དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆུ་ལོག་དང་རི་ཉིལ་སོགས་ཞོད་དུས་ཀྱི་གནོད་འཚེར་གཡོལ་ཐབས།

2024-06-26 15:00:20   |   1110

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞོད་དུས་ཀྱི་ཐལ་མཐའི་གནམ་གཤིས་ལ་ཇི་ལྟར་ཁ་གཏད་འཇལ་དགོས་པ་དང་། ཆུ་ལོག་དང་འདམ་རུད། རི་ཉིལ་སོགས་ཀྱི་གནོད་འཚེར་འཕྲད་དུས་ཇི་ལྟར་རང་སྐྱོབ་བྱ་དགོས་སམ་ཞེ་ན། ཞོད་འགོག་རྒྱུན་ཤེས་འདི་དག་ཡིད་ལ་དམ་པོར་འཛིན་རོགས། 

①ཆུ་ལོག་དང་འཕྲད་སྐབས།

1.དུས་རྣམ་ཀུན་ཏུ་ཆུ་གནས་ཀྱི་མཐོ་དམར་བལྟས་ཏེ། གནས་གཞན་ལ་འབྲོ་བར་སྟ་གོན་བྱ་དགོས་པ་དང་། དགོས་ངེས་བྱུང་ཚེ་སྔོན་ལ་འཆར་འགོད་བྱས་ཟིན་པའི་ལམ་ཐིག་ལྟར་རྩ་འཛུགས་ཡོད་པའི་སྒོ་ནས་རི་ལྡེབས་དང་མཐོ་ས་སོགས་སུ་གནས་སྤོར་བ། 

2.ཆུ་ལོག་གི་རྒྱུག་ལམ་མི་འདེད་པར། མགྱོགས་མྱུར་ངང་གཞོགས་གཉིས་ལ་གཡོལ་ཐབས་བྱེད་པ།

3.དུས་ཚོད་དམ་འཛིན་བྱས་ཏེ་སྲོག་ཐར་ཐབས་བྱེད་པ་ལས། སྒོ་ཕྱུགས་དང་རྒྱུ་དངོས་རྩ་ཆེན་སོགས་སྐྱོབ་ཕྱིར་སྲོག་ཐར་བའི་གོ་སྐབས་བཟང་བོ་ཤོར་དུ་མི་འཇུག་པ། 

4.གལ་ཏེ་ཆུ་ལོག་གིས་བསྐོར་ཏེ་ཐར་ཐབས་མེད་ན། འབྲེལ་ཡོད་ལས་ཁུངས་ལ་འབྲེལ་གཏུག་བྱས་ནས་ཉེན་ཁ་ལས་སྐྱོབ་པའི་རེ་བ་ཞུ་བ།

222.jpg

②རི་ཉིལ་དང་འཕྲད་སྐབས།

1.རི་ལྡེབས་གཞོགས་གཉིས་ཀྱི་གཏན་འཇགས་ཡིན་པའི་གནས་སུ་འབྲོ་བ། 

2.ཉིལ་བཞིན་པའི་རིའི་རི་རྩེ་དང་རི་འདབས་སོགས་སུ་མི་འབྲོ་བ། 

3.གཡོལ་ཐབས་བྲལ་བའི་མགྱོགས་མྱུར་རི་ཉིལ་དང་འཕྲད་སྐབས། དེ་མ་ཐག་ཉེ་གམ་གྱི་སྡོང་བོ་སོགས་དངོས་པོ་བརྟན་པོའི་རིགས་ལ་འཐམ་པའམ་དངོས་པོ་སྲ་མོའི་འོག་ཏུ་གཡོལ་ཐབས་བྱེད་པ། མགོ་ལ་སྲུང་སྐྱོབ་བྱེད་པ། 

4.རི་ཉིལ་མཚམས་བཞག་རྗེས། ལམ་སང་ཕྱིར་ཁྱིམ་ནང་ལ་ལོག་མི་རུང་སྟེ། ཁྱིམ་ལ་ལོག་རྗེས་རི་ཉིལ་ཐེངས་གཉིས་པའི་གནོད་འཚེ་ཐེབས་སྲིད། 

11.jpg

③འདམ་རུད་དང་འཕྲད་སྐབས།

1.ཆུ་འགྲམ་དུ་ཡོད་སྐབས། ཆུ་འགྲམ་ནས་མི་འདུག་པར་རྒྱང་ལ་འབྲོ་བ། 

2.ལུང་པའི་ནང་འགྲོ་སྐབས་འདམ་རུད་དང་དྲང་འཕྱང་ཁ་ཕྱོགས་ལྟར་འགྲམ་གཉིས་ཀྱི་རི་ལྡེབས་ལ་འཛེག་པ་ལས། འདམ་རུད་ཀྱི་སྨད་རྒྱུད་སོགས་སུ་འགྲོ་མི་རུང་།

3.རི་ལྡེབས་གཟར་མོ་སོགས་སུ་མི་གཡོལ་བར། ངོས་སྙོམས་ལ་བདེ་འཇགས་ཡིན་པའི་མཐོ་ས་སོགས་སུ་འབྲོ་ཐབས་བྱེད་པ། 

4.ཤིང་སྡོང་སྟུག་པོར་སྐྱེས་པའི་ནགས་ཚལ་སོགས་སུ་གཡོལ་ན་འོས་ཀྱང་། སྡོང་བོའི་སྟེང་དུ་མགོ་མི་རུང་། 


མཉམ་སྤྱོད།