དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-02 07:12:33   |   181

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ས་མན་ཧྲ·མོ་སི་ཐིང(萨曼莎·莫斯廷)ལ་གློག་འཕྲིན་བཏང་ནས་མོ་རང་ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་ལྟ་སྐུལ་བར་བསྐོ་བཞག་བྱས་པར་རྟེན་འབྲེལ་ཞུས།

  • ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། ཟླ6པའི་ཚེས30ཉིན་གྱི་ཆུ་ཚོད17བར་རྒྱལ་ཡོངས་ཀྱི་དབྱར་ཁའི་འབྲུ་རིགས82%བཏབ་ཟིན་འདུག

1.jpg

  • རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་ཁའི་གུང་གསེང་གི་སྐྱེལ་འདྲེན་ཟླ7པའི་ཚེས1ཉིན་མགོ་ཚུགས་པ་དང་། ཟླ7པའི་ཚེས1ཉིན་ནས་ཟླ8པའི་ཚེས31ཉིན་བར་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར8.6སྐྱེལ་འདྲེན་བྱ་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ6པའི་ཚེས30ཉིན་བར། ད་ལོའི་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར800ལས་བརྒལ་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ5པའི་ཟླ་མཇུག་ཏུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་མ་རྩ་ཁྱོན་སྒོར་དུང་ཕྱུར་ཁྲི171.26ཟིན་པ་དེ་དུས་མཚུངས་ལས6.0%འཕར་ཡོད།

  • མི་ཤུགས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7པའི་ཚེས1ནས་ཚེས7ཉིན་བར། ཉིན་བརྒྱའི་ལས་གནས་ཁྲི་སྟོང་གིས་ལས་མི་འཚོལ་བའི་བྱེད་སྒོ་སྤེལ་རྒྱུ་དང་། ལས་གནས་ལ་ནུས་རྒྱུ་གསར་པ་དང་། སྨན་བཅོས་འཕྲོད་བསྟེན། སིལ་ཚོང་། མྱུར་སྐྱེལ་ལས་རིགས་སོགས་ཡོད་ཅིང་། དྲ་ཐོག་ཏུ་གདན་ཞུའི་ཆེད་དོན་ཚོགས་ར4བཏོན་ཡོད་པ་དང་གདན་ཞུའི་དགོས་མཁོ་མི་ཐེངས་ཁྲི6.8ལས་བརྒལ་ཡོད།

  • ཕྱི་འབྲེལ་པུས་ཟླ7པའི་ཚེས1ཉིན་བསྟན་དོན། ཨ་སི་ཐ་ན(阿斯塔纳)དབུ་ཚོགས་ཀྱི་རྗེས་སུ། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་ཞེས་བཤད།

  • རྒྱལ་ཁབ་རྒྱལ་མཚམས་འགྲོ་འོང་དོ་དམ་ཅུས་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2024ལོའི་ཟླ7པའི་ཚེས10ཉིན་ནས་བཟུང་ཞང་ཀང་དང་ཨའོ་མོན་གྱི་ཡུན་སྡོད་གྲོང་མི་ལས་རྒྱལ་ཁོངས་ཀྲུང་གོ་མིན་པའི་མི་སྣར་ནང་ལོག་ཏུ་འགྲོ་འོང་བྱེད་པའི་ལམ་ཡིག་སྤྲད་རྒྱུ་རེད།

  • ཟླ7པའི་ཚེས1ཉིན། རླུང་སྤྲིན་གསུམ་པའི་སྐར་མFཡིས་གོ་ལ་ཧྲིལ་པོའི་ས་རླངས་མ་ལག(地气系统)ལ་ཕྱོགས་བསྡུས་འཚོལ་ཞིབ་བྱ་རྒྱུ་རེད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ7པའི་ཚེས3ཉིན་ནས་བཟུང་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས་ཏུའུ35ནས་ཏུའུ38བར་སླེབས་རྒྱུ་རེད།

  • ཟླ7པའི་ཚེས1ཉིན་ནས་བཟུང་རང་རྒྱལ་ཁྱོན་ཡོངས་ནས་ཆུ་འབྲུབ་པའི་དུས་སྐབས་སུ་སླེབས།

  • ཟླ6པའི་ཚེས12ནས་ཚེས30ཉིན་བར། ལིའུ་ཅ་ཞ་ཆུ་མཛོད་ནས་ཁྱོན་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར23བཏང་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཐན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས“དབྱི་ཧྥང་མེ་ངོ་སྣུམ”སོགས་བྱུག་རྫས་ཁག17གཏན་འབེབས་དང་མི་མཐུན་ཞིང་གཏན་འགོག་བྱས་པའི་རྒྱུ་ཆ་ཞིབ་བཤེར་བྱས་པ་ཁྱབ་བསྒྲགས་བྱས། 

2.jpg

  • ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད15བར། ཧྲེན་ཀྲུང་བགྲོད་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ཚོད་ལྟ་བྱས་ཚུན་གྱི་ཆུ་ཚོད24ཡི་རིང་འཁོར་རྒྱུག་ཚད་ཁྲི12.5ལས་བརྒལ་འདུག

3.jpg

  •   ཟླ7པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཏེ། ནུས་མཐོའི་དུས་མཉམ་འགྱེད་འཕྲོ་འོད་ཁུངས་ཀྱི་གསོག་ཉར་གདུབ་ལེགས་གྲུབ་བྱུང་ཞིང་། དེས་གསོག་ཉར་གདུབ་ཡོངས་སྦྲེལ་ཐུབ་པ་དང་མཉམ་འབྲེལ་སྙོམ་སྒྲིག་གི་དུས་མཚམས་སུ་སླེབས་པ་མཚོན།

4.jpg

  • རང་རྒྱལ་གྱི་མཚོ་ཐོག་གི་ཕྱོགས་ཡོངས་ཀྱི་ལྗང་མདོག་ཇུས་འགོད་སྣུམ་ཞིང་ཐོག་མ་སྟེ། ཝུའུ་ཧྲི23-5སྣུམ་ཞིང་ཚོགས་པའི་གསར་སྤེལ་རྣམ་གྲངས་ཀྱིས་ཟླ7པའི་ཚེས1ཉིན་ནས་བཟུང་བདེ་བླག་ངང་ཐོན་སྐྱེད་བྱེད་མགོ་ཚུགས།

  • ཟླ7པའི་ཚེས1ཉིན་ནས་བཟུང་ཧུའུ་པེ་ཞིང་ཆེན་རྟེན་མཛོད་ཁང་སོགས་མཛེས་ལྗོངས་ཁུལ2ཕུད་པའི་ཝུའུ་ཧན་གྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དུ་སྔོན་འགྲོའི་དུས་བཀག་ཁྱོན་ཡོངས་ནས་མེད་པར་བཟོས།

  • ཞིན་ཅང་ཁ་ཧྲི་ནས་ཞང་ཀང་བར་གྱི་འགྲུལ་སྐྱེལ་ཐད་འཕུར་མཁའ་ལམ་ཐོག་མ་དེ་ཟླ7པའི་ཚེས1ཉིན་དངོས་སུ་ཤར་གཏོང་བྱས།

    སྲིད་ཇུས།

  • པེ་ཅིང་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ7པའི་ཚེས1ཉིན་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་མི་སྣས་ཅིང་ཏུང་དང་མེ་ཐོན་སོགས་དྲ་ཐོག་སྟེགས་བུ་ནས་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་སྤྱད་དེ་དམིགས་འཛུགས་སིལ་ཚོང་སྨན་ཚོང་ཁང300ནས་སྨན་རྫས་ཉོ་ཆོག་གི་ཡོད།

  • ཅང་སུའུ་ཡིས་སྒྲིག་སྲོལ་གསར་པ་ལག་བསྟར་བྱས་ཏེ། “སྦྲུམ་རྟེན་གསོ་སྐྱོང་”སོགས་སྐྱེ་འཕེལ་རམ་འདེགས་རིགས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས13དང་ཕྲུ་གུ་བཙའ་སྐབས་ན་ཟུག་གཅོད་པའི་རྣམ་གྲངས་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག

  • ཧུའུ་པེས་བརྡ་ཐོ་པར་འགྲེམས་བྱས་དོན། རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ལས་འཛུགས་སྐྲུན་དང་། སྤྱི་པའི་འཛུགས་སྐྲུན་ཆེ་གྲས། དེ་བཞིན་གཞུང་ཁོངས་མ་དངུལ་གྱིས་འཛུགས་སྐྲུན་ལ་མ་འཇོག་བྱས་པའི་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་བཅས་ཀྱིས་རབ་ན་ལྗང་མདོག་ཨར་ལས་རྒྱུ་ཆ་སྤྱོད་དགོས། 

    དེ་རིང་གི་གནམ་གཤིས།

5.jpg

  • ཅང་སུའུ་ཡི་དབུས་བྱང་རྒྱུད་དང་། ཨན་ཧུའེ་ཡི་ས་ཆ་མང་ཆེ་བ། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་གྱི་དབུས་ཤར་དང་ལྷོ་ནུབ་རྒྱུད་། ཅང་ཞིའི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ཤར་ལྷོའི་རྒྱུད་བཅས་དང་དེ་བཞིན་ཧོ་པེའི་ལྷོ་རྒྱུད་དང་། ཧྲན་ཏུང་གི་ནུབ་བྱང་རྒྱུད་དང་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད། ཞིན་ཅང་གི་ནུབ་བྱང་བཅས་སུ་ཆར་བ་ཆེ་བ་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།