དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡའི་མཐའ་སྐོར”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཉིང་ཁྲིའི་ཀླུ་ནང་དུ་འཚོགས།

2024-07-09 10:02:37   |   356

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡའི་མཐའ་སྐོར”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་དེ་ཉིང་ཁྲིའི་ཀླུ་ནང་དུ་འཚོགས་འདུག 

ནེ་པ་ལའི་གྲོས་ཚོགས་འོག་མའི་གྲོས་དཔོན་གཞོན་པ་དབྱིན་ཏི་ལ·ལ་ན་དང་། འབར་མའི་རང་བྱུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོང་པུའི་པུ་ཀྲང་ཆིན་མའོ་དབྱི། ཨབ་ཀ་ནི་སི་ཐན་གནས་སྐབས་སྲིད་གཞུང་གི་ལས་ཚབ་དཔལ་འབྱོར་པུ་ཀྲང་ཧ་ཉི་ཧྥུ། སི་རི་ལན་ཁའི་ཕྱི་འབྲེལ་རྒྱལ་དོན་པུ་ཀྲང་ཐ་ལ་ཁ·པ་ལ་སུའུ་ལི་ཡ། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཟུར་པ། ནེ་པ་ལའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཅ་ནེ་ཧྲི·ཕུའུ་ལ་ས་ཏེ·ཏི་སྨིར་ཞི་ན་བཅས་ཚོགས་འདུར་ཞུགས།

1.jpg

 རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་ཚོགས་འདུར་ཞུགས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཤིས་ཚིག་གསུངས་འདུག 

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་བྱས་ནས་ད་ཐེངས་ཀྱི“ཧི་མ་ལ་ཡའི་མཐའ་སྐོར”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས་དང་། ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉ། རིགས་གཅིག་མཁས་ཅན་དང་རིག་གནས་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུ་ཨུའི་མགོ་ཁྲིད་པ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་སྐུ་མགྲོན་རྣམ་པ་དང་གྲོགས་པོ་རྣམ་པས་དུས་ཡུན་རིང་པོའི་ནང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། སྒོ་དབྱེ་རྒྱ་ཆེ་རུ་བཏང་ཚེ་གཞི་ནས་འགྲན་སློང་སེལ་ཐུབ་པ་དང་། མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཐུབ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ནན་པོ་གནང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་མགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ  གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་མགོ  གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་མགོ་བཅས་བཏོན་གནང་བ་དེས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པའི་འདུན་པ་གསར་པ་གཅིག་ཏུ་འགྲིལ་ཡོད་ཅེས་བསྟན་འདུག

2.jpg

ཝང་ཅུན་ཀྲེང་གིས། མཚོ་བོད་ས་མཐོ་ནི་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན།  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་གོང་འཕེལ་མཐའ་འཁྱོངས་བྱས་ཐོག སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་པའི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱ་རྒྱུ་དེ་བོད་ལྗོངས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ཁྱད་ཆོས་མངོན་གསལ་དོད་ཤོས་སུ་གྱུར་ཡོད།  སྐུ་མགྲོན་རྣམ་པ་དང་མགོ་ཁྲིད་རྣམ་པ།  རིགས་གཅིག་མཁས་ཅན་དང་རིག་གནས་པ་རྣམ་པས་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་སྟེ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་གོ་སྐབས་གསར་པ་བཏོད་དེ།  ཧི་མ་ལ་ཡའི་མཐའ་སྐོར་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

3.jpg

སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཀྱི“ཧི་མ་ལ་ཡའི་མཐའ་སྐོར”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཐོག་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་གྱི་སྐུ་མགྲོན130ལྷག་ཙམ་གདན་འདྲེན་ཞུས་ཡོད་པ་དང་།   “ཧི་མ་ལ་ཡའི་མཐའ་སྐོར་གླེང་སྟེགས”གཉེར་བ་བརྒྱུད། ཧི་མ་ལ་ཡའི་མཐའ་སྐོར་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་དབར་གྱི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ལོ་རྒྱུས་ཀྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་དང་མཐའ་སྐོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱས་ནས། “ཧི་མ་ལ་ཡའི་མཐའ་སྐོར་གླེང་སྟེགས”ཀྱི་གསེར་གྱི་མིང་བྱང་གཏོད་རྒྱུ་ཡིན་པ་རེད།


མཉམ་སྤྱོད།