དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-06-28 07:07:53   |   2102

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ6པའི་ཚེས27ཉིན་ཚོགས་འདུ་འཚོགས་ཏེ། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ7པའི་ཚེས15ནས་ཚེས18ཉིན་བར་པེ་ཅིན་དུ་འཚོག་རྒྱུའི་གྲོས་ཐག་བཅད།

  • ཟླ1པོ་ནས5པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར27543.8མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས3.4%འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་གཞི་རྩའི་སྨན་བཅོས་འགན་བཅོལ་གཅིག་གྱུར་འཆར་འགོད་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར11606.17ཟིན་ཡོད།

  • ཚེས26ཉིན་ནོར་སྲིད་པུ་དང་འཕྲལ་སྡོམ་དོ་དམ་པུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར4.96སླར་ཡང་སྔོན་སྤྲོད་བྱས་ནས་ཀྲེ་ཅང་དང་། ཨན་ཧུའེ། ཧྥུ་ཅན་སོགས་ཞིང་ཆེན་དགུའི(རང་སྐྱོང་ལྗོངས)ཆུ་ལོག་དང་ཞོད་སྐྱོན། ས་གཤིས་གནོད་འཚེའི་གེགས་སེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་བྱིན།

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས2025ལོའི་སྔ་རྗེས་སུ་ཐེན་ཝུན་ཨང་གཉིས་པ་འཕེན་གཏོང་བྱས་ནས་རྒྱུ་སྐར་ཆུང་ཆུང་འཚོལ་ཞིབ་ཀྱི་ལས་འགན་སྤེལ་རྩིས་ཡོད།

  • ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་དེ་སྔའི་ཨུ་ཡོན་དང་རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲུང་པུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་བའི་ལི་ཧྲང་ཧྥུ་ལ་ཏང་ཁོངས་ནས་ཕྱིར་འབུད་བྱེད་པའི་ཆད་པ་བཅད།

1.jpg

  • དུས་ཡུན་ལོ7རིང་བསྐྲུན་པའི་ཧྲེན་ཀྲུང་ཟམ་པ་དེ་ཚེས30ཉིན་དངོས་སུ་ཤར་གཏོང་བྱེད་རྒྱུ་རེད། ཤར་གཏོང་བྱས་རྗེས་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་རླངས་འཁོར་སྐོར་བར་སྐར་མ30ལས་འགོར་གྱི་མེད།

  • ས་གནས་དེ་གའི་ཚེས27ཉིན། འཇར་པན་གྱི་སྒོར་མོ་དང་ཨ་སྒོར་བར་གྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར1ལ་འཇར་པན་གྱི་སྒོར་མོ160.50ཡིན་པ་ལས་ཀྱང་མར་ཆག་ནས་ལོ37ཙམ་རིང་གི་རིན་ཐང་ཆེས་དམའ་ཤོས་སུ་སླེབས་ཡོད།

  • ཟླ7པའི་ཚེས1ཉིན་ནས་བཟུང་ལོ་སིས(老挝)ཀྲུང་གོའི་གནས་སྐོར་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རེད། 

    སྤྱི་ཚོགས། 

2.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་སྔོན་བརྡ་བཏང་སྟེ། ཚེས27ཉིན་གྱི་ཆུ་ཚོད20ནས་ཚེས28ཉིན་གྱི་ཆུ་ཚོད20བར་ཀྲེ་ཅང་དང་། ཨན་ཧུའེ། ཅང་ཞི། ཧུའུ་པེ། ཧུའུ་ནན། སི་ཁྲོན་། ཁྲུང་ཆིང་། ཀུའེ་ཀྲོའུ། བོད་ལྗོངས་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་པའི་ཉེན་ཁ་ཅུང་ཆེ།

  • བཟོ་ལས་ཆ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ཟླ5པའི་ཟླ་མཇུག་བར་རང་རྒྱལ་གྱི5Gསྦྲེལ་ཚུགས་སྡོམ་འབོར་ཁྲི383.7ཟིན་པ་དེས་གོ་ལ་ཧྲིལ་པོའི5Gསྦྲེལ་ཚུགས་སྡོམ་འབོར་གྱི60%བཟུང་ཡོད།

  • ཚེས27ཉིན་གྱི་ཆུ་ཚོད24ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་སིལ་ཚོང་རིན་གོང་ཏུན་རེར་སྒོར210དང200བར་འཕར་ཡོད།

  • ཚེས27ཉིན་ཧྲང་ཧའེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་ཏུང་ཡུན་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ཤིང་། ཏུང་ཡུན་ཧུའུ་ལ་ཁྲིམས་འགལ་ངང་མི་དམངས་ཤོག་སྒོར་དུང་ཕྱུར1.48ལྷག་ཙམ་བླངས་པའི་ཞུ་གཏུག་ཕོག་ཡོད། 

  • རྒྱལ་སྤྱིའི་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་ཕའེ་ཆིའུ་སྤོ་ལོའི་ཚོགས་ཆུང་འགྲན་སྡུར་གྱི་འགྲན་རིམ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་ཚོགས་ཆུང་གིས་ཟླ7པའི་ཚེས29ཉིན་འགྲན་ཡ་ཐོག་མ་ཨ་རིའི་རུ་ཁག་དང་འགྲན་སྡུར་བྱེད་རྒྱུ་རེད། 

3.jpg

  • ཚེས27ཉིན་ལྷོ་ཕྱོགས་མཁའ་འགྲུལ་གྱི་གནམ་གྲུCZ649ཀོང་ཀྲོའུ་ནས་པུ་ཏ་ཕེ་སིར(布达佩斯)་ཐད་ཀར་འཕུར་བའི་འཕུར་ཐེངས་དང་པོ་ལེགས་འགྲུབ་བྱུང་། དེ་ཡིས་ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་པོ་བཅས་ནས་ཧང་ག་རིའི་བར་ཐད་ཀར་འཕུར་བའི་འགྲུལ་སྐྱེལ་མཁའ་ལམ་ཐོག་མ་དེ་དངོས་སུ་ཤར་གཏོང་ཐུབ་པ་མཚོན།

4.jpg

  • ཉེ་ཆར་ཀྲུང་གོ་ཚན་རིག་ཁང་ཞི་ཧྲོང་པན་ན(西双版纳)ཚ་ཁུལ་རྩི་ཤིང་གླིང་ཀའི་སྲིན་འབུ་མེ་ཁྱེར་གྲངས་ཀ་ཆེས་མང་བའི་དུས་ལ་སླེབས།

5.gif

  • ཉེ་ཆར་ཧོ་པེ་ཧེང་ཧྲུའེ(湖北衡水)ཡི་བྱིས་པ་ཞིག་ཧ་ཅང་དོག་ཅིང་ཟབ་ཚད་ལ་སྨི15ཡོད་པའི་ཁྲོན་པའི་ནང་ལྷུང་བ་ན། གཟུགས་པོའི་རིང་ཚད་ལ་སྨི1ཡན་ཡོད་པའི་གྲོང་མི་ཀྲའོ་ཁྲེང་ལུང་གིས་ཁྲོན་པའི་ནང་བབས་ནས་བྱིས་པ་སྐྱོབ་རྒྱུའི་རེ་བ་བཏོན།

    སྲིད་ཇུས།

  • ཀན་སུའུ་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ་ལོ་ལྟར་མིང་ཐོ100ལོགས་སུ་བགར་ཏེ་བཟོ་ལས་ཁྱབ་ཁོངས་ཀྱི་གཞོན་ནུ་ཤེས་ལྡན་མི་སྣ་འདེམས་སྒྲུག་བྱེད་རྒྱུ་ཡིན་པ་དང་ལོ་གསུམ་གྱི་དུས་འཁོར་ནང་མི་རེར་ཆེད་དོན་རོགས་སྐྱོར་སྒོར་ཁྲི15སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་འཕེལ་རྒྱས་འཆར་འགོད་པར་འགྲེམས་བྱས་ཏེ2025ལོར་སླེབས་སྐབས་རིམ་པ4Aཡན་གྱི་གནས་སྐོར་མཛེས་ལྗོངས་ཁུལ་དུ་གློག་སྒུལ་རླངས་འཁོར་གྱི་སྤྱི་པའི་གློག་གསོག་ས་ཁོངས་འཛུགས་དགོས་པའི་བླང་བྱ་བཏོན།

  • ཀོང་ཏུང་ཀོང་ཀྲོའུ་ཡིས་བརྡ་ཐོ་པར་འགྲེམས་བྱས་ཏེ་རྩ་དོན་ཐོག་སློབ་ལོ་རེར་སློབ་མ་ཚང་མའི་ཁྱིམ་ཚང་ལ་འཚམ་འདྲི་ཐེངས་རེ་བྱ་རྒྱུ་དང་། གཙོ་གནད་བྱ་ཡུལ་ལ་སློབ་སྐབས་རེར་ཉུང་མཐར་ཡང་ཁྱིམ་དུ་འཚམ་འདྲི་ཐེངས་རེ་བྱེད་དགོས་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

6.jpg

  • ཧོ་ནན་གྱི་ལྷོ་རྒྱུད་དང་། ཨན་ཧུའེ། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་གི་དབུས་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཧུའུ་པེ། ཁྲུང་ཆིང་གི་དབུས་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧུའུ་ནན་གྱི་ལྷོ་རྒྱུད། ཨན་ཧུའེ་ཡི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།