དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-09 07:34:33   |   1455

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ7པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་ཧང་ག་རིའི་ཙུང་ལི་ཨོར་པན་ལ་ཐུག་འཕྲད་གནང་།

  • ཟླ7པའི་ཚེས8ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་ཡི་མཉམ་འབྲེལ་རྩ་འཛུགས་ཀྱི་རྒྱལ་ཁབ་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

  • ཟླ7པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏ་ཝེ·ཐི་ཝ·ཁ་ཕུའུ་ལ་གློག་འཕྲིན་བཏང་ནས། ཁོང་སོ་ལོ་མོན་གླིང་ཚོམ་གྱི་སྤྱི་དཔོན་ལ་བསྐོས་པར་རྟེན་འབྲེལ་ཞུས།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཅི་ན་ཡ་པི་ཧྲོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལོ·ཞི་སོ་ཁོ·ཨིན་པ་ལོ་ཟླ7པའི་ཚེས9ནས་ཚེས13ཉིན་བར་ཀྲུང་གོར་ཡོང་ནས་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • སྤྱི་བདེ་པུའི་གནས་ཚུལ་ལྟར་ན། ཟླ6པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་འཕྲུལ་སྒུལ་རླངས་འཁོར་གྱི་གྲངས་ཀ་དུང་ཕྱུར4.4ལ་ཐོན་པ་དང་། རླངས་འཁོར་གྱི་ཁ་ལོ་བ་དུང་ཕྱུར5.32ལ་ཐོན་ཡོད།

  • ཀྲུང་གོའི་དུས་བཅད་ཚོང་ཟོག་མཐུན་ཚོགས་ཀྱི་གྲངས་གཞི་ལྟར་ན། 2024ལོའི་ཟླ1པོ་ནས་ཟླ6པའི་བར་དུ། རྒྱལ་ཡོངས་དུས་ཟོག་ཚོང་རའི་ཁྱོན་སྡོམ་ཉོ་ཚོང་བྱས་པའི་གྲངས་ཀ་སྒོར་དུང་ཕྱུར281.51ཡིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི7.4འཕར་ཡོད།

02.jpg

  • ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་སྤྱི་ཚིགས་ཀྱི་གནས་ཚུལ་ལྟར་ན། ཚེས7ཉིན་བར། སྤྱི་ཚིགས་ཀྱི་ཞང་ཀང་དང་ཨོ་མོན་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར1ལས་བརྒལ་བ་དང་། དུས་མཚུངས་ལས་ཧ་ལམ་བརྒྱ་ཆའི31.3འཕར་ཡོད།

སྤྱི་ཚོགས།

  • མ་འོངས་པའི་གཟའ་འཁོར་གཅིག་གི་ནང་། ཅང་ནན་དང་ཧྭ་ནན་གྱི་ས་ཁུལ་མང་ཆེ་བ་སོགས་སུ་གཏུད་མུར་དྲོད་ཚད་མཐོ་བའི་གནམ་གཤིས་བྱུང་རྒྱུ་དང་། ཆེས་མཐོ་བའི་དྲོད་གྲངས་ཏུའུ35ནས་ཏུའུ39བར་ཡིན་ལ་ས་ཆ་ལ་ལར་ཏུའུ་གྲངས40ལ་སླེབས་རྒྱུ་རེད།

03.jpg

  • ཚེས8ཉིན་གྱི་དུས་ཚོད22དང་སྐར་མ31གི་སྟེང་། ཧུའུ་ནན་ཧྭ་རུང་རྫོང་གི་ཐོན་ཀྲུའུ་ཝན་ཏུང་ཐིན་མཚེའུ་ཡི་ཆུ་མཛོད་ཤོར་བ་བཀག་བཅད་བྱུང་ཐུབ།

  • རང་རྒྱལ་གྱི་འགོས་ནད་དྲ་རྒྱ་ཐད་འགོད་མ་ལག་སྨན་ཁང་ཁྲི8.4དང་ཚ་རྒྱས་སྒོ་བསྟེན་ཁྲི2.8ལ་ཁྱབ་པར་བྱས་ཡོད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའི་གནས་ཚུལ་ལྟར་ན། 2023ལོར། རྒྱལ་ཁབ་ཕྱིའི་རེ་ཞུ་བྱེད་མཁན་གྱིས་རང་རྒྱལ་དུ་ནུས་ལྡན་ཆེད་ཕན་བདག་དབང་གྲངས་ཀ་ཁྲི90ལས་བརྒལ་བ་དང་། དུས་མཚུངས་ལས་ཧ་ལམ་བརྒྱ་ཆའི5འཕར་ཡོད།

04.jpg

  • ཚེས7ཉིན། ཡུན་ནན་ཡུས་ཞི་རུ། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གློག་ཤུགས་སྐྱེལ་འདྲེན་ལྗིད་ཐེག་གློག་སྒུལ་མི་མེད་གནམ་གྲུའི་གནམ་གྲུ་ཆ་ཡིས་མཉམ་འདེགས་བྱེད་པ་མཚོ་འཕགས་མཐོ་བའི་ས་ནས་བེད་སྤྱོད་ཐུབ་ཡོད།

  • ཉིན་འགའི་སྔོན་དུ། ཡུན་ནན་ཐུང་པི་ཀོན་གྱི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནས་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡུན་ནན་གཟིག་རྙེད་བྱུང་།

640.gif

  • ཧི་པེའི་པའོ་ཏིན་གྱི་བྱིས་པ་ཞིག་ཆུའི་ནང་ལྷུང་བ་དང་། ཉེ་འགྲམ་ན་འགྲོ་བཞིན་པའི་སྐྱེས་པ་ཧྲི་ཀྲི་ཨན་གྱིས་ཐེ་ཚོམ་མེད་པར་ཆུའི་ནང་ལྡིང་ནས་བྱིས་པ་དེ་བདེ་བླག་ངང་བསྐྱབས།

སྲིད་ཇུས།

  • པེ་ཅིང་གིས་གསལ་བོར་བསྟན་དོན། པེ་ཅིང་ས་ཁུལ་གྱི་སློབ་གྲྭའི་ནང་གི་ཆ་རྐྱེན་དང་འཚམ་པའི་དཀའ་ཁག་ཅན་གྱི་སློབ་མ་ཡིས་མཐར་ཕྱིན་པའི་སློབ་ལོ་དེར་སྒོར1000ཡི་ཐེངས་གཅིག་ལས་འཚོལ་ཁ་གསབ་རེ་ཞུ་བྱས་ཆོག

  • ཧྲའན་ཞི་ཡིས་གསལ་བོར་བསྟན་དོན། ཆ་རྐྱེན་དང་འཚམ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་གཏོད་རྣམ་གྲངས་ལ་མི་གཅིག་ལ་སྒོར་ཁྲི1གི་ཐེངས་གཅིག་ཅན་གྱི་ལས་གཏོད་ཁ་གསབ་སྟེར་རྒྱུ།

  • ཧའེ་ནན་གྱི་བྱེད་ཐབས་བཏོན་ནས། མངའ་ཁོངས་ནང་གི་ཆ་རྐྱེན་འཛོམས་པའི་ལས་ཁུངས་དང་ཁེ་ལས་བྱ་ལས་སྡེ་ཁག་གི་ཡུལ་གྲོང་དང་གྲོང་ཚོའི་ཟ་ཁང་གིས་རྒན་པར་སྒོ་འབྱེད་པར་སྐུལ་མ་བྱེད་པ་ཡིན།

དེ་རིང་གི་གནམ་གཤིས།

07.jpg

  • སི་ཁྲོན་གཤོང་ས་དང་ཧྲའན་ཞིའི་ཤར་ལྷོ་རྒྱུད། ཧུའུ་པེའི་ནུབ་བྱང་རྒྱུད། ཧི་ནན་གྱི་དབུས་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ཅང་སུའུ་ཡི་དབུས་བྱང་རྒྱུད། ཨན་ཧུའེ་ཡི་དབུས་བྱང་རྒྱུད་སོགས་ཀྱི་ས་ཁུལ་དུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་། ཧི་ནན་གྱི་ཤར་ལྷོ་རྒྱུད། ཧྲན་ཏུང་གི་ལྷོ་རྒྱུད། ཅང་སུའུ་ཡི་བྱང་རྒྱུད་དང་ཨན་ཧུའེ་ཡི་བྱང་རྒྱུད་སོགས་ཀྱི་ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།