དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་ལ་འགྲོ་མཁན་རྣམས་རིན་མེད་ངང་སྐྱེལ་རྒྱུ་རེད།

2024-06-26 11:16:49   |   2135

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


  མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མའི”ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པ2024ལོའི་སྤྱི་ཟླ6པའི་ཚེས27ཉིན་ནས་སྤྱི་ཟླ7པའི་ཚེས4ཉིན་བར་མཚོ་བྱང་ཁུལ་མདའ་བཞི་རྫོང་སྨོན་ལམ་མཐོན་པོའི་ཁྱིམ་ཕྱིའི་རྟེན་གཞི་ནས་འཚོག་རྒྱུ་ཡིན་པ་སྟེ། འགྲན་སྡུར་སྐབས་སུ་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་སྟབས་བདེ་བཟོ་ཆེད། བྱེད་སྒོ་སྤེལ་བའི་སྐབས་སུ་ནུབ་མཚོ་གྲོང་རྡལ་ནས་སྨོན་ལམ་མཐོན་པོའི་བར་མགྲོན་པོ་རིན་མེད་ངང་སྐྱེལ་འདྲེན་བྱེད་པའི་རེས་འཁོར་བཀོད་སྒྲིག་བྱས་ཡོད་ཅིང་། རྒྱ་ཆེའི་ལྟད་མོ་བ་རྣམས་དུས་ལྟར་ཡུལ་དངོས་སུ་ཕེབས་པར་དགའ་བ་འབུམ་དང་སྤྲོ་བ་སྟོང་གིས་བསུ་མ་བྱེད། 

གཅིག རེས་འཁོར་ལ་འདུག་ས། ནུབ་མཚོ་གྲོང་རྡལ་རྡུལ་ཕྲན་གྲོང་རླངས་འཁོར་ས་ཚིགས་མདུན་གྱི་ཐང་ཆེན།

གཉིས། རེས་འཁོར་གཏོང་བའི་དུས་ཚོད།

སྤྱི་ཟླ་དྲུག་པའི་ཚེས་ཉེར་བདུན་ནས་སྤྱི་ཟླ་བདུན་པའི་ཚེས་བཞི།

སྔ་དྲོ།:ཕར་འགྲོ། 8:00 ཚུར་འོང་། 11:40ཕྱི་དྲོ།:ཕར་འགྲོ།14:00 ཚུར་འོང་།17:00

གསུམ། འབྲེལ་གཏུག་ཨང་གྲངས།0970-8643278

མཚོ་བྱང་ཁུལ་འགྲུམ་འགྲིལ་སྐྱེལ་འདྲེན་ཅུ །མཚོ་བྱང་ཁུལ་རྡུལ་ཕྲན་གྲོང་རླངས་འཁོར་ས་ཚིགས།2024ལོའི་སྤྱི་ཟླ6པའི་ཚེས27ཉིན།


མཉམ་སྤྱོད།