དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག【ཁག22པ།】

2024-07-01 08:59:46   |   172

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་བརྒྱ་ཐམ་པ། འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་བག་སྟོན་དང་། གཤིན་པོ་འདས་འཇུག དགའ་སྟོན་རྟེན་འབྲེལ་བཅས་ཀྱི་བྱེད་སྒོ་སྤེལ་ཏེ། བྱ་བར་ཤུགས་རྐྱེན་ངན་པ་བཟོས་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། སྐབས་བསྟུན་གྱིས་རྒྱུ་ནོར་བསྡུ་ལེན་བྱས་པའམ་ཡང་ན་རྒྱལ་ཁབ་དང་། ཐུན་མོང་། མི་དམངས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་གཞན་དག་ཡོད་རིགས་ལ། ཆད་པ་ལྕི་མོ་གཅོད་པའམ་ཡང་ན་ཆད་པ་ཇེ་ལྕི་རུ་གཏོང་རྒྱུ་དང་། ཐ་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་དང་པོ། གཞུང་དོན་དྲང་གཞག་གིས་སྒྲུབ་པར་གནོད་སྲིད་པའི་གསོལ་སྟོན་ནམ་ཡང་ན་གནས་སྐོར། ལུས་སྦྱོང་། རོལ་རྩེད་སོགས་ཀྱི་བྱེད་སྒོའི་བཀོད་སྒྲིག་དང་ལེན་དང་མཁོ་འདོན་བྱས་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།དོན་ཚན་བརྒྱ་དང་གཉིས་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ལུས་སྦྱོང་བྱང་བུ་དང་། འདུ་གནས་དང་སྤྲོ་སྐྱིད་ཁང་གི་ཁོངས་མིའི་བྱང་བུ། ཀོར་ཧྥུ་སྤོ་ལོའི་བྱང་བུ་སོགས་འཛད་སྤྱོད་བྱང་བུ་(འཛིན་ཤོག་)སྣ་ཚོགས་རག་ཐབས་དང་། བདག་གིར་བཟུང་བ། དངོས་སུ་བེད་སྤྱོད་བཅས་བྱས་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་སྒེར་གྱི་འདུ་གནས་སུ་འགྲོ་འོང་བྱས་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། དོན་ཚན་བརྒྱ་དང་གསུམ་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཁེ་གཉེར་གྱི་བྱེད་སྒོ་སྤེལ་སྐབས་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ། 

(གཅིག) ཚོང་དོན་དང་ཁེ་ལས་གཉེར་རིགས།

(གཉིས) ཚོང་རར་ཞུགས་མེད་པའི་ཀུང་སིའི་(ཁེ་ལས་)མ་རྐང་ངམ་དངུལ་འཛིན་མངའ་བའི་རིགས།

(གསུམ) རྐང་འཛིན་ཉོ་ཚོང་ངམ་དངུལ་འཛིན་གྱི་མ་དངུལ་གཞན་དག་བཞག་རིགས།

(བཞི) རིན་དོད་ཡོད་པའི་བར་སྨྱན་བྱེད་སྒོ་སྤེལ་རིགས།

(ལྔ) རྒྱལ་ཁབ་(མངའ་ཁོངས་)ཕྱིར་ཀུང་སི་ཐོ་འགོད་བྱས་པའམ་ཡང་ན་མ་དངུལ་དང་མ་རྐང་བཞག་རིགས།

(དྲུག) འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བའི་བྱ་སྤྱོད་གཞན་དགཁེ་ལས་བསྐྱར་སྒྲིག་དང་ལམ་ལུགས་སྒྱུར་བཅོས། དམིགས་བཀར་འཕར་འགྲེམ། ཟླ་སྒྲིལ་དངུལ་འཇོག ས་ཆ་སྤྱོད་དབང་ནང་བཤུག་གཏོང་བ་སོགས་ཀྱི་ལས་ཀའི་ནང་ཞུགས་པའི་ཆ་འཕྲིན་སྤྱད་དེ་རྐང་འཛིན་ཉོ་ཚོང་བྱེད་པ་དང་། འགན་དབང་ངམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཚོང་སྐུར་ཐོན་རྫས་དང་ཐེབས་རྩ་ཉོ་བ་སོགས་ཀྱི་ཐོག་ནས་ཚུལ་མིན་གྱི་ཁེ་སྤོགས་རག་ཐབས་བྱས་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་སོགས་ཀྱི་སྡེ་ཚན་ནང་ལས་འགན་གཅིག་ལྕོགས་ཁུར་བའམ་ཡང་ན་གཅིག་ལྕོགས་བྱེད་འཐུས་ཀྱི་ཆོག་མཆན་ཐོབ་ཀྱང་གླ་ཕོགས་དང་། བྱ་དགའི་དངུལ། ཕོགས་སྣོན་སོགས་ཀྱི་ཁེ་ཕན་འཕར་མ་ཐོབ་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།དོན་ཚན་བརྒྱ་དང་བཞི་པ། འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་ལ་ཞིབ་མཆན་བཀོད་ནས་ལྟ་སྐུལ་དོ་དམ་དང་། ཐོན་ཁུངས་གསར་སྤེལ། དངུལ་རྩའི་ཡིད་རྟོན་དངུལ་བུན། འབོར་ཆེན་སྡེབ་ཉོ། ས་ཆ་སྤྱོད་དབང་ནང་བཤུག་གཏོང་བ། ས་ཁང་ཐོན་ལས་གསར་སྤེལ། ལས་གྲྭ་འོས་སྐུལ་འོས་དཔོད་བཅས་དང་དེ་བཞིན་སྤྱི་པའི་ནོར་སྲིད་གཏོང་ཡོང་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་གིས་བཅོལ་དངུལ་བསྡུ་ལེན་དང་། དངུལ་རྩའི་ཐོན་རྫས་འགྲེམ་ཚོང་། ཐོན་རྫས་རྩ་ཆེན་རིགས་ཀྱི་དམིགས་བསལ་ཐོན་ཁུངས་གཉེར་སྐྱོང་བྱེད་པ་སོགས་ལ་ཁེ་ཕན་གཉེར་རོགས་བྱས་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།དོན་ཚན་བརྒྱ་དང་ལྔ་པ། ལས་གནས་ནས་ཁ་བྲལ་བའམ་ལས་འཁྱུར་(ལས་བྲལ་)ངལ་གསོ་བྱས་རྗེས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། དེ་སྔའི་འགན་གནས་འཛིན་ཁོངས་ཀྱི་ས་ཁུལ་དང་ལས་སྒོ་སྒྲུབ་ཁོངས་ནང་ངམ་ཡང་ན་དེ་སྔའི་ལས་སྒོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་ལས་དང་བར་སྨྱན་སྒྲིག་གཞི་སོགས་སྡེ་ཚན་གྱི་གདན་ཞུ་དང་ལེན་བྱས་པའམ་ཡང་ན་སྒེར་གྱིས་དེ་སྔའི་འགན་གནས་འཛིན་ཁོངས་ཀྱི་ལས་སྒོ་སྤེལ་བའམ་དེ་སྔའི་ལས་སྒོ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཁེ་གཉེར་བྱེད་སྒོ་སྤེལ་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་བའམ་ལས་བྲལ་(ལས་འཁྱུར་)ངལ་གསོ་བྱས་རྗེས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། ཚོང་རར་ཞུགས་པའི་ཀུང་སི་དང་། ཐེབས་རྩ་དོ་དམ་ཀུང་སིའི་རང་ཚུགས་ལས་འཛིན་པ་དང་། རང་ཚུགས་ལྟ་ཞིབ་པ་སོགས་ཀྱི་གོ་གནས་ཁུར་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།


མཉམ་སྤྱོད།