དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས”སྒོས་གྲོང་གསེབ་མཛེས་པར་བྱས་ཤིང་མང་ཚོགས་ཕྱུག་པོར་སྒྱུར།

2024-06-26 09:32:03   |   1482

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


 མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གཞུང་ལམ་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་དམ་འཛིན་བྱས་ནས་ལམ་དྲའི་སྤུས་ཚད་ཇེ་མཐོ་དང་དོ་དམ་བདག་སྐྱོང་ལ་ཤུགས་སྣོན། གཉེར་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། འགྲོ་ལམ་བདེ་འཇགས་འགན་ལེན་བཅས་བྱས་ཏེ། དུས་རབས་གསར་པའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད། 

མདའ་བཞི་རྫོང་གིས“རྣམ་གྲངས་འཛུགས་སྐྲུན་དང་བདག་སྐྱོང་།  ཤར་གཏོང་འགན་ལེན། གཞུང་ལམ་སྐྱེལ་འདྲེན་མཉམ་སྤེལ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན”བཅས་བྱེད་ཐབས་བཞི་ལ་བརྟེན་ནས་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་ཇེ་ལེགས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར། གྲོང་གསེབ་ཟོག་འགྲེམས་ཀྱི་ནུས་པ་མཐོར་འདེགས་སོགས་ཀྱི་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་ཡོད། ཉེ་བའི་ལོ་ཤས་རིང་།  གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར2.8བཏང་ནས་བྱང་རི་དང་ཆུ་ཚན། ཙོང་ཆུའི་མགོ་ཁུངས། ཝ་མགྱོགས་སྐེད་དར་དཔེ་སྟོན་ལམ་སོགས་རིམ་པ་བཞི་པའི་གཞུང་ལམ23དང་སྤྱི་ལེ220.29བསྐྲུན་ནས་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ1429.418སླེབས་ཡོད། ནུས་རྒྱུ་གསར་པའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་སྤྱོད་རླངས་འཁོར9བཏང་ནས་ལམ་རྒྱུད་ཀྱི་མང་ཚོགས་ཁྲི2.3ལ་ཞབས་འདེགས་ཞུས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཆུ་ཚད5Aརིམ་པར་སླེབས་པ་དང་། སྲིད་འཛིན་སྡེ་བའི་སྤྱི་སྤྱོད་རླངས་འཁོར་ཁྱབ་ཚད100%ཡིན། ལོ་མང་རིང་འཕེལ་རྒྱས་ཕྱིན་པ་བརྒྱུད། མདའ་བཞི་རྫོང་གི་གྲོང་གསེབ་གཞུང་ལམ་དེ“ལམ་ཐིག་ནས་དྲ་བར་གྱུར་བ་དང་། ཁོད་ཡངས་ཞིང་གཞི་རྒྱ་ཆེ་བ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱུང་ནས“ཤར་གཏོང་དང་བདེ་འཇགས། བདེ་སྐྱིད”བཅས་ཀྱི་གྲོང་གསེབ་འགྲིམ་འགྲུལ་མ་ལག་ཆགས་ཡོད། རིག་གནས་དང་གནས་སྐོར་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིམ་འགྲུལ་སྒྲིག་བཀོད་ཀྱི་གནས་སྐོར་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རིག་གནས་གནས་སྐོར་གྱི་གཞི་རྒྱུ་ཡོད་པར་བྱས་ནས་གསེར་དངུལ་ཐང་མ་རྡུལ་མཁར་མཛེས་ལྗོངས་ཁུལ་དང་བོན་གྱཱ་ཕྱུགས་ར། མདའ་བཞི་ཚོ་བ། མཚོ་སྔོན་པོ་བྱེ་གཞོང་མཛེས་ལྗོངས་ཁུལ་སོགས་གནས་སྐོར་མཛེས་ལྗོངས་ཁུལ་སྦྲེལ་ནས་གྲོང་གསེབ་གཞུང་ལམ་དང་གྲོང་གསེབ་གནས་སྐོར། ཁྱད་ལྡན་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 2024ལོའི་ཚུན་ཏུ། མདའ་བཞི་རྫོང་གིས་མི་ཁྲི31.64སྣེ་ལེན་ཞུས་པ་དང་ཡོང་འབབ་སྒོར་ཁྲི9316.02སླེབས་ནས2023ལོ་ལས་སོ་སོ23.16%དང24.83%འཕར་ཡོད་པས་གནས་སྐོར་ལམ་ཐིག་དེ་མདའ་བཞི་རྫོང་གི་རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་དུ་གྱུར་ཡོད། གྲོང་གསེབ་འཛུགས་སྐྲུན་དམ་འཛིན་ནན་མོ་བྱས་ཏེ།“ཐབས་ལམ་མང་པོས་ཆུ་འདྲེན་རྒྱུ་དང་རྫིང་བུ་གཅིག་གིས་ཆུ་གསོག་རྒྱུ། སྦུག་ལམ་གཅིག་གིས་ཆུ་ཕྱིར་གཏོང”བཅས་ཀྱི་མ་དངུལ་གྲབས་གསོག་ལམ་སྲོལ་གཞིར་བཟུང་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཤིང་། མདའ་བཞི་སྡེ་བའི་གནས་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་རྣམ་གྲངས་གཙོ་གནད་དུ་བཟུང་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྩལ། 

ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་གཞུང་ལམ་བདག་སྐྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་བདག་སྐྱོང་མ་དངུལ་སྒོར་ཁྲི1619.47བཏང་བ་དང་། རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་བྱེད་ཚད100%ཟིན་ཡོད། རིམ་པ་ཁག་གི་མ་དངུལ་སྒོར་ཁྲི16བསྡུ་སྒྲིལ་བྱས་ནས་བདག་སྐྱོང་དངོས་རྫས་ཆ་ཚང་ཁ་གསབ་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་གྱི་བདག་སྐྱོང་ས་ཚིགས་ཁག་ལ་དུས་ཐོག་ཏུ་དངོས་རྫས་འགན་ལེན་མཁོ་འདོན་བྱས། མིག་སྔར། རྫོང་དང་ཡུལ་ཚོའི་གཞུང་ལམ་གྱི་སྤུས་ལེགས་ཚད་སོ་སོར་གྱི87%དང83%སླེབས་ཡོད། འགྲོ་ལམ་བདེ་འཇགས་འགོག་སྲུང་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་འཕྲལ་སྡོམ་སྡེ་ཁག་གི་ཆེད་དོན་མ་དངུལ་སྒོར་ཁྲི98བརྩོན་ལེན་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དོ་དམ་དང་གསོ་སྐྱོང་བྱས་པའི་གྲོང་གསེབ་གཞུང་ལམ་སྤྱི་ལེ1100ལྷག་དང་ཟམ་པ74ལ་གནོད་འཚེ་ཡོངས་ཁྱབ་ཞིབ་བཤེར་བྱས་ཤིང་། མང་ཚོགས་འགྲོ་སྐྱོད་བྱེད་པར་བདེ་འཇགས་འགན་ལེན་མཁོ་འདོན་བྱས། “ལམ་དཔོན་ལམ་ལུགས”ཀྱི་ལས་དོན་གཏིང་ཟབ་ཏུ་བཏང་སྟེ《གསེར་དངུལ་ཐང་དང་མ་རྡུལ་གྲོང་གི་རྒྱལ་ཁབ5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ལས་དོན》གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྐོར་ཤར་ལམ་དང་བོན་གྱཱ་ཕྱུགས་རའི་ལམ། མཐོན་པོ་གཞུང་ལམ་སོགས་མཚོ་སྐོར་དང་མཛེས་ལྗོངས་ཁུལ་གྱི་ལམ་བུའི་ངོས་གཟར་ཉམས་གསོ་དང་སྙོམས་སྒྲིག་བྱས་ནས། རྫོང་ཁོངས་ཀྱི་གནས་སྐོར་མཛེས་ལྗོངས་ཁུལ་གྱི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་། 

ཉེ་བའི་ལོ་ཤས་རིང། མདའ་བཞི་རྫོང་གིས་གྲོང་གསེབ་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་འགྲུལ་སྐྱེལ་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། འགྲོ་ལམ་སྒྲིག་བཀོད་ཐད་མ་དངུལ་སྒོར་ཁྲི642བཏང་ནས་ཧེ་ཧྥུན་སྡེ་བའི་གྲོང་གསེབ་གནས་སྐོར་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བའི་རྣམ་གྲངས་དང་། ལམ་ཐིགS304དང་མཚོ་སྐོར་ཤར་ལམ། མཐོན་པོ་སྒང་ཕྱི་རོལ་སྒར་འདེབས་རྟེན་གཞིའི་གནས་སྐོར་ཁྱད་ལྡན་བྱང་བུའི“འཇའ་ཚོན”ལམ། བྱེ་མ་ལ་བདུན་སྒར་འདེབས་རྟེན་གཞི་སོགས་ལས་གཞི་གཙོ་གནད་ལག་བསྟར་བྱས་ཏེ། མཚོ་སྐོར་ལམ་རྒྱུད་ཀྱི་རླངས་འཁོར་འཇོག་ས200ལྷག་ཁ་གསབ་དང་འཐུས་ཚང་དུ་བཏང་། དབུལ་སྒྲོལ་སྲ་བརྟན་དུ་གཏོང་བའི་ཐད་གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་མ་དངུལ་བེད་སྤྱོད་དང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། 2024ལོར་མདའ་བཞི་རྫོང་གི་ཀྲུང་དབྱང་དང་ཞིང་ཆེན། རྫོང་གི་གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གསབ་མ་དངུལ་སྒོར་ཁྲི10975བཏང་བ་དང་། ཐོན་ལས་རིགས་ཀྱི་རྣམ་གྲངས17དང་། རྨང་གཞིའི་སྒྲིག་བཀོད་རིགས་ཀྱི་རྣམ་གྲངས8དང་། ཁ་གསབ་རིགས་ཀྱི་རྣམ་གྲངས8བཅས་ལག་བསྟར་བྱས་ཏེ་གྲོང་གསེབ་གཞུང་ལམ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་། མིག་སྔར། མཚོ་སྐོར་རྒྱུད་དུ་ཀ་པ་རིམ་པའི་སྡོད་ཁང2དང་གྲོང་གསེབ་ཀྱི་གནས་སྐོར་ས་ཚིགས20དང་། སྒར་གཞིའི་རྟེན་གཞི7དང་སྐར་རིམ་མགྲོན་ཁང659དང་ཉལ་ཁྲི1294དང་ལས་ཞུགས་ལས་གནས165ལྷག་མཁོ་འདོན་བྱས་ཡོད། ད་ལྟའི་བར་རྫོང་ཡོངས་ཀྱི་དབུལ་སྒྲོལ་ཁྱིམ་ཚང720དང་མི་འབོར2234ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར12338.46སླེབས་ནས་སྤྱིའི་ཆ་ནས་འཕར་ཚུལ་མངོན་ཡོད། སྐྱེ་ཁམས་སྲུང་སྐྱོང་ཐད་གྲོང་ཚོའི་འཚོ་བའི་གད་སྙིགས95%ཡན་བཅོས་སྐྱོང་བྱས་པ་དང་། ཚད་ལྡན་མིན་པའི་གད་སྙིགས་སྤུངས་གསོག་བཅོས་སྐྱོང་བྱེད་ཚད100%སླེབས་པ་དང་། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཕན་འབྲས་ལྡན་པའི་ངང་བཅོས་སྐྱོང་བྱས་ཡོད།


མཉམ་སྤྱོད།