དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛམ་གླིང་སྟེང་ཆེས་ཆེ་བའི་རྟ།

2024-07-09 14:45:14   |   474

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


འདོ་རིགས་རྟ་ལ་རིགས་མང་པོ་ཡོད་པ་ལས། དེ་ཡང་རྒྱང་ཐག་རིང་བའི་ཡོ་རོབ་ན་རྟ་རིགས་འདི་འདྲ་ཞིག་འདུག་སྟེ། དེའི་ལུས་བོངས་ཀྱི་ཆེ་ཆུང་ལ་ཧྥེ་གླིང་གི་གླིང་ཆེན་གྱི་བོངས་ཚད་དང་འདྲ་ལ། ལྗིད་ཚད་ཏུན་དུ་མ་ཅན་གྱི་དངོས་པོ་འདྲུད་པའི་ཤེད་ཤུགས་ལྡན་པར་འདུག

རྟ་འདིའི་ཕྱི་ཚད་ལྟ་ན་སྡུག་ཅིང་། ལུས་སྟེང་གི་སྤུ་དང་རྔོག་མ་རིང་བ་བཅས་ཀྱི་ཁྱད་ཆོས་འཛོམས། སྔ་དུས་སུ་ཡོ་རོབ་ཀྱི་སྐུ་དྲག་གི་ཐོབ་ཐང་མཚོན་བྱེད་ཀྱི་དཔང་རྟགས་ལྟ་བུ་ཡིན། རྟ་རྒྱུད་འདི་ལ་ཤར་རྟ་ཞེས་འབོད་ཅིང་། རྒྱ་ཡིག་གིས夏尔马ཟེར།

图片1.png

ཤར་རྟ་ནི་སྲོག་ཆགས་ཀྱི་རིགས་དབྱེ་ལས་ཡ་རྨིག་སྡེའམ་རྨིག་ཐོགས་སྡེའི་འོ་འཐུང་སྲོག་ཆགས་ཀྱི་གྲས་སུ་ཐེ་བ་དང་། དུས་རབས་བཅུ་དྲུག་པར་དབྱིན་ཇིས་གཙོ་གནད་དུ་གསོ་སྐྱོང་བྱས་པའི་རྟ་ཆེ་གྲས་ཤིག་རེད། ཕྱི་རྒྱལ་གྱི་རོང་ས་སྟེ་ཞིང་ལས་ས་ཁུལ་དུ་རྟ་རྒྱུད་འདིའི་གཟུགས་ཆེ་བ་བཅས་ལ་དམིགས་ཏེ། ཆེད་མངགས་ཞིང་ལས་དང་དངོས་པོ་ལྗིད་མོའི་ཁལ་འགེལ་བ་སོགས་ལ་བེད་སྤྱོད་བྱེད་ཀྱིན་ཡོད།

图片2.png

图片3.png

སྔ་མོའི་དུས་སུ་ཤར་རྟས་གཡུལ་སའི་སྟེང་ནུས་པ་ཐོན་གྱིན་མེད་པས། དུས་རབས་བཅུ་དྲུག་པའི་དབྱིན་ཇིའི་མི་རྣམས་ཀྱིས་རྟག་ཏུ་ཤར་རྟ་སྤྱད་དེ་རྨོ་ཞིང་བྱེད་ཅིང་། ཤར་རྟས་ཞིང་ལས་ཀྱི་ཐད་ལ་ལས་ཆོད་ཆེས་ཆེར་ཐོན་པས། ཞིང་ལས་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཤར་རྟ་ལ་རྟ་རྒྱུད་གཞན་དང་མི་འདྲ་བའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། རྟ་རྒྱུད་གཞན་ལས་སྟོབས་ཤུགས་ཆེན་པོ་ཡོད་པ་མ་ཟད། སྦྱོང་བརྡར་ཡང་བྱེད་སླ། དེ་བས་ཞིང་པ་རྣམས་ཀྱིས་ལྕགས་ཀྱི་ཐོང་གཤོལ་ཆེ་གྲས་ཤར་རྟར་བཀལ་ཏེ་ཞིང་རྨོ་བར་བྱེད་པ་དང་། དངོས་པོ་ལྗིད་མོ་སྐྱེལ་འདྲེན་བྱེད་པ་སོགས་ལ་ཤར་རྟས་ནུས་པ་ཆེན་པོ་ཐོན།

图片4.png

图片5.png

ཤར་རྟ་མ་བུ།

图片6.png

ཨ་རིའི་འབྲེལ་ཡོད་མཐུན་ཚོགས་ཀྱི་ཚད་གཞིར་གཞིགས་ན། ཤར་རྟའི་ཕྲག་པའི་ཆ་སྙོམས་མཐོ་ཚད་ནི་ལི་སྨི་178ཡིན་པ་དང་། རྒོད་མའི་ཕྲག་པའི་ཆ་སྙོམས་མཐོ་ཚད་ནི་ལི་སྨི་168རེད། རྟ་གསེབ་དང་རྒོད་མའི་ལུས་པོའི་ལྗིད་ཚད་ཀྱི་ཁྱབ་ཁོངས་ནི་སྤྱི་རྒྱ་850ནས་སྤྱི་རྒྱ་1100བར་ཡིན།

རྟ་གཤིས་ཀྱི་ཆ་ནས་བཤད་ན། ཤར་རྟ་ནི་བོང་བུ་དང་མི་འདྲ་བར་གཤིས་རྒྱུད་འཇམ་ལ། ཞིང་ལས་དང་དངོས་ཟོག་སྐྱེལ་འདྲེན་ཐད་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ན་ནུས་པ་ཆེན་པོ་ཐོན་ཐུབ།

图片7.png

图片8.png

图片9.png

图片10.png

图片11.png

图片12.png

图片13.png

图片14.png

图片15.png

图片16.png


མཉམ་སྤྱོད།