དེ་རིང་ནི2024ལོའི་ཟླ10པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚས་བྱེད་ཐབས་མང་བོ་སྤྱད་དེ་རྒན་གསོ་ཞབས་ཞུའི་རྣམ་པ་གསར་པ་བསྐྲུན།

2024-07-05 09:32:53   |   456

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་རྒན་གསོ་ཞབས་ཞུའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བཟུང་སྟེ། རྫོང་དང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། ཞབས་ཞུའི་ཐོན་ཁུངས་སྡེབ་སྒྲིག་དང་། ཞབས་ཞུའི་ནང་དོན་རྒྱ་སྐྱེད། ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཅས་བྱས་ཏེ། སྣ་མང་ཅན་དང་རིམ་པ་མང་བོའི་སྒོ་ནས་རྒན་པའི་རྒན་གསོ་ཞབས་ཞུའི་རེ་འདོད་བསྐངས། 

སྲིད་ཇུས་དོན་འཁྱོལ་བྱེད་པ་ནས་མགོ་བརྩམས་ཏེ། རྒན་གསོ་ཞབས་ཞུའི་མ་ལག་གི“བདེ་སྐྱིད་ར་བ”བསྐྲུན།  《རྐང་ཚ་རྫོང་རྒན་གསོ་ཞབས་ཞུའི་ལས་རིགས་ཀྱི“ལྔ་ཚན་བཅུ་བཞིའི”འཆར་འགོད》བསྒྲིགས་པ་དང་། 《རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་རྒན་གསོ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་མྱུར་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《རྐང་ཚ་རྫོང་གི་སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི》སོགས་ཡིག་ཆ་དཔར་འགྲེམས་བྱས་ཏེ།  ཏང་སྲིད་ཀྱིས་གཙོ་ཁྲིད་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རམ་འདེགས་དམ་ཟབ་བྱེད་པ། སྤྱི་ཚོགས་ཀྱི་རིམ་གྲས་ཁག་རྒྱ་ཁྱབ་ངང་ཞུགས་པའི་རྒན་གསོ་ཞབས་ཞུ་འཕེལ་རྒྱས་གཏོང་བའི“གདུང་བཞི་ཀ་བརྒྱད”རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་།

རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་ནས་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཀྱི“མཐོ་ས་གསར་པ”བཏོད། ལོ་ངོ་གསུམ་གྱི་རིང་རིམ་རྩིས་བྱས་ན་སྒོར་ཁྲི3129བཏང་ནས་རྒན་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཡོད། མིག་སྔར་རྫོང་ཡོངས་སུ་རྒན་གསོ་ཞབས་ཞུའི་སྒྲིག་གཞི6བསྐྲུན་ཟིན་པ་དང་། འཛུགས་སྐྲུན་བྱེད་བཞིན་པའི་སྒྲིག་གཞི2ཡོད་པ་དང་། ཁྱོན་ཉལ་ཁྲི246བཙུགས་ཡོད་ལ། རྒན་པ་སྟོང་རེར་ཉལ་ཁྲི5.4ཡོད་པ་དང་། གཞི་སྡོད་བྱེད་འདོད་ཀྱི་དཀའ་ཁག་ཆེ་བའི་མི་སྣར་གཅིག་སྡུད་ཀྱིས་གསོ་སྐྱོང་བྱེད་ཚད100%ཟིན། རྫོང་རིམ་པའི་ནོར་སྲིད་མ་དངུལ་གྱིས་ལོ་རེར་རྒན་གསོའི་སྒྲིག་གཞིའི་གཉེར་སྐྱོང་གྲོན་དངུལ་ལ་སྒོར་ཁྲི60ལྷག་ཙམ་བཏང་ཞིང་། རྫོང་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་སྒྲིག་གཞིའི་སྒྲིག་བཀོད་རྒྱུན་གཏན་ཐོག་འཁོར་སྐྱོད་བྱེད་པར་འགན་ལེན་བྱས་ཡོད། 2024ལོར་ཞིང་སྡེའི་རྒན་པར་བཟའ་བཏུང་ཐད་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། རྒན་པའི་བཟའ་བཏུང་རོགས་སྐྱོར་ཞབས་ཞུའི་ཚད་དང་ཁྱབ་རྒྱ་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་།

དགོས་མཁོ་སྐོང་བ་རྩ་བར་བཟུང་སྟེ།  རྒན་གསོ་ཞབས་ཞུའི“དྲོད་ཁོལ”ཇེ་ཆེར་བཏང་། “1+8+N”ཡི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པ་ལ་བརྟེན་ནས། དཀའ་ཁག་ཆེ་བའི་རྒན་པར་ཟ་མའི་རོགས་སྐྱོར་དང་། སྨན་བཅོས་རོགས་སྐྱོར། ཚབ་སྒྲུབ། ཁྱིམ་གྱི་གཙང་སྦྲ། ལུས་ཁྲུས་རོགས་སྐྱོར། རྒན་པའི་བསམ་པའི་སེམས་གསོ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། དཀའ་ཁག་ཆེ་བའི་རྒན་པའི་མིག་མདུན་གྱི་རྒན་གསོའི་དགོས་མཁོ་ཐག་གཅོད་བྱས།  མིག་སྔའི་བར་ཆ་རྐྱེན་དང་འཚམ་པའི་རྒན་པ803ལ་ཐེངས14422ལ་ཞབས་ཕྱི་ཞུས་ཤིང་། གསོ་སྐྱོང་སྒོར་ཁྲི103.21དང་། ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི339.68སྤྲད་པར་མ་ཟད། དམའ་རིམ་འཚོ་བའི་འགན་བཅོལ་གྱི་རྒན་པ836ལ་བསམ་ཡུལ་ལས་འདས་པའི་ཉེན་སྲུང་ཉོས་ཡོད།  དེ་དང་ཆབས་ཅིག  རྒན་པའི་རེ་འདོད་ལ་ཁྲིད་སྟོན་བྱས་ཤིང་། རྒན་པར་འཚམ་པའི་སྒྱུར་བཀོད་ཤུགས་ཆེར་བྱས་ཏེ། མ་དངུལ་སྒོར་ཁྲི25བཏང་ནས་རྒན་པའི་ཁྱིམ་ཚང50ལ་ཇ་ཁང་དུ་འགྱེལ་འགོག་དང་། གསང་སྤྱོདUདབྱིབས་ཅན། AIའཆར་ཤེལ། ཉེན་བརྡ་གཏོང་ཆས་སོགས་བཀོད་སྒྲིག་བྱས།

རིག་ནུས་རྒན་གསོ་དམིགས་ཡུལ་དུ་བྱས་ཏེ། རྒན་གསོ་ཞབས་ཞུའི་སྟེགས་བུ“རིག་ནུས་ཅན”དུ་བསྒྱུར། “དྲ་སྦྲེལ+”ཡི་རྒན་གསོ་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ། རྒན་པར་ལག་འདོགས་ཆུ་ཚད292སྤྲད་པ་དང་། རྒན་གསོ་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་དོ་དམ་མཛུབ་ཁྲིད་ཕྱོགས་བསྡུས་ཆ་འཕྲིན་སྟེགས་བུ་ལ་བརྟེན་ནས། རྒན་པའི་ཆ་འཕྲིན་དུས་ཐོག་ཏུ་དོ་དམ་དང་དབྱེ་ཞིབ་བྱས། དམངས་སྲིད་ཀྱི་དམངས་ཀྱི་སྟབས་བདེ་ཞབས་ཞུའི་ཁ་པར“0970-5961111”ཤར་གཏོང་བྱས་ཏེ། རྫོང་ཡོངས་ཀྱི་རྒན་པར་རྒན་གསོའི་མཁོ་བསྟུན་ཞབས་ཞུ་མཁོ་འདོན་བྱས་ཤིང་།  མིག་སྔའི་བར་མི་ཐེངས4735ལ་ཞབས་ཞུ་མཁོ་འདོན་བྱས།


མཉམ་སྤྱོད།