དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁ་དོག་རྣམ་པར་བཀྲ་བའི་ཚྭ་འདམ་གཞོང་ས།

2024-07-02 08:33:06   |   1015

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཀུན་ལ་གྲགས་པའི་ཀྲུང་གོའི“ནོར་བུའི་གཏེར་གཞོང”ཡིན་པའི་ཆ་ནས། མཚོ་སྔོན་གྱི་ཚྭ་འདམ་གཞོང་ས་རུ། དོན་དམ་པར་ཧ་ལས་པའི“ནོར་བུ”ཅི་ཞིག་སྦས་ཡོད་དམ།

གསེར་འོད་འཕྲོ་བའི“རྟག་བརྟན་གྱི་ངག་རྒྱུན”

ང་ཚོས་གསེར་མདོག་གླེང་མ་ཐག་ཐོག་མར་ཡིད་ལ་དྲན་པ་ནི་གསེར་ཡིན་ནའང་། དེ་རིང་ང་ཚོས་མཚོ་སྔོན་དུ་སྟོབས་ཤུགས་ཆེས་ཆེ་བའི“གསེར་མདོག”གཞན་ཞིག་སྟེ། འོད་གླེང་བར་བྱེད། 

“ཁྱོད་རང་འོད་ལ་ཡིད་ཆེས་སམ།”

ངེས་པར་དུ་ཤེས་དགོས་པ་ཞིག་ལ་ཚྭ་འདམ་གཞོང་སར་ཆེས“གོང་ཐང་མཐོ་བའི”ཁ་དོག་ནི་ཉི་འོད་ཀྱི་ཁ་དོག་ཡིན་ལ། འདི་ནི་རྒྱལ་ཡོངས་ཀྱི་འོད་འཕྲོའི་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་སྟེ། མིང་དུ་གྲགས་པའི“ཉི་འོད་ས་རྒྱུད”ཡིན། 

图片1.jpg

ཚྭ་འདམ་གཞོང་སར། ཉི་ནུས་ཀྱི་ལོའི་འགྱེད་འཕྲོའི་སྤྱི་འབོར་ཀྲའོ་ཅའོ་རེར་སྨི་གྲུ་བཞི་མ6800ལས་བརྒལ་ཡོད་པ་དང་། གལ་ཏེ་ཡོད་ཚད་ནུས་ཁུངས་གསར་བར་གློག་འདོན་པར་བཀོལ་ན་འགག་གསུམ་གློག་འདོན་འཕྲུལ་ཆས177དང་འདྲ། 

图片2.jpg

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་ལྕོག་དབྱིབས་ཞུས་ཚྭའི་ནུས་གསོག་འོད་དྲོད་གློག་ཚིགས། 

གལ་ཏེ་ཚྭ་འདམ་གཞོང་སའི་ཉི་འོད་ཀྱི་མཚར་སྡུག་ནི་རྟག་བརྟན་དང་ཉེ་བ་ཡིན་ན། ཚྭ་འདམ་གཞོང་ས་བརྒྱུད་པའི་རླུང་ནི་ཅིའི་ཕྱིར་ངལ་བ་མེད་པར་གཡུག་པ་ཡིན་ནམ།

ཚྭ་འདམ་གཞོང་ས་ནི་ཞེང་དོག་ལ་དཀྱུས་རིང་བའི་གཞོང་ས་ཞིག་ཡིན་ལ། ས་དབྱིབས་ཀྱི་འགྲོ་ཕྱོགས་ནི་རང་རྒྱལ་ནུབ་བྱང་ས་ཁུལ་དུ་རྒྱུགས་ཆེ་བའི་རླུང་གི་རྒྱུ་ཕྱོགས་དང་གཅིག་པ་ཆགས་ཡོད། འདི་རུ་ལོའི་ཆ་སྙོམས་རླུང་འགྲོས་སྐར་ཆ་རེར་སྨི4རེ་ཡིན་ལ། ལོ་ཧྲིལ་བོའི་རླུང་ནུས་སྤྱོད་རུང་བའི་དུས་ཚོད་ཆུ་ཚོད5000ཡི་ཡན་ཡིན། ཚྭ་འདམ་གཞོང་ས་རུ། གསེར་མདོག་གི་བྱེ་རླུང་ལྗང་མདོག་གི་ནུས་ཁུངས་སུ་གྱུར་ཏེ། གཞི་ཁྱོན་ཆེ་བའི་ཡ་ཏན་ས་བྱད་གྲུབ་པར་མ་ཟད། ཁྱིམ་ཚང་ཁྲི་སྟོང་མང་པོའི་མཚན་ལམ་རིང་མོ་གསལ་བར་བྱས། 

图片3.jpg

རླུང་ནུས་གློག་འདོན་བཟོ་གྲྭའི་མདུན་གྱི་ཚྭ་མཚོར་ཟླ་བའི་གཟུགས་བརྙན་ཤར་བ།

图片4.jpg

དངུལ་མདོག་གི“འཛམ་གླིང་གཏེར་མཛོད།” མེ་ཏོག་བཞད་འདྲའི་ཁྲའར་ཧན་མཚེའུ།

图片5.jpg

པར་རིས་གཅིག་གིས་ཚྭ་འདམ་གཞོང་སའི་རླན་ས་དང་མཚེའུ་ཡི་ཁྱབ་སྟངས་རྟོགས་ཐུབ།

ཁྲའར་ཧན་གྱི་རབ་ཏུ་ཆེ་བའི་ཅཱ་ཚྭའི་གཏེར་ཁུངས་དང་ཏ་ལང་ཅཱ་ཚྭའི་གཏེར་ཁུངས་ཆེ་གྲས་གཉིས་སུ་ད་སྐབས་རྩད་ཆོད་ཟིན་པའི་ཅཱ་ཚྭའི་གསོག་འབོར་གྱིས་ཀྲུང་གོའི་གསོག་འབོར་ཡོངས་ཀྱི97%ཟིན་ཡོད་ལ། འདིས་དེང་རབས་ཚྭའི་བཟོ་ལས་འཕེལ་རྒྱས་ལ་ཆ་རྐྱེན་ལེགས་པོ་འདོན་སྤྲོད་བྱས་ཡོད། 

图片6.jpg

ཚྭ་འདམ་གཞོང་ས་ནི་རང་རྒྱལ་གྱི་ཚྭ་སྐམ་མཚེའུ་འདུས་ཚད་ཆེས་ཚགས་དམ་པའི་ས་ཁུལ་ཞིག་ཡིན།

ཚྭ་འདམ་གཞོང་སའི་ཚྭ་མཚོ་ལ་ཚྭའི་རིགས་སུ་གཏོགས་པའི་གཏེར་ཁུངས་མང་ཞིང་རྒྱ་ཆེ་ལ། ཕྱུག་ཅིང་ཆ་ཚང་བོ་ཡོད་པ་དང་། བཟའ་རུང་ཚྭ་ལས་གཞན། འདི་གའི་ཅཱ་དང་ནཱ། མཱེ། ལི། རྡོ་རྒྱུས། ཟེ་ཚྭ། རྡོ་ཐལ་བྲག་སོགས་ཀྱི་འདུས་ཚད་ཀྱང་རྒྱལ་ཡོངས་ཀྱི་རྩེ་གྲར་སླེབས་ཡོད། 

图片7.jpg

ཁྲའར་ཧན་གྱི་ཚྭ་དཀར་པོ་ལས་མངོན་པའི་ལྗང་མདོག


མཉམ་སྤྱོད།