དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག【ཁག23པ།】

2024-07-09 09:01:08   |   171

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་བརྒྱ་དང་དྲུག་པ། ལས་གནས་ནས་བྲལ་བའམ་ལས་བྲལ་(ལས་འཁྱུར་)ངལ་གསོ་བྱས་རྗེས་དེ་སྔའི་འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་ལ་གཉེར་སྐྱོང་བྱེད་སྒོ་སྤེལ་བར་ཁེ་ཕན་དོན་གཉེར་བྱས་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

ལས་གནས་ལས་བྲལ་བའམ་ལས་བྲལ་(ལས་འཁྱུར་)ངལ་གསོ་བྱས་རྗེས་དེ་སྔའི་འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་གཞན་ལ་ཁེ་ཕན་སྒྲུབ་རོགས་བྱས་པ་དང་། རང་གི་བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་གིས་ཕ་རོལ་པོའི་ས་ནས་རྒྱུ་དངོས་བླངས་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་རྒྱུ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བདུན་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་བུ་ཕྲུག་དང་དེའི་བཟའ་ཟླ་བཅས་ཀྱིས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དེའི་བདག་སྐྱོང་བྱེད་ཁོངས་ཀྱི་ས་ཁུལ་དང་ལས་སྒོའི་ཁྱབ་ཁོངས་ནང་། གང་དེས་གཞུང་དོན་དྲང་གཞག་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གཉེར་སྐྱོང་བྱེད་སྒོ་སྤེལ་བའམ་ཡང་ན་ཚོང་གཉེར་དང་ཁེ་ལས་གཉེར་མི་ཆོག་པའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་ཚེ། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དེས་གཏན་འབེབས་ལྟར་ཡོ་བསྲང་བྱེད་དགོས། ཡོ་བསྲང་མ་བྱས་ཚེ་རང་ཉིད་ཀྱིས་ད་ལྟའི་གོ་གནས་དགོངས་ཞུ་བྱེད་དགོས་པའམ་ཡང་ན་རྩ་འཛུགས་ཀྱིས་གོ་གནས་བགོ་སྒྲིག་བྱེད་དགོས། གལ་ཏེ་ད་ལྟའི་གོ་གནས་དགོངས་ཞུ་མ་བྱས་པའམ་ཡང་ན་རྩ་འཛུགས་ཀྱི་གོ་གནས་བགོ་སྒྲིག་དང་ལེན་མ་བྱས་ཚེ། ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བརྒྱད་པ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་ཚོང་དོན་དང་ཁེ་ལས་གཉེར་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་དགུ་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ལས་ཀ་དང་འཚོ་བའི་འགན་སྲུང་ལམ་ལུགས་ལས་འགལ་ཏེ་འགྲིམ་འགྲུལ་དང་། སྨན་བཅོས། ཉེན་སྲུང་སོགས་ཀྱི་ཐད་རང་ཉིད་དང་། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། ཉེ་འགྲམ་གྱི་ལས་བྱེད་མི་སྣ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་བཅས་ལ་དམིགས་བསལ་གྱི་ཐོབ་ཐང་གཉེར་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཅུ་པ། སྡོད་ཁང་བགོ་བཤའ་དང་ཉོ་སྒྲུབ་བྱེད་རིང་རྒྱལ་ཁབ་དང་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་བཏང་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཅུ་གཅིག་པ། འགན་དབང་དང་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། རང་ཉིད་ཀྱི་བདག་གཉེར་བྱེད་ཁོངས་སུ་མ་ཚུད་པའི་གཞུང་སྒེར་གྱི་རྒྱུ་དངོས་བཙན་བཟུང་བྱས་པའམ་ཡང་ན་མཚོན་བྱེད་རང་བཞིན་གྱི་རིན་དངུལ་སྤྲད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། གཞུང་སྒེར་གྱི་རྒྱུ་དངོས་བཙན་བཟུང་བྱས་པའམ་ཡང་ན་རིན་མེད་དང་མཚོན་བྱེད་རང་བཞིན་གྱི་རིན་དངུལ་སྤྲད་དེ་ཞབས་ཞུ་དང་ལེན་དང་ངལ་ལས་བཀོལ་སྤྱོད་བྱས་ཚེ། ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

འགན་དབང་ངམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་ཉིད་དང་། བཟའ་ཟླ་དང་། བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། ཉེ་འགྲམ་གྱི་ལས་བྱེད་མི་སྣ། དམིགས་བསལ་གྱི་འབྲེལ་བ་ཡོད་མཁན་གཞན་དག་བཅས་སྒེར་ཕྱོགས་ཀྱིས་སྤྲོད་དགོས་པའི་འགྲོ་གྲོན་དེ་རང་ཁོངས་གཏོགས་སྡེ་ཚན་དང་སྡེ་ཚན་གཞན་དག་གམ་མི་གཞན་དག་གིས་སྤྲད་པ་དང་རྩིས་ཞུ་བྱས་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་གཉིས་པ། འགན་དབང་ངམ་ལས་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་སྤྱི་དངོས་བཟུང་སྤྱོད་བྱས་ཏེ་སྒེར་གྱིས་བེད་སྤྱོད་བྱས་ནས་དུས་ཡུན་ཟླ་དྲུག་ལས་བརྒལ་ཚེ། ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

སྤྱི་དངོས་བཟུང་སྤྱོད་བྱས་ནས་ཁེ་གཉེར་བྱེད་སྒོ་སྤེལ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

སྤྱི་དངོས་མི་གཞན་ལ་གཡར་ནས་ཁེ་གཉེར་བྱེད་སྒོ་སྤེལ་རིགས་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།


མཉམ་སྤྱོད།