དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-01 07:39:14   |   1094

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  • ཧྲིན་ཀྲིན་ནས་ཀྲུང་ཧྲན་བར་གྱི་གཙང་བརྒལ་བགྲོད་ལམ་དེ་ཟླ6ཚེས30ཉིན་ཤར་གཏོང་ཐུབ་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཡི་གེ་བསྐུར་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། འཆར་འགོད་འཛུགས་སྐྲུན་ནང་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས།

  • ཟླ7ཚེས2ནས་ཚེས6ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་འཚོགས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་རྒྱུ་དང་། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁ་ཡེ་ཕུའུ་དང་ཐ་ཅི་ཁེ་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཧོ་མོང་གི་གདན་ཞུས་ལྟར་རྒྱལ་ཁབ་གཉིས་པོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • ཟླ7ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས13པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2022ལོའི་ཟླ10ཚེས16ཉིན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྤེལ་བའི《དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་ཀྲུང་གོའི་གུང་ཁྲན་ཏང་གི་ལས་འགན》ཞེས་པའི་སྐོར་གྱི་སྙན་ཞུའི་ནང་གི་ཆ་ཤས་ཤིག་སྤེལ་རྒྱུ་རེད། 

  • ཀྲུང་དབྱང་རྩ་འཛུགས་པུའི་ཏང་ནང་གི་སྡོམ་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། 2023ལོའི་ལོ་མཇུག་བར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྡོམ་འབོར་ཁྲི9918.5སླེབས་པ་དང་། དེ་ལོ་གོང་མ་ལས་ཁྲི114.4འཕར་ཡོད་པ་རེད། 

  • 2021ལོའི་ཟླ6ཚེས18ཉིན་འགྲེམས་སྟོན་ཁང་སྒོ་ཕྱེ་པ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་གིས་ལྟད་མོ་བ་མི་ཐེངས་ཁྲི350ལྷག་ཙམ་དང་ཚོགས་པ་ཁྲི1ལྷག་ཙམ་སྣེ་ལེན་བྱས་པ་དང་། དེའི་ནང་། གཞོན་ནུ་ལོ་ཆུང་མི་ཐེངས་ཁྲི55ཡོད་པ་རེད། 

  • རྒྱལ་ཁབ་སྡོམ་རྩིས་ཅུ་དང་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ6པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)49.5%སླེབས་པ་དང་། དེ་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་དང་བཟོ་སྐྲུན་ལས་རིགས་ཀྱི་དར་རྒྱས་ཚད་གཞི་གཞི་རྩའི་ཐོག་བརྟན་པོ་ཡོད་པ་རེད། 

  • ཉེ་ཆར། ནོར་སྲིད་པུ་ཡིས2024ལོའི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བཅོས་སྐྱོང་མ་དངུལ་སྒོར་དུང་ཕྱུར172སྔོན་རྩིས་བྱས་ནས་བཏང་ཡོད། 

01.jpg

  • རང་རྒྱལ་གྱི་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བ་ཐོག་མ་སྟེ། ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར(海南商业航天发射场)འཕེན་གཏོང་ལག་བསྟར་བྱེད་པའི་ནུས་པ་ལྡན་ཡོད། 

02.jpg

  • ཟླ6ཚེས30ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་དང་། བོད་ལྗོངས་ཀྱི་རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ1196སླེབས་ཡོད། 

    སྤྱི་ཚོགས། 

03.jpg

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་སྔོན་ཚུད་ཉེན་བརྡ་བཏང་སྟེ། དེ་རིང་། ཧུའུ་ནན་དང་ཀོང་ཞི། ཀུའེ་ཀྲོའུ་སོགས་ས་ཁུལ་ཁག་གཅིག་ཏུ་རི་ཉུལ་དང་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་ཆེན་པོ་ཡོད་པ་རེད། 

  • ནོར་སྲིད་པུ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུ་གཉིས་ཀྱིས་ཟླ6པའི་ཟླ་མཇུག་ཏུ་སྒོར་ཁྲི4500བཏང་ནས་ཨན་ཧུའེ་དང་། ཧུའུ་པེ། ཁྲུང་ཆིང་། ཧེ་ལུང་ཅང་སོགས་ཞིང་ཆེན(གྲོང་ཁྱེར)4ཡིས་ཆུ་འབྲུབ་དུས་གཏོར་བརླག་ཐེབས་པའི་གཞུང་ལམ་འཕྲལ་སྡོམ་དང་འཕྲལ་སྡོམ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད། 

  • ཟླ7ཚེས1ཉིན། 2024ལོའི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་དང་། ཆ་རྐྱེན་དང་མཐུན་པའི་སྨན་རྫས་ཁེ་ལས་ཀྱིས་ཡིག་ཐོག་སྙན་ཞུའི་དཔྱད་གཞི་འབུལ་མགོ་ཚུགས་ཆོག་གི་ཡོད་པ་རེད། 

  • སློབ་གསོ་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱར་ཁའི་གུང་གསེང་རིང་གི་སློབ་གསོ་པུ་ཡི་མཐོ་སློབ་སློབ་མའི་རོགས་སྐྱོར་ཐད་སྦྲེལ་ཁ་པར་ཟླ7ཚེས1ཉིན་ཤར་གཏོང་བྱ་རྒྱུ་དང་། བདག་སྤྲོད་དུས་ཚོད་ཟླ9ཚེས15ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད། 

  • ཀྲུང་གོའི་མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་དྲ་ཐོག་ནས་རྒྱལ་ནང་གི“དར་ཁྱབ་ཆེ་བའི་ཐོན་རྫས”ཉོ་མཁན་གྱི་གཞི་ཁྱོན་དུང་ཕྱུར5.3སླེབས་ཡོད་པ་རེད། 

  • ཉིན་ཤས་གོང་། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་གྱི་བུད་མེད་ཕོར་རྫིང(碗池)འགྲན་བསྡུར་ནང་ཀོང་ཏུང་ཧུའེ་ཀྲོའུ་ཡི་ལོ11ལ་སླེབས་པའི་ཀྲེང་ཧོ་ཧོ་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྤ་སེ་ཐོབ་ཅིང་། སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་ལོ་ན་གཞོན་ཤོས་ཀྱི་ལུས་རྩལ་པ་ཞིག་ཏུ་འགྱུར་སྲིད། 

  • ད་ལོའི་དབྱར་ཁའི་གུང་གསེང་ནང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གློག་བརྙན80ལྷག་ཙམ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་རྒྱུ་རེད། 

05.png

  • ཉེ་ཆར། རང་རྒྱལ་གྱི་པར་ལེན་པས་ཉིན70ལྷག་ཙམ་རིང་བྱ་ནེ་ཙོས་ཕྱི་རོལ་དུ་སྐྱེ་འཕེལ་བྱེད་པའི་བརྒྱུད་རིམ་ཐོག་མར་ཟིན་ཐོ་ཆ་ཚང་བཀོད་ཡོད། 

06.jpg

  • སི་ཁྲོན་ཕུང་ཤིས(蓬溪)ཀྱི་གྲོང་མི་ཞིག་གི་ཁང་པར་མེ་ཤོར། མཐོ་རྒྱུགས་ནང་ཞུགས་མ་ཐག་པའི་ཝུའུ་པིན་པིན་ཁང་པའི་ནང་ཐེངས་གསུམ་རྒྱུག་ནས་སྔ་རྗེས་སུ་རྒན་རྒོན2པང་དུ་བཟུང་ནས་སྐྱབས་པ་ཟད། གློག་སྒོ་བརྒྱབ་སྟེ་མེ་ཤོར་བར་བཀག་འགོག་བྱས་པ་རེད། 

    སྲིད་ཇུས།  

  • པེ་ཅིང་གིས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ300(ཚུད་པ)མན་གྱི་སྤྱི་དམངས་འདུ་འཛོམས་བྱ་ཡུལ་བེད་སྤྱོད་དང་ལས་གཉེར་མ་བྱས་གོང་། མེ་ཟོན་བདེ་འཇགས་ཞིབ་བཤེར་མི་བྱེད་པའི་བྱེད་ཐབས་བཏོན་ཡོད་པ་རེད། 

  • ཧོ་པེ་ཡིས་བརྡ་ཐོ་པར་འགྲེམས་བྱས་ནས་བུ་ཕྲུག་མང་བའི་ཁྱིམ་ཚང་གིས་ཚོང་ལས་དངུལ་བུན་རེ་ཞུ་བྱེད་པའམ་ཡང་ན་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་རེ་ཞུ་བྱས་ནས་ཚོང་ཟོག་སྡོད་ཁང་ཉོ་སྐབས། ཁྱིམ་ཚང་གི་ཁོངས་མིར་ས་གནས་དེ་གའི་སྡོད་ཁང་ཡོད་ཀྱང་། སླར་ཡང་ཉོ་བར་སྡོད་ཁང་དང་པོ་ལྟར་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 

  • ནང་སོག་གིས་བརྡ་ཐོ་བཏང་སྟེ། ཡིད་རྟོན་མ་བྱུང་བའི་མིས་རང་འགུལ་ངང་མི་དམངས་ཁྲིམས་ཁང་ལ་ཁས་ལེན་བྱས་ཏེ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་གཞོགས་འདེགས་ཧུར་ཐག་དང་རྒྱུ་ནོར་ཇི་མ་ཇི་བཞིན་སྙན་ཞུ་བྱས་པར། ཞིབ་བཤེར་བྱས་ནས་ཆ་རྐྱེན་དང་མཐུན་པ་ཡིན་ན། མི་དམངས་ཁྲིམས་ཁང་གིས་ཟླ་བ་གཅིག་ནས་གསུམ་བར་གྱི་དུས་ཡུན་ནར་འགྱངས་བྱས་ནས་ཆད་གཅོད་བསླབ་འདོམས་བྱ་ཐབས་ལག་བསྟར་བྱེད་རྒྱུ་གནས་སྐབས་སུ་ནར་འགྱངས་བྱས་ཆོག 

དེ་རིང་གི་གནམ་གཤིས། 

07.jpg

  • ཅང་སུའུ་དང་ཨན་ཧུའེ་ལྷོ་རྒྱུད། ཧྲང་ཧའེ། ཀྲེ་ཅང་བྱང་རྒྱུད། ཅང་ཤིས་བྱང་རྒྱུད། ཧུའུ་པེ་ཤར་རྒྱུད། ཧུའུ་ནན་དབུས་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་། ཀུའེ་ཀྲོའུ་ཤར་རྒྱུད། ཀོང་ཤིས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་། ཧུའུ་ནན་ལྷོ་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཀུའེ་ཀྲོའུ་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།