དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁ་དོག་རྣམ་པར་བཀྲ་བའི་ཚྭ་འདམ་གཞོང་ས།(2)

2024-07-09 16:25:18   |   486

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།     བཤེར་འབེབས།  རིན་ཆེན་ཚེ་རིང་།


ཀུན་ལ་གྲགས་པའི་ཀྲུང་གོའི“ནོར་བུའི་གཏེར་གཞོང”ཡིན་པའི་ཆ་ནས། མཚོ་སྔོན་གྱི་ཚྭ་འདམ་གཞོང་ས་རུ། དོན་དམ་པར་ཧ་ལས་པའི“ནོར་བུ”ཅི་ཞིག་སྦས་ཡོད་དམ།

མདོག་ནག་པོའི་སྣུམ་རླངས་ཀྱི་ངག་རྒྱུན།

གསར་སྐྱེས་དུས་རབས་ཚུན་གྱི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ། ཚྭ་འདམ་གཞོང་ས་དེ་རྒྱུན་ཆད་མེད་པར་མར་འབབ་པའི་གོ་རིམ་ཁྲོད་མཐུག་ཚད་ལ་སྨི་ཁྲི1ལྷག་གི་བྱེ་འདམ་སྤུང་གསོག་བྱས་ཡོད་པ་དང་། དེའི་ཁྲོད་དུ་ཡོད་པའི་སྐྱེ་དངོས་གཟུགས་མང་པོ་ཞིག་ནི་སྣུམ་རླངས་གྲུབ་བྱེད་ཀྱི་དངོས་ཁུངས་ཡིན། 

ཚོད་རྩིས་བྱས་པ་ལྟར་ན། ཚྭ་འདམ་གཞོང་སའི་སྣུམ་ཐོན་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ9000ཡིན་པ་དང་། སྤྱིའི་སྣུམ་འབོར་ཏུན་དུང་ཕྱུར240ཡོད་ལ། བེད་སྤྱོད་རུང་བའི་སྣུམ་རླངས་ཐོན་ཁུངས་ཏུན་དུང་ཕྱུར70ལ་ཉེ་བ་ཡོད། ད་ལྟ་ཤེས་ཟིན་པའི་ཐོན་ཁུངས་གྲངས་འབོར་གྱིས17%ཟིན་ཞིང་། འཕེལ་རྒྱས་ཀྱི་བག་ཤུགས་ཆེན་པོ་ལྡན། 

1.jpg

འཁྱགས་མཚོའི་སྤྱི་ལེ་གྲུ་བཞི་མ1.7གྱི་ས་ཆའི་སྟེང་། འདི་དང་ཆ་འདྲ་བའི་ས་བྱད་ཀྱིས94%ཡན་ཟིན་ཡོད་ལ། ས་ཤུན་འདི་ལྟ་བུའི་འོག་ཏུ་ཀྲུའུ་ལུའོ་ཞི་ས་རིམ་གྱི་སྣུམ་ཁུངས་འབོར་ཆེན་ཡོད།

ཚྭ་འདམ་གཞོང་སའི་ནོར་བུ་ནག་པོའི་གཏེར་མཛོད་དུ་རྡོ་སྣུམ་གཅིག་པུས་ག་ལ་ཚད། གཞོང་སའི་བྱང་མཐའ་རུ་ཕུན་སུམ་ཚོགས་པའི་རྡོ་སོལ་གྱི་གཏེར་ཁ་ཡོད་པ་དང་། ཞི་ཐིའེ་རི་བོ་ནི་དེ་བས་ཀྱང་རང་རྒྱལ་གྱི་ཆེས་ཆེ་བའི་ཞ་དང་ཏི་ཚྭའི་ཐོན་ཁུལ་ཡིན། 

དམར་མདངས་ལྡན་པའི “བྱེ་ཐང་གི་ནོར་བུ།”

མི་ལ་ལས་ཚྭ་འདམ་གཞོང་སའི་ས་སེར་ལ“ས་སོར་གང་ལ་གསེར་སོར་གང”གི་རིན་ཐང་ཡོད་ཅེས་ཟེར་ཏེ། འདི་ནི་ཕལ་ཆེར་ཚྭ་འདམ་གཞོང་སའི་ཞིང་ལས་ཁུལ་གྱི་ས་བབ་ཁོད་ཡངས་ཤིང་ཐང་བདེ་ལ། ཆུ་དང་ས། ཉི་ནུས་སོགས་ཀྱི་ཆ་རྐྱེན་བཟང་བས་ཡིན་ངེས། ཡིན་ནའང་ཏུའུ་ལན་དང་ན་གོར་མོ། གཏེར་ལེན་ཁ་སོགས་སྤྱི་ལེ་གྲུ་བཞི་མ་བརྒྱ་ཕྲག་ལྷག་གི་ས་ཆར་སེ་འདུས་ཚད་ཕུན་སུམ་ཚོགས་པའི་ས་རྒྱུ་རྩད་ཆོད་ཡོད། 

2.jpg

མཚོ་སྔོན་ཏུའུ་ལན་དང་ཚྭ་འདམ་གཞོང་སའི་སེ་མང་སྐྱེ་ལྡན་འདྲེ་ཚེར་མའི་དུས་ཆེན་སྟེང་འགྲེམས་སྟོན་བྱས་པའི་འདྲེ་ཚེར་མ།

“ཚྭ་འདམ་གཞོང་སར་ནོར་བུ་མེད་པ་མིན། འདྲེ་ཚེར་གཟེ་འབྲུའི་ཞིང་ཁར་ནོར་ལུག་རྒྱུ།” གནས་འདིའི་དམིགས་བསལ་གྱི་ས་རྒྱུ་ཡིས་བྱེ་ཐང་གི“ནོར་བུ་དམར་པོ”སྟེ་འདྲེ་ཚེར་མ་སྦྲུམ་ཡོད་ཅིང་། མཚོ་སྔོན་གྱི་འདྲེ་ཚེར་མའི་ཕྱིར་གཏོང་གྲངས་འབོར་ཏུན900ལ་སླེབས་ཏེ། ཚྭ་འདམ་གཞོང་ས་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་འདྲེ་ཚེར་མའི་ཐོན་སྐྱེད་རྟེན་གཞིར་གྱུར་ཡོད། 

640.jpg

“ནོར་བུའི་གཏེར་གཞོང”དུ་འདྲེ་ཚེར་མ་ཉི་མར་སྐམ་པ།

ལྗང་མདོག་གི “སྐྱེ་ཁམས་ཁྱིམ་གཞིས།”

ཚྭ་འདམ་གཞོང་སའི་ཉེ་འཁོར་དུ། ཆེ་ཆུང་མི་འདྲ་བའི་ལྗང་གླིང་བཅུ་གྲངས་ལྷག་ཡོད་དེ། དཔེར་ན་གཏེར་ལེན་ཁ་དང་གཡུལ་ཁ། གསེར་ཁོག  ཁྲའར་ཧན་ཝུའུ་སུའུ། ཤང་སྡེ། པ་ལུང་། ནོམ་ཧོང་། ན་གོར་མོ། ཨ་ལར་སོགས་ལྟ་བུའོ།  ། དེར་སོན་འདེབས་ལ་འཚམ་པའི་ཞིང་ས་སྤྱི་ཆིང་ཁྲི71.8ལྷག་ཡོད། 

4.jpg

མཚོ་སྔོན་གཏེར་ལེན་ཁ། བྱེ་ཐང་གི་ལྗང་གླིང་།

དུས་རབས་སྔོན་མའི་ལོ་རབས90པར་སྡོམ་རྩིས་བྱས་པ་ལྟར་ན། ཚྭ་འདམ་གཞོང་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཁྲོད་རི་དྭགས་ཁྲི463ཡོད་པ་དང་། དེའི་ཁྲོད་དུ་འབྲོང་དང་རྐྱང་། གསའ། ས་རྟ་གྲོ་ལུ་སོགས་དངོས་རིགས་རྩ་ཆེན་མང་དུ་ཡོད། 

གཙོད་དང་སྦྲེ། འཕྱི་བ། དྲེད་མོང་། ངང་བ། ད་དུང་རྔ་མོང་དང་དགོ་བ། གནའ། གླ་བ། ཝ་མོ། གྲུམ་པ་སོགས་ནི་ད་གཟོད་བྱེ་ཐང་འདིའི་བདག་པོ་ངོ་མ་ཡིན། 


མཉམ་སྤྱོད།