དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ད་ལོར། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་འཚོང་བྱེད་ཚད་སྒོར་དུང་ཕྱུར1.13ལྷག་ཟིན་ཡོད།

2024-07-09 16:21:47   |   392

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ལོ་མགོ་ནས་ད་ལྟའི་བར་དུ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་ཞིང་ཆེན་ཕྱི་ནང་དུ་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར1.13ལྷག་ཡིན། མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་སོགས་ལ་བརྟེན་ནས་དྲ་ཐོག་ཕྱིར་འཚོང་གི་བྱེད་སྒོ་ཐེངས53སྤེལ་ཞིང་། འཛད་སྤྱོད་འཛིན་ཤོག42068སྤྲད། དྲ་ཕྱིའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཐེངས5སྤེལ་བ་དང་། འཛད་སྤྱོད་འཛིན་ཤོག2350སྤྲད་དེ། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་ཁྱོན་སྡོམ་སྒོར་ཁྲི151.6བཏང་བ་དང་། སྒོར་ཁྲི621.5ལྷག་འཛད་སྤྱོད་བྱེད་པར་སྐུལ་ཁྲིད་བྱས་ཤིང་། སྐུལ་ཁྲིད་སྡུར་ཚད1:4.1ཟིན་ཡོད།

1.jpg

མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་མགོ་བརྩམས་པ་ནས་བཟུང་། མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་ཡིས་ནུས་ཤུགས་ཡོད་རྒུས་“རྐང་གྲུག+”ཡི་ལས་དོན་ཡག་པོ་བསྒྲུབས་ཤིང་། “གནས་མཆོག་མཚོ་སྔོན·ས་མཐོའི་སྤུས་ལེགས་ཐོན་རྫས”ཞེས་པའི་གཏམ་རྒྱུད་ཡག་པོ་བཤད་དེ། མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་ལ་རོགས་འདེགས་དང་། “ལས་རིགས་ལྔའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

2.jpg

“རྐང་གྲུག+གློག་རྡུལ་ཚོང་དོན”རྣམ་པའི་ལས་དོན་ཡག་པོ་བསྒྲུབས་ནས། ཐད་གཏོང་ཕྱིར་འཚོང་གིས་མཚོ་བྱང་གི་སྤུས་ལེགས་ཐོན་རྫས“ཕྱིར་མངོན་པར”རམ་འདེགས་བྱས། རྐང་གྲུག་སྤོ་ལོའི་འགྲན་སྡུར་ལ་ལྟ་མཁན་མང་བའི་གོ་སྐབས་དམ་འཛིན་བྱས་ཏེ། ཐད་གཏོང་ཕྱིར་འཚོང་དེ“གནས་མཆོག་མཚོ་སྔོན·ས་མཐོའི་སྤུས་ལེགས་ཐོན་རྫས”ཀྱི2024ལོའི་ཟོང་རྟགས་དྲིལ་སྒྲོག་དང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་དེ་བཞིན་མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། ས་གནས་རང་གི་ཚོང་ཟོག་ཕྱིར་འཚོང་དྲ་དཔོན7དང་། ཞིང་ཆེན་གཞན་གྱི་ཚོང་ཟོག་ཕྱིར་འཚོང་དྲ་དཔོན2གདན་འདྲེན་བྱས་པ་མ་ཟད། ཞིང་ཆེན་ཚོང་དོན་ཐིང་གི་རྒྱབ་སྐྱོར་འོག འཁྲབ་སྟོན་པ་གྲགས་ཅན7གདན་འདྲེན་བྱས་ཤིང་། དྲ་དཔོན་གྲགས་ཅན་རྟ་མགྲིན་ཚོགས་པ་དང་འབྲེལ་བ་བྱས་ཏེ།“བརྙན་ཐུང+ཐད་གཏོང་ཕྱིར་འཚོང”རྣམ་པའི་དྲིལ་སྒྲོག་བྱེད་ཐབས་ལ་བརྟེན་ནས།  སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཁྱོན་ཡོངས་ནས་དྲིལ་སྒྲོག་འོས་སྦྱོར་བྱས་ཤིང་ཐད་གཏོང་ཕྱིར་འཚོང་བྱས། “མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་བོའི”ཟོང་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་ནས་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་བཏང་བ་དང་། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོར་ཁྱབ་པར་རམ་འདེགས་བྱས། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་མཚོ་བྱང་གློག་རྡུལ་ཚོང་དོན་མཐུན་ཚོགས་དང་། མཚོ་སྔོན་སྐྱེ་ཁམས་ཟོག་འགྲེམས་ཞབས་ཞུ་ཚད་ཡོད་སྤྱི་གཉེར། མཚོ་སྔོན་མདོ་ལ་འོ་ལས་ཚད་ཡོད་སྤྱི་གཉེར་བཅས་ཀྱིས་བློ་བདེ་རིག་གནས་སྨྱན་སྦྱོར(ཐེན་ཅིན)ཚད་ཡོད་སྤྱི་གཉེར་དང་པེ་ཅིང་ཕ་ཡུལ་མགྲོན་པོའི་དྲ་རྒྱའི་ཚན་རྩལ་ཚད་ཡོད་སྤྱི་གཉེར་དབར་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་སྟེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་གནས་འཛུགས་སྐྲུན་བྱ་རྒྱུར་ཁྱོན་ཡོངས་ནས་རོགས་རམ་བྱས།

3.jpg

“རྐང་གྲུག+འཛད་སྤྱོད”ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། རྐང་གྲུག་དང་འཛད་སྤྱོད་གཉིས་ཀྱིས་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་རམ་འདེགས་བྱས། རྐང་གྲུག་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ནུས་ཤུགས་ཡོད་རྒུས་སྔོག་འདོན་བྱ་ཆེད། མཚོ་སྔོན་གྱི་རིམ་འདས་རྐང་གྲུག་མཉམ་འབྲེལ་འགྲན་སྡུར་ལ་བརྟེན་ནས། རྫོང་བཞིའི་བཟོ་ལས་དང་ཆ་འཕྲིན་ཅུ་དང་མཉམ་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་ཁེ་ལས123སྒྲིག་འཛུགས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། བྱེད་སྒོ་དེ་དག་ཞག་སྡོད་དང་། བཟའ་བཏུང་། ཁྱིམ་སྤྱོད་གློག་ཆས། ཚོང་ཁྲོམ་སོགས་ཀྱི་ལས་རིགས་དང་འབྲེལ་ཡོད་ཅིང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་ཁྲི30ཙམ་བཏང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་འཛད་སྤྱོད་འཛིན་ཤོག་ཁྲི126ཙམ་སྤྲད་པ་དང་། འཛད་སྤྱོད་སྒོར་ཁྲི126སྐུལ་ཁྲིད་བྱས། སྐུལ་ཁྲིད་སྡུར་ཚད1:4.2ཟིན་ཡོད། མཚོ་བྱང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས་ཐད་གཏོང་ཕྱིར་འཚོང་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ས་གནས་དེ་གའི་ཁྱད་ཆོས་དང་མཚོན་བྱེད་རང་བཞིན་ལྡན་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རིགས180ལྷག་ཙམ་བདམས་ནས་ཐད་གཏོང་ཐེངས6སྤེལ་བ་དང་། ལྟ་མཁན་རིམ་རྩིས་བྱས་ན་མི་ཐེངས་ཁྲི47.1ཟིན། དེ་དག་ལས་སྦྲང་རྩི་དང་། ནོར་གནག་གི་ཤ་སྐམ། ནས་ཀྱི་ཐོན་རྫས། པད་ཁའི་སྣུམ་སོགས “བྲིན་རྒྱུག་ཆེ་བའི”ཐོན་རྫས་སུ་གྱུར་ཡོད།


མཉམ་སྤྱོད།