དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱར་དུས་ཐོག་གི་གནོད་པ་ལ་གཡོལ་ཐབས་ཀྱི་རྒྱུན་ཤེས།

2024-07-09 10:00:46   |   461

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     བཤེར་འབེབས།    རིན་ཆེན་ཚེ་རིང་།


དབྱར་ཁའི་དུས་ཚིགས་འདི་ལ་གློག་དམར་འཁྱུག་པའི་ཆར་ཤ་ཆེན་པོ་ཡོང་ཐེངས་ཧ་ཅང་མང་། ལྷག་པར་དུ་ང་ཚོ་མཐོ་སྒང་གི་ཡུལ་འདིར་དབྱར་ཁའི་དུས་ལ་ཉི་མ་རིང་བ་དང་གནམ་གཤིས་དྲོ་གྲང་རན་པ་སོགས་ཀྱི་དབང་གིས་མི་རྣམས་ཀྱིས་ཕྱི་རོལ་ནས་ཐོན་སྐྱེད་ངལ་རྩོལ་བྱེད་པའི་དུས་ཚོད་ཡང་ལྟོས་བཅས་ཀྱིས་རིང་བ་ཡིན། དེའི་སྟབས་ཀྱིས་དབྱར་ཁའི་དུས་ལ་མི་ཕྱུགས་གཉིས་ལ་ཐོག་གི་གནོད་པ་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།

1.jpg

1 འབྲུག་གྲགས་ནས་གློག་དམར་འཁྱུག་པའི་ཆར་ཤ་ཆེན་པོ་ཡོང་བའི་སྐབས་སུ། མྱུར་དུ་ཁྱིམ་ལ་འཛུལ་ནས། སྒོ་དང་སྒེའུ་ཁུང་རྒྱག་པ་དང་ཁྱིམ་གྱི་གློག་ཁུངས་སྒོ་བརྒྱབ་ནས་འདུག་རྒྱུ་ནི། ཐོག་གི་གནོད་པ་ལ་གཡོལ་བའི་ཆེས་བདེ་འཇགས་ཀྱི་ཐབས་ཤེས་ཨང་དང་པོ་ཡིན།

2.jpg

2 གལ་ཏེ་ཁྱེད་རང་ཕྱི་ལོག་གམ་ཡང་ན་ལམ་སྐབས་སུ་ཡོད་པ་ཡིན་ན། ཐོག་མར་རང་གི་ཁ་པར་གྱི་གློག་སྒོ་མྱུར་དུ་རྒྱག་དགོས་ལ། ཆ་རྐྱེན་འཛོམས་ན་འགྱིག་ཤོག་ཁུག་མའི་ནང་ལ་བཅུག་ན་བཟང་ཞིང་། དེ་ནས་ཁྱེད་རང་གི་ལུས་སྟེང་ན་ལྕགས་རིགས་འདྲེས་པའི་རྒྱན་ཆ་དང་ལག་ཆ་ཡོ་བྱད་སོགས་ཡོད་ན། འགྱིག་ཁུག་ལ་བཅུག་ནས་བདག་བྱེད་པའམ་ཡང་ན་རང་ཉིད་དང་ཐག་རིང་སར་འཕེན་དགོས།

3.jpg

3 མྱུར་དུ་བདེ་འཇགས་ཡིན་ས་ཞིག་བཙལ་ནས། ལུས་པོ་དམའ་མོ་བྱས་ནས་ཙོག་པུར་འདུག་དགོས་ལ། གློག་སྡོང་དང་དར་ཤིང་། ཤིང་སྡོང་ཁེར་སྐྱེས། ལྕགས་དྲ་སོགས་དང་ལྕགས་རིགས་འདྲེས་པའི་དངོས་པོ་ཆེན་པོའི་ཉེ་འགྲམ་ནས་འདུག་མི་རུང་།

4.jpg

4 རླངས་འཁོར་ལ་ཐོག་འགོག་གི་ནུས་པ་ཡོད་པས་རླངས་འཁོར་ནང་བསྡད་ན་བདེ་འཇགས་ཡིན། ཡིན་ན་ཡང་། རླངས་འཁོར་འགྲོ་མཚམས་བཞག་ནས་རླངས་འཁོར་འདུག་ཆོག་སའི་བདེ་འཇགས་ཀྱི་གནས་སུ་བསྡད་རྗེས་རླངས་འཁོར་གྱི་གློག་སྒོ་རྒྱག་དགོས།


མཉམ་སྤྱོད།