དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས་དགུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་མདའ་བ་རྩེ་གྲས་ཀྱི་འགྲན་སྡུར་རྐང་ཚ་རུ་འཚོག་རྒྱུ་རེད།

2024-07-01 10:12:42   |   433

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


སྐབས་དགུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་མདའ་བ་རྩེ་གྲས་ཀྱི་འགྲན་སྡུར་དེ་ཟླ7པའི་ཚེས20ནས་ཚེས23ཉིན་བར་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་འཚོག་རྒྱུ་རེད། 

སྐབས་འདིའི་འགྲན་སྡུར་ལ་གཞུ་རིགས4དང་རྣམ་གྲངས5བཀོད་སྒྲིག་བྱས་ཡོད་དེ། སྨྱུག་གཞུ་དང་གཞུ་འཁོར་ལོ་མ། ལྕགས་གཞུ། རྭ་གཞུ་བཅས་འདུས་པས་མདའ་འཕེན་པའི་དགོས་མཁོ་སྣ་ཚོགས་སྐོང་ཐུབ། ཐེངས་འདིར་རྒྱལ་ཁབ་དང་ས་ཁུལ25ནས་ཡོང་བའི་ལུས་རྩལ་པ900ལྷག་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་ལ། ལོ་རྒྱུས་རིག་གནས་དང་མི་རིགས་སྲོལ་རྒྱུན། མདའ་འཕེན་ལག་རྩལ་བཅས་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་སྒྲུབ་འགན་འཁུར་ཡུལ་གྱི་མདའ་འཕེན་ལུས་རྩལ་གྱི་ཁྱད་ཆོས་ལ་བརྟེན་ནས་ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་མངོན་པར་བྱས་ཤིང་། ཞིང་ལས་དང་ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་དམངས་ཡོངས་ལུས་སྦྱོང་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་འཛུགས་སྐྲུན་ལས་དོན་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་བྱས་ཡོད། 

སྐབས་འདིའི་འགྲན་སྡུར་ནི་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་སྟོན་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་། ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། རྐང་ཚ་རྫོང་སྲིད་གཞུང་དང་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུ། ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་གྱི་ཡོད།   རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་མདའ་བ་རྩེ་གྲས་ཀྱི་འགྲན་སྡུར་གཉེར་བ་ནས་བཟུང་། མི་རིགས་སྲོལ་རྒྱུན་རྒྱུན་ཆད་མེད་པར་དར་སྤེལ་དང་མདའ་འཕེན་ལག་རྩལ་ཁྱབ་གདལ་བཏང་ཡོད་ཅིང་། ས་གནས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས་བཅས་གཅིག་སྡུད་བྱས་ཡོད་པ་མ་ཟད། ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཟོང་རྟགས་འགྲན་བསྡུར་གསར་དུ་བསྐྲུན་པས། རང་རྒྱལ་གྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་ཁྲོད་ཚད་གཞིའི་རིམ་པ་ཆེས་མཐོ་ཤོས་དང་གྲངས་ཉུང་མི་རིགས་ཀྱི་མདའ་བ་ཆེས་མང་ཤོས། འགྲན་སྡུར་ལ་ཞུགས་པའི་རྒྱལ་ཁབ་དང་ས་ཁུལ་ཆེས་མང་ཤོས། གཞུ་རིགས་དང་རྣམ་གྲངས་ཆེས་ཆ་ཚང་ཤོས་བཅས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ཟོང་རྟགས་འགྲན་བསྡུར་ཞིག་ཏུ་གྱུར་ཡོད།  


མཉམ་སྤྱོད།