱ་བ་ཞིག་ཀྱང་ཡིན། དུས་མཉམ་དུ་རང་རྫོང་གིས“སློབ་གྲྭ་གཅིག་ལ་ཁྱད་ཆོས་གཅིག་དང་། སློབ་གྲྭ་གཅིག་ལ་ཆས་རྟགས་གཅིག”གི་གསར་འཛུགས་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ཞིང་། ས་གནས་ཀྱི་ཁྱད་ཆོས་དང་སློབ་གྲྭའི་དངོས་ཡོད་ལ་ཟུང་འབྲེལ་སྒོས། ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོ་ལག་བསྟར་བྱས། ཤུགས་ཆེན་པོས་སྣ་མང་ཕུན་སུམ་ཚོགས་པའི་ཚན་རིག་ཁྱབ་བརྡལ་དང་། རིག་གནས། ལུས་རྩལ། སྒྱུ་རྩལ། ངལ་རྩོལ། དཔེ་ཀློག་སོགས་དགའ་མོས་ཚན་ཆུང་དང་ཚོགས་སྤྱིའི་བྱེད་སྒོ་སྤེལ་ལ། ཁྱད་པར་དུ་གཙག་དྲུབ་དང་། སྐོར་བྲོ། འཇུ་རེས། ཐང་ག་སོགས་མི་རིགས་བྲོ་གར་དང་། མི་རིགས་ལུས་རྩལ། མི་རིགས་ལག་རིས་སོགས་ལག་བཟོ་སྒྱུ་རྩལ་གཙོ་བོའི་ཁྱད་ལྡན་བྱེད་སྒོ་བཙུགས་ནས་དངོས་འབྲས་ངེས་ཅན་ཐོན།

སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་། དགེ་རྒན་ཆ་འཕྲིན་ལག་རྩལ2.0ལས་གཞི་དང་རིག་ནུས་སློབ་ར་འཛུགས་སྐྲུན་འཇུ་བྱེད་དུ་བཟུང་ནས། སློབ་གསོ་ཆ་འཕྲིན་ལག་རྩལ2.0ལག་བསྟར་འཆར་གཞི་དང་། དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས། ཕབ་ལེན་སློབ་ཁང་དང་རིག་ནུས་སྒོ་སམ་བཀོད་སྒྲིག་ཤུགས་ཆེར་བྱས། “བགྲོད་གསུམ་ལས་སྟེགས་གཉིས”ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། སློབ་གྲྭའི་སློབ་གསོའི་སློབ་ཁྲིད་དང་ཆ་འཕྲིན་ལག་རྩལ་གཏིང་ཟབ་མཉམ་འདྲེས་ལ་ཤུགས་བསྣན། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་ཁྲིན་ཏུའུ་ས་ཁུལ་གྱི་སྔོན་ཐོན་སློབ་གྲྭ་དང་རྒྱང་རིང་དྲ་ལམ་སློབ་ཁྲིད་དང་སློབ་གསོ་ཞིབ་འཇུག་བྱས། ཧྲན་ཏུང་སྦྲེལ་གནས་སློབ་གྲྭ་དང་རྒྱང་རིང་སློབ་གསོ་ཞིབ་འཇུག་བརྒྱུད་སློབ་གྲྭའི་དོ་དམ་དང་སློབ་ཁྲིད་ཆ་འཕྲིན་ཅན་མངོན་འགྱུར་བྱུང་།བདེ་འཇགས་ལས་དོན་ལ་ཤུགས་བསྣན་ནས་འཆམ་མཐུན་འཕེལ་རྒྱས་ཁོར་ཡུག་བསྐྲུན། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སློབ་ཁང་ལ་ཆེད་འགན་བདེ་སྲུང་བའི་བཀོད་སྒྲིག་དང་། སློབ་རའི་གདུབ་ཟུམ་ཅན་གྱི་དོ་དམ། སློབ་སྲུང་ལས་གནས་བཀོད་སྒྲིག ཐེངས་གཅིག་གནོན་པའི་བྲེལ་མྱུར་ཉེན་བརྡ། བརྙན་ལམ་ལྟ་སྐུལ་མ་ལག་ནི་སྤྱི་བདེ་ལས་ཁུངས་དྲ་སྦྲེལ100%བཞི་ཡི་བྱ་བའི་དམིགས་ཚད་མདོན་འགྱུར་བྱས་ཡོད། དུས་མཉམ་དུ་སློབ་གྲྭའི་སྒོ་མདུན་གྱི་སྲ་གཟུགས་བརྡབ་བརྡུང་འགོག་པའི་སྒྲིག་ཆས་བཀོད་སྒྲིག་ཚད100%ལ་སླེབས་ཡོད། ནག་འཇོམས་ངན་སེལ་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་ནས་ལས་རེས་ལས་སྲུང་དང་ཐོ་འགོད། དཔང་བཤེར་ལྟ་ཞིབ། སློབ་གྲྭ་གྲོལ་བ་སོགས་དུས་མཚམས་གལ་ཆེན་དུ་སྐོར་ཞིབ་དང་བདེ་སྲུང་ལམ་སྲོལ་ནན་ཏན་གྱིས་ལག་བསྟར་བྱེད་བཞིན་ཡོད། སློབ་སྲུང་ལས་གནས་དང་འཕྲིན་བཅར། འགལ་ཟླ་རྩོད་གཞི་གྲལ་བཤེར་ཐག་གཅོད་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཤིང་འཐུས་ཚང་དུ་བཏང་། རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་སློབ་ཁང་གིས་མེ་སྐྱོན་དང་ས་ཡོམ། འཇིགས་རྒོལ་དྲག་སྲུང་། རིམས་ནད་འགོག་སྡོམ་སོགས་ཐོལ་བྱུང་དོན་རྐྱེན་ལ་དམིགས་ནས་སྦྱོང་བརྡར་སྤེལ།


མཉམ་སྤྱོད།