དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-05 07:22:37   |   1255

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

7777.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ནའི་རང་བཙན་ཕོ་བྲང་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་རེད། 

  • ཟླ7པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཏུང་ཉི་ཨའོ·ཁོ་སི་ཐ་ལ་གློག་འཕྲིན་བཏང་ནས་ཁོང་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་སྐབས་གསར་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཨ་སི་ཐ་ནའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་གཏོད་དགོས》ཞེས་པ་མགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད། 

02.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་ཚོགས་ལ་ཞུགས་རིང་། ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན(土耳其总统埃尔多安)དང་མཇལ་འཛོམས་གནང་བ་རེད། 

03.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རིང་། བྷེ་ཨུ་རུ་སུའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོའོ(白俄罗斯总统卢卡申科)དང་མཇལ་འཛོམས་གནང་བ་རེད། 

04.jpg

  • ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི(古特雷斯)དང་མཇལ་འཛོམས་གནང་བ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ཀྱི“ཁྲོམ་རའི་སྒྲིག་ལམ་དག་ཐེར་དང་། ཁྲིམས་སྲོལ་མ་ལག་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས2026ལོ་བར)》པར་འགྲེམས་བྱས་པ་རེད། 

9999.jpg

  • རང་རྒྱལ་གྱིས་ཀྲའོ་ཝ15ཡི་རང་བདག་ཞིབ་བཟོ་བྱས་པའི་རླངས་འབར་སྒུལ་ཤུགས་འཕྲུལ་འཁོར་ལྕི་རིགས་ཐོག་མ་དེ་སི་ཁྲོན་ཏེ་དབྱང་དུ་སྒྲིག་སྦྱོར་བྱས་ནས་ལེགས་འགྲུབ་བྱུང་བ་རེད། 

  • དྲ་སྦྲེལ་ཞིབ་རྩིས་ཀུང་སིས་སྡོམ་རྩིས་བྱས་པ་ལས་མངོན་པ་ལྟར་ན། ད་ལོའི་ལོ་སྟོད་དུ་ཕྱི་རྒྱལ་ནས་ཀྲུང་གོར་ཡོང་བའི་མི་སྣས་ཕྱི་རྒྱལ་གྱི་དངུལ་ཁུགAppསྤྱད་དེ་རྒྱལ་ནང་དུ་གཏོང་སྤྲོད་ཉོ་ཚོང་སྒོར་དུང་ཕྱུར53.19སླེབས་པ་དང་། དུས་མཚུངས་ལས་ལྡབ7.67འཕར་ཡོད་པ་རེད། 

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་མི་སྣ་འགྲོ་འོང་སྟབས་བདེ་ཡོང་བའི་བྱེད་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཕྱི་རྒྱལ་གྱི་གྲོགས་པོ་ཀྲུང་གོར་གནས་སྐོར་བྱེད་པར་དེ་བས་སྟབས་བདེ་དང་དེ་བས་སྐྱིད་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

  • འཇར་མན་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་མང་དུ་བསྡུ་རྒྱུར་ངོ་རྒོལ་བྱས་པ་རེད། 

སྤྱི་ཚོགས། 

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ལོའི་དབྱར་དུས་སུ་ནང་སོག་དང་དེ་བཞིན་བྱང་ཤར་ས་ཁུལ་གྱི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་དང་འདྲ་བ་ཕུད། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཅུང་མཐོ་བ་རེད། 

  • ཚེས4ཉིན། ནོར་སྲིད་པུ་དང་ཞིང་ལས་གྲོང་གསེབ་པུས་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གནོད་འཚེ་སྔོན་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར5.46སྤྲད་དེ་ལྷོའི་ཞོད་སྐྱོན་དང་བྱང་གི་ཐན་སྐྱོན་གྱི་གནས་ཚུལ་ལ་རོགས་རམ་བྱ་རྒྱུ་རེད། 

  • ཉེ་ཆར། ས་ཆ་མང་པོ་ཞིག་ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཕོག་ཡོད། ནད་ཡམས་ཚོད་འཛིན་ཆེད་མཁས་པས་མང་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། གཏི་ཁེ་དང་དུག་སྦྲང་གིས་སོ་བཏབ་ནས་འབུ་སྨྱན་འགོས་ནད་མི་ཐོན་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། 

  • ད་ལོའི་ལྕགས་ལམ་གྱི་དབྱར་ཁའི་གུང་གསེང་སྐྱེལ་འདྲེན་ཉིན་ཤས་གོང་བྱེད་མགོ་ཚུགས་པ་དང་། ལྕགས་ལམ་སྡེ་ཚན་གྱིས་པེ་ཅིང་དང་ཞུང་ཨན་དབར་གྱི་ལྕགས་ལམ་སོགས་ལ་ས་ཁུལ་བར་གྱི་ཐེངས་རྩིས་སྤ་སེ་དང་དུས་བཀག་སྤ་སེ་ཡི་ལས་སྒོ་སྤེལ་མགོ་ཚུགས་ཡོད། 

  • ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ350ཇུས་འགོད་བྱས་པའི་མེ་ལུང་མྱུར་བགྲོད་ལྕགས་ལམ(梅龙铁路)མཉམ་འབྲེལ་ཐོག་སྙོམས་སྒྲིག་དང་ཚོད་ལྟ་བྱེད་མགོ་ཚུགས། ཤར་གཏོང་ཐུབ་རྗེས་མེ་ཀྲོའུ(梅州)ནས་ཀོང་ཏུང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཆེན་པོའི་ཁུལ་གྱི་གྲོང་ཁྱེར་བར་ཤར་གཏོང་ཐུབ་པའི་དུས་ཚོད་ཐུང་ཤོས་ཆུ་ཚོད2ཙམ་བར་ཐུང་དུ་གཏོང་རྒྱུ་ཡིན་པ་རེད། 

05.jpg

  • ཚེས4ཉིན། འབྲི་ཆུའི་སྟོད་རྒྱུད་ཀྱི་ཏུན་ཁྲི་རིམ་པའི་གྲུ་ཁ་ཐོག་མ་སྟེ། ཁྲུང་ཆིང་ཞིན་ཧྲིན་གྲུ་ཁས་རྒྱལ་ནང་གི་དོས་སྒམ་དུས་གཏན་གྲུ་གཟིངས་ཐོག་མ་བསུས་པ་རེད། 

  • ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ཀྱི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་མཁན་མིང་ཐོ་ཡོངས་བསྒྲགས་བྱས་པ་དང་། ཀུང་ལི་ཅའོ་དང་ཞེ་ཀྲེན་ཡེ་སོགས་ལུས་རྩལ་པ54 བདམས་ཐོན་བྱུང་བ་རེད།

  • ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཏ་ལེན་གྲོང་ཁྱེར་དེ་ཀྲུང་གོའི་རུ་ཁག་གི་འཛམ་གླིང་གྲ་སྒྲིག་འགྲན་བསྡུར་གྱི་ཟླ9པའི་གཙོ་འགན་འཁུར་མཁན་གྲོང་ཁྱེར་དུ་བདམས་ཡོད་པ་དང་། འགྲན་བསྡུར་བྱ་ཡུལ་ནི་ཏ་ལེན་སུའོ་ཡུས་དབན(梭鱼湾)རྐང་རྩེད་སྤོ་ལོའི་ཐང་ཡིན་པ་རེད། 

  • རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས2024ལོར་མེ་ཟོན་མི་སྣ་བསྡུ་བའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་པ་དང་། ད་ལོར་མེ་ཟོན་མི་སྣ6000བསྡུ་བའི་འཆར་གཞི་ཡོད་པ་རེད། 

06.png

  • རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་བྱེ་ཐང་གི་སྔོ་དྲེག(沙漠苔藓)ཅིག་ཤེས་རྟོགས་བྱུང་བ་དང་། སྐར་མ་མིག་དམར་གྱི་ལད་ཟློས་ཆ་རྐྱེན(火星模拟条件)འོག་ཏུ་གསོན་ཐུབ་པ་མ་ཟད་སླར་ཡང་སྡོང་རྐང་གསར་པ་སྐྱེས་ཐུབ། 

སྲིད་ཇུས། 

  • 《རི་མཐོའི་གངས་ཤུད་ཀྱི་གནམ་གཤིས་ཉེན་ཁའི་རིམ་པ》དང《ནགས་ཚལ་མེ་སྐྱོན་གྱི་གནམ་གཤིས་རིམ་པའི་ཞབས་ཞུའི་ཐོན་རྫས་ཀྱི་རི་མོ》སོགས་གནམ་གཤིས་ལས་རིགས་ཀྱི་ཚད་གཞི་ཁག11ཁྱབ་བསྒྲགས་བྱས་ནས་ཟླ10བའི་ཚེས1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

  • ནང་སོག་གིས་ཡིག་ཆ་བཏང་ནས་ས་གནས་ཁག་གིས་སྤྱི་ཕན་རྩ་འཛུགས་སྣ་ཚོགས་ནང་འདྲེན་བྱས་ཏེ་མིང་འདོགས་པ་དང་། གསོ་སྐྱོང་ཁས་ལེན་པ། ཁ་ཕྱོགས་གཏན་འཁེལ་གྱི་ཞལ་འདེབས་རྒྱག་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུའི་ལྕག་སྐུལ་ཁ་གསལ་བྱས་ཡོད། 

  • སི་ཁྲོན་གྱིས་བྱ་ཐབས་ཁག10ཁྱབ་བསྒྲགས་བྱས་ནས་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དུ“ཐེངས་གཅིག་ལ་ཨང་ཐོ་འགོད་པ་དང་ཉིན་གསུམ་ལ་གོ་ཆོད་པ”ཁྱབ་གདལ་གཏོང་བ་སོགས་ཚུད་ཡོད་པ་རེད། 

དེ་རིང་གི་གནམ་གཤིས། 

07.jpg

  • སི་ཁྲོན་གཤོངས་སའི་དབུས་ཤར་རྒྱུད་དང་། ཧྲའན་ཤིས་དབུས་ལྷོ་རྒྱུད། ཧྲན་ཞིའི་ལྷོ་རྒྱུད། ཧོ་པེ་ལྷོ་རྒྱུད། ཧོ་ནན་དབུས་བྱང་རྒྱུད། ཧྲན་ཏུང་དབུས་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། ཡུན་ནན་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་། སི་ཁྲོན་གཤོངས་སའི་བྱང་ཤར་རྒྱུད། ཧྲའན་ཤིས་ལྷོ་རྒྱུད། ཧོ་པེ་ཤར་ལྷོ་རྒྱུད།  ཧོ་ནན་བྱང་ཤར་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ས་ཤས་སུ་ཆར་བ་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།