དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-27 07:33:51   |   1115

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ6པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་དབྱར་དུས་ཀྱི་ངྷ་ཝོ་སིའི(达沃斯)གླེང་སྟེགས་ལ་ཞུགས་ཆེད་ཀྲུང་གོར་ཕེབས་པའི་ཝེ་ཐེ་ནམ(越南)གྱི་ཙུང་ལི་ཧྥན་མིང་ཀྲེང་དང་མཇལ་འཛོམས་གནང་།

  • ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ(丽水)གྲོང་ཁྱེར་ཅིང་ཉིང་ཧྲེ་རིགས་རང་སྐྱོང་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཕྲིན་ལན་སྤྲིངས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཧྲེ་ཞང་ཅིང་ཉིང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པ་ནན་བཤད་གནང་།

  • ཚེས26ཉིན་རྒྱལ་ཁབ་གནོད་འགོག་གནོད་སེལ་གེགས་སེལ་ཨུ་ལྷན་གྱིས་ཧུའུ་ནན་དང་ཧུའུ་པེ་ཞིང་ཆེན་གཉིས་ལ་གེགས་སེལ་གུར་དང་། ལྟེབ་སྟེགས། གདན་སྟེགས། དབྱར་ཁའི་མལ་ཐུལ། ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི3སྤྲད།

  • ཚེས26ཉིན་ཆུ་བེད་པུས་ཀོང་ཞི་དང་ཁྲུང་ཆིང་ལ་དམིགས་ནས་ཆུ་ལོག་འགོག་སྲུང་རིམ་པIVཡི་འཕྲལ་སྡོམ་དང་ལེན་བྱེད་མགོ་བརྩམས།

  • ནོར་སྲིད་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར328465.1ཟིན་པ་དེ་དུས་མཚུངས་ལས3.1%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་ཆུ་ལམ་ཟོག་འདྲེན་བྱེད་ཚད་ཏུན་དུང་ཕྱུར38.6ཟིན་པ་དེ་དུས་མཚུངས་ལས7%འཕར་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོར་ཕྱི་རྒྱལ་བ་ཀྲུང་གོར་ཡོང་བའི་གྲངས་འབོར་དུས་མཚུངས་ལས་ལྡབ3ལྷག་ཙམ་འཕར་ཡོད།

2.jpg

  • ཟླ་བའི་ལྷ་མོ་ཨང་དྲུག་པའི་ཕྱིར་ལོག་ཡོ་བྱད་ཚེས26ཉིན་པེ་ཅིང་དུ་དབོར་རྗེས་གཟིངས་ཀྱི་ཁ་ཕྱེ་བའི་བྱེད་སྒོ་སྤེལ། 

  • ས་གནས་དེ་གའི་ཚེས26ཉིན། “ཝེ་ཅི་གསང་བ་ཐེར་འདོན”དྲ་ཚིགས་སྲོལ་གཏོད་མཁན་ཨ་སང་ཆིས་ཨ་རིའི་ཁོངས་གཏོགས་མ་ལི་ཡ་ན་གླིང་ཚོམ་བྱང་མའི་ལྟེ་བའི་གྲོང་ཁྱེར་སའེ་པན་གླིང་ཕྲན་དུ་གནས་པའི་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་དུ་ཨ་རིའི་གསང་མྱུལ་བཅའ་ཁྲིམས་དང་འགལ་བའི་ཉེས་པ་ཚབས་ཆེན་ཡོད་པ་ངོས་ལེན་བྱས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་འདིའི་ཟླ་མཇུག་ནས་ཟླ་རྗེས་མའི་ཟླ་སྟོད་བར་ཧྲའན་ཞིའི་དབུས་རྒྱུད་དང་། ཧོ་པེའི་ལྷོ་རྒྱུད། ཧོ་ནན་གྱི་བྱང་རྒྱུད་སོགས་ས་ཁུལ་དུ་དྲོད་ཚད40℃ལ་སླེབས་རྒྱུ་རེད།

  • ཁྲིམས་འཛིན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་སྡོམ་འབོར་ཁྲི22.8ཟིན་ཡོད།

  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཡོངས་སུ་ལུས་རྩལ་སྤྱི་གླིང1900ལྷག་ཙམ་གསར་དུ་སྐྲུན་པའམ་ཡང་ན་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྩིས་ཡོད།

  • ལིའོ་ལུའུ(辽鲁)མཁའ་ལམ་མཚོ་ཁོངས་ཀྱི5Gདྲ་རྒྱ་ཚང་མ་འཐེན་ནས་འགྲུབ་པ་དང་ཚེས26ཉིན་དངོས་སུ་འཁོར་སྐྱོད་བྱེད་མགོ་ཚུགས་ཞིང་། རང་རྒྱལ་གྱིས5Gདྲ་རྒྱ་མཚོ་ཐོག་ཏུ་གཞི་ཁྱོན་ཅན་གྱིས་འཐེན་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད།

3.jpg

  • རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་ཐཱན་ཚི་སྣའི་ས་འོག་ལྕགས་ལམ་མེ་འཁོར་ཆིང་ཏའོ་རུ་དངོས་སུ་ཁྱབ་བསྒྲགས་བྱས། དེ་ནི་གོ་ལ་ཧྲིལ་པོའི་ཚོང་ལས་ཅན་དུ་སྤྱོད་པའི་ཐཱན་ཚི་སྣའི་ས་འོག་ལྕགས་ལམ་མེ་འཁོར་ཐོག་མ་དེ་ཡིན།

  • ཉེ་ཆར་རང་རྒྱལ་གྱི་རྡོ་གཡམ་རླངས་ཞིང་ཐོག་མ་སྟེ་ཁྲུང་ཆིང་ཕུའུ་ལིང་རྡོ་གཡམ་རླངས་ཞིང་གི་རིམ་རྩིས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར650ལས་བརྒལ་ཡོད།

  • ཉེ་ཆར་སྤྱི་བདེ་ལས་ཁུངས་ཀྱིས་སུན་ཆང་དང་། ཡན་ཧོན་ཕིང་། མུའུ་ཁྲའོ་ཏུང་སོགས་དུག་དང་འབྲེལ་བ་ཡོད་པའི་བྲོས་བྱོལ་ཉེས་ཅན་ཚབས་ཆེན་གསུམ་ཡོངས་བསྒྲགས་ངང་བྱ་དགའ་སྤྲད་ནས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་།

  • ཚེས26ཉིན་པེ་ཅིང་གིས་བརྡ་ཐོ་བཏང་སྟེ་སྡོད་ཁང་དང་པོ་ཉོ་བའི་ཐོག་མའི་དངུལ་གྱི་སྡུར་ཚད་དེ20%ལས་མི་ཉུང་བར་ལེགས་སྒྲིག་བྱས།

微信༥༥༥༥图片_20240627074119.jpg

  • ཚན་རིག་ཞིབ་འཇུག་མི་སྣས་ཏ་ལི་ཚང་ཧྲན་ནས་དྲེས་མ་རིགས་ཀྱི་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་ཞིག་རྙེད་པ་དང་། མིང་ལ་ཚང་ཧྲན་གྱི་དྲེས་མ་ཞེས་བཏགས།

5.jpg

  • ཚེས25ཉིན་ཅང་ཞི་དབྱི་ཁྲུན་ཝན་ཙེ་རྫོང་ཧོང་མའོ་གྲོང་རྡལ་ཧུང་ལུའུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རིན་ཨོའུ་དབྱང་ཞའོ་ཕིང་འབྲུབ་འགོག་སྐོར་ཞིབ་བྱེད་སྐབས་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་ལོ59ལས་སླེབས་མེད། 

    སྲིད་ཇུས།

  • ནོར་སྲིད་པུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ་སྒྲིག་ཆས་གསར་སྒྱུར་དངུལ་བུན་ལ་ནོར་སྲིད་ཀྱི་སྐྱེད་ཀ་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་ཁ་གསལ་བྱས།

  • ཧྲང་ཧེ་ཡིས་ཡིག་ཆ་བཏོན་པ་སྟེ། ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་ཚད་གཞི་མཐོ་ཤོས་སྒོར་ཁྲི61ནས་སྒོར་ཁྲི63བར་མཐོ་རུ་གཏོང་རྒྱུ་རེད།

  • སི་ཁྲོན་གྱིས་ཟླ7པའི་ཚེས1ཉིན་ནས་བཟུང་སྤྱི་པའི་དཔེ་མཛོད་ཁང་གིས་ཀློག་པ་པོར་འཐུང་ཆུ་དང་། སྒུལ་བདེའི་མཐའ་སྣེའི་གློག་གསོག་ས། སྐུད་མེད་དྲ་རྒྱ་སྦྲེལ་མཐུད་སོགས་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་ཆ་རྐྱེན་འཛོམས་པའི་སྤྱི་པའི་དཔེ་མཛོད་ཁང་གིས་ཆུ་ཚོད་ཉི་ཤུ་རྩ་བཞིའི་རང་ཞབས་དཔེ་མཛོད་ཁང་བསྐྲུན་ཆོག་ཅེས་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

6.jpg

  • ཁྲུང་ཆིང་གི་ལྷོ་རྒྱུད་དང་། ཧུའུ་ནན་གྱི་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། ཧྲང་ཧེ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། དེའི་ནང་ཁྲུང་ཆིང་གི་ལྷོ་རྒྱུད་དང་། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་ནུབ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།