རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།
ཉེ་ཆར། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུ་ཡིས་གཙོ་སྒྲུབ་བྱས་ཤིང་། “མི་རིགས་སོ་སོའི་འགྲོ་འོང་འབྲེལ་འདྲིས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ”བརྗོད་དོན་ཡིན་པའི་ཟི་ལིང་ས་ཁུལ་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སོ་དྲུག་པ་ཟི་ལིང་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་དུ་འཚོགས། ཐེངས་འདིའི་དུས་ཆེན་སྟེང་། རིག་རྩལ་འཁྲབ་སྟོན་དང་ཡིག་གཟུགས་འགྲེམ་སྟོན། མདའ་འཕེན་འགྲན་སྡུར། ཞིང་ཕྱུགས་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་རྫས་འགྲེམ་སྟོན་སོགས་བྱ་འགུལ་ཕུན་སུམ་ཚོགས་པ་བཀོད་སྒྲིག་བྱས་ཡོད།