དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཚེ་སྲོག་ལ་གཅེས་སྤྲས། དུག་རྫས་དང་རིང་བྲལ།

2024-06-27 15:09:09   |   316

སྒྲིག་སྒྱུར།   དོན་འགྲུབ་མཚོ།    ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ6པ་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་དུག་འགོག་དྲིལ་སྒྲོག་ཟླ་བ་ཡིན་པ་དང་། ཟླ6པའི་ཚེས26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་རེད། ད་ལོའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་སྒྲོག་ཟླ་བའི་བརྗོད་དོན་གཙོ་བོ་ནི“གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པར་འགོག་ཟོན་བྱེད་དགོས”ཞེས་པ་དེ་རེད།

①དུག་རྫས་ཞེས་པ་གང་ཞིག་ཡིན།

རང་རྒྱལ་གྱིས་གཏན་འབེབས་བྱས་པའི་དུག་རྫས་ནི། ཉལ་ཐ་དང་། ཧེ་རོ་དབྱིན། འཁྱགས་དུག  མཱ་ཧྥེ། སོ་མ་ར་ཙ། ཁོ་ཁ་དབྱིན་བཅས་དང་། དེ་བཞིན་རྒྱལ་ཁབ་ནས་དོ་དམ་བྱེད་ཁོངས་སུ་བཅུག་པའི་དབྱིངས་ཞུགས་སྦྲིད་སྨན་དང་ཚོར་དབང་གི་སྨན་རྫས་གཞན་དག་ཡིན་པ་རེད།

②རྒྱུན་མཐོང་གི་དུག་རྫས་གང་དག་ཡོད།  

图片1.jpg

ཧེ་རོ་དབྱིན།

图片2.jpg

འཁྱགས་དུག

图片3.jpg

མཱ་ཀུའུ།

图片4.jpg

Kཕྱེ།

图片5.jpg

མགོ་གཡུག་རིལ་བུ།

图片6.jpg

སོ་མ་ར་ཙ།

图片7.jpg

ཀྲི་ཀེ་སིLSD

③དུག་རྫས་ཀྱི་གནོད་འཚེ་གང་དག་ཡོད།

1 ལུས་པོར་དུག་ཕོག་གི་ཡོད་པ་དང་དུས་ཡུན་རིང་པོར་དུག་འཐེན་མཁན་ལ་དུག་ཕོག་པའི་ནད་རྟགས་ཐོན་པ་དཔེར་ན། གཉིད་འཐིབས་པ་དང་། རྣམ་རིག་མི་གསལ་བ།  འཁྱར་རེ་འཁྱོར་རེར་འགྱུར་བ ཁ་ཕྱོགས་མི་ཤེས་པ་སོགས་བྱེད་ཀྱི་ཡོད།

2 གལ་ཏེ་གློ་བུར་དུ་དུག་འཐེན་མཚམས་བཞག་ན། འདུས་ནད་སྣ་ཚོགས་ཐོན་པ་དང་ཚབས་ཆེ་ན་ཤི་ཡང་སྲིད།

3 དུག་འཐེན་མཁན་ལ་རྟག་ཏུ་ཚོར་དབང་སྦྲིད་པའི་སྣང་བ་བྱུང་ནས་འཁྲུལ་སྣང་ཡོང་བ།

4 སྡོད་རྩར་དུག་ཁབ་རྒྱག་པ་དེས་གཉན་ཚད་ཀྱི་འདུས་ནད་ཕོག་སྲིད་པ་སྟེ། རྒྱུན་དུ་མཆིན་མཚད་ནད་དང་། ཨེ་ཙིའི་ནད། རེག་དུག་ནད་སོགས་འགོས་ནད་རང་བཞིན་གྱི་ནད་རིགས་འགོ་སྲིད།

5 དུག་འཐེན་ན་ད་དུང་ཁྱིམ་ཚང་དང་སྤྱི་ཚོགས་ལ་གནོད་འཚེ་ཆེན་པོ་བཟོ་བ་སྟེ། ཁྱིམ་ཚང་ཁ་བྲལ་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུད་དང་ཆུད་ཟོས་ཆེན་པོ་བཟོ་བ་དང་། ཐ་ན་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཁ་བཟོ།

གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་དང་། གཞོན་ནུ་ལོ་ཆུང་གིས་སྨན་རྫས་གང་བྱུང་དུ་སྤྱོད་པར་འགོག་ཟོན་བྱས་ཏེ་ཁོང་ཚོར་བདེ་འཇགས་དང་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་དགོས།


མཉམ་སྤྱོད།