དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-10 07:43:43   |   1086

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ97འཁོར་བའི་སྐབས་སུ། ཀྲུང་དབྱང་དམག་ཨུས་ཚེས9ཉིན། པེ་ཅིང་ནས་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱི་སྡེ་ཚན་ལ་བྱ་དགའི་དར་ཆ་གནང་།

  • ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་འགའི་སྔོན་ལ་བཀའ་རྒྱའི་མིང་རྟགས་བཀོད་ནས། སྐམ་དམག་གི་སྟོང་ཤོག་གི་སྒར་གཅིག་གི་བརྒྱ་ཤོག་གཉིས(一营二连)ལ་དཔེ་མཚོན་མེ་སྒྱོགས་ལེན་གྱི་མཚན་སྙན་གནང་།

02.jpg

  • ཀྲུང་དབྱང་དམག་ཨུའི་ཧྲང་ཅང(上将)གི་གོ་གནས་བསྩོལ་བའི་མཛད་སྒོ་ཚེས9ཉིན་པེ་ཅིང་གི་བརྒྱད་གཅིག་ཐོག་ཁང་ནས་སྤེལ་ཞིང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྒྲིག་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་ཐད་ཀྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ》ཞེས་པའི་དཔེ་དེབ་དེ། ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་དང་མི་དམངས་འགྲིམ་འགྲུལ་དཔེ་སྐྲུན་ཁང་གི་མཉམ་དུ་པར་བསྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

  • ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུ་ཡིས་ཀྲུང་དབྱང་གི་ཚབ་ཏུ་དོ་དམ་བྱས་པའི་ཏང་གི་གྲོན་དངུལ་ལས། ཧུའུ་ནན་དང་ཨན་ཧུའེ་སོགས་ཞིང་ཆེན་གྲོང་ཁྱེར9ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར2.31བཏང་ནས། ཉེན་སེལ་གུད་སྐྱོབ་བྱ་བའི་ཐད་ལ་སྤྱོད་པར་རྒྱབ་སྐྱོབ་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་གཞུང་ལས་ཁང་གིས་མཉམ་འབྲེལ་རྟོག་ཞིབ་ཚན་སྐོར་བཙུགས་ནས། ཟས་སྣུམ་སྐྱེལ་འདྲེན་ཐད་ཀྱི་གནད་དོན་ལ་རྩད་ཞིབ་བྱ་རྒྱུ་རེད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའི་གནས་ཚུལ་ལྟར་ན། ད་ལྟའི་བར་དུ། རང་རྒྱལ་གྱི་སྨན་བཅོས་སྒྲིག་ཆས་ཀྱི་ཚད་གཞིའི་རྣམ་གྲངས1978ལ་ཐོན་ཡོད།

  • ཚེས9ཉིན། ཀྲུང་གོའི་མཚོ་དམག་གི་རུ་ཁག1303གྱིས་ཏོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་ནས་སྐོར་ཞིབ་བྱས་པ་དང་། དེ་ནི་ཀྲུང་གོའི་མཚོ་དམག་གིས་ཁྲིམས་ལྟར་བདག་དབང་སྲུང་སྐྱོབ་བྱེད་པའི་སྐོར་ཞིབ་བྱེད་སྒོ་ཡིན།

སྤྱི་ཚོགས།

03.jpg

  • ཀྲུང་དབྱང་གནམ་གཤིས་ཅུ་ཡིས་དྲོད་ཚད་མཐོ་བའི་སེར་མདོག་ཉེན་བརྡ་བཏང་ནས། དེ་རིང་། ཧུའུ་ནན་དང་། ཅང་ཞི། ཀྲི་ཅང་། ཧྥུའུ་ཅན། ནང་སོག  ཞིན་ཅང་སོགས་ཀྱི་ས་ཁུལ་ཁ་ཤས་ཀྱི་དྲོད་གྲངས་ཏུའུ37ནས་ཏུའུ39བར་ཡིན་པ་དང་། ས་ཆ་ལ་ལའི་དྲོད་གྲངས་ཏུའུ40ཡན་ལ་ཐོན་རྒྱུ་རེད།

  • ཟླ9པའི་ཚེས3ཉིན་ནས་བཟུང་། ནན་ཧང(南航)གིས་ཝུའུ་ལུའུ་མུའུ་ཆི་ནས་ཨ་མེ་ཉི་ཡའི་(乌鲁木齐至亚美尼亚)རྒྱལ་ས་ཨེ་ལི་ཝུན་བར་གྱི་གནམ་གྲུ་ཤར་གཏོང་བྱེད་རྒྱུ་དང་། དེ་ནི་རང་རྒྱལ་གྱི་ཨ་མེ་ཉི་ཡའི་བར་དུ་གཏོང་བའི་དུས་བཅད་མཁའ་ལམ་ཐོག་མ་ཡིན།

  • ཉེ་ཆར། རང་རྒྱལ་གྱི་མཚོ་ནང་གི་ལྗིད་འདེགས་གཏེར་བརྐོ་འཁོར་ལོའི་རྒྱ་མཚོར་ཚོད་ལྟ་ཐེངས་དང་པོར་སྨི4000ལས་བརྒལ།

  • རང་རྒྱལ་གྱི་ཚན་རིག་པའི་གསར་སྤེལ་བྱས་པའི་རྒྱུད་རྒྱུ་ལས་གཞིའི་ཐད་ཀྱི་ལག་རྩལ་གསར་བ་ལ། RNAསྨྱན་སྦྱོར་ཡིན་པའི་རྒྱུད་རྒྱུ་ཡང་དག་ནང་འཇུག་ཐུབ་པ་མངོན་འགྱུར་བྱུང་ལ། རིགས་རྒྱུད་ནད་དང་སྐྲན་ནད་སོགས་ཀྱི་ནད་རིགས་ལ་བཅོས་ཐབས་གསར་བ་བྱུང་བའི་རེ་བ་ཡོད།

04.jpg

  • ཧུའུ་པེ་ཝུའུ་ཧན་གྱི་སྐྱེས་པ་ཞིག་ཆུ་ནང་ལྷུང་ནས་བསྐྱབ་ནའང་། བརྒྱལ་ནས་སད་མ་ཐུབ་པས་ཀོན་རུའོ་ཡན་སོགས་གྲོང་མི6གིས120གི་མྱུར་སྐྱོབ་མི་སྣ་ཐོན་རག་བར་དུ། སྐྱེས་པ་དེར་མིའི་ཐབས་དབུགས་འབྱིན་དང་གློ་སྙིང་སླར་གསོའི་མྱུར་སྐྱོབ་བྱེད་ཐབས་སྤྱད་པ་རེད།

སྲིད་ཇུས།

  • བཟོ་འཕྲིན་པུ་ཡིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་ནས། གསར་བསྐྲུན་དང་རྒྱས་བསྐྲུན་བྱེད་པའི་འོད་ཤུགས་བཟོ་སྐྲུན་ལས་གཞིའི་མ་མཐའི་མ་དངུལ་གྱི་བསྡུར་གྲངས་བརྒྱ་ཆའི30ལ་གཏན་ཁེལ་བྱ་རྒྱུ།

  • ཚན་རྩལ་པུ་ཡིས་ཡིག་ཆ་བཀྲམ་ནས་བསྟན་དོན། རྒྱུད་རྒྱུ་སྒྲིག་བཟོ་བྱས་པའི་སྐྱེ་འཕེལ་ཕྲ་ཕུང་བུ་བཙའི་ཐད་ལ་བཀོལ་མི་ཆོག

  • ཀྲི་ཅང་ཉིང་པོ་ཡིས་ཡིག་ཆ་བཀྲམ་ནས། ལས་བཟོ་བ་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་ཆོག་པའི་མ་དངུལ་གྱི་གྲངས་ཀ་དེ། དངུལ་བུན་བསྐྱི་མཁན་དང་མཉམ་དུ་བསྐྱི་མཁན་གྱི་དངུལ་བུན་བསྐྱིས་པའི་ཉིན་གྱི་རྩིས་ཐོའི་ལྷག་གྲངས་ཀྱི་ལྡབ15ནས་ལྡབ20ལ་འཕར།

དེ་རིང་གི་གནམ་གཤིས།

05.jpg

  • སི་ཁྲོན་གཤོང་ས་དང་ཁྲུང་ཆིང་གི་བྱང་རྒྱུད། ཧྲའན་ཞིའི་ཤར་ལྷོ་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧི་ནན་གྱི་ཤར་ལྷོའི་རྒྱུད། ཨན་ཧུའེ་ཡི་དབུས་རྒྱུད། ཅང་སུའུ་ཡི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་དུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་། ཅང་སུའུ་ཡི་དབུས་རྒྱུད་སོགས་ཀྱི་ས་ཆ་ལ་ལར་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།