དེ་རིང་ནི2024ལོའི་ཟླ10པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག【ཁག24པ།】

2024-07-10 08:53:52   |   781

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་བརྒྱ་དང་བཅུ་གསུམ་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་གཞུང་དངུལ་སྤྱད་དེ་གསོལ་སྟོན་དང་། རོལ་རྩེད། ལུས་སྦྱོང་བཅས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་དེར་ཞུགས་པའམ་ཡང་ན་གཞུང་དངུལ་སྤྱད་དེ་ལག་རྟགས་དང་འཛད་སྤྱོད་བྱང་བུ་(འཛིན་ཤོག་)སོགས་ཉོས་པ་དང་སྤྲད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཅུ་བཞི་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་རང་དགར་གླ་ཕོགས་གཏན་འཁེལ་བྱས་པའམ་ཡང་ན་ཕོགས་སྣོན་དང་། གསབ་དངུལ། བྱ་དགའི་དངུལ། ཕན་བདེ་སོགས་གང་བྱུང་དུ་སྤྲད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཅོ་ལྔ་པ། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆུང་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) གཞུང་དངུལ་སྤྱད་དེ་གནས་སྐོར་དུ་བསྐྱོད་པའམ་ཡང་ན་སློབ་སྦྱོང་གསོ་སྦྱོང་དང་། རྟོག་ཞིབ་དང་བརྟག་ཞིབ། ལས་བཟོ་པའི་ཁམས་གསོ་སོགས་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་རྣམ་པ་བསྒྱུར་བའི་ཡུལ་སྐོར་དུ་བསྐྱོད་རིགས།

(གཉིས) གཞུང་དོན་འགྲོ་ལམ་ལ་འགྱུར་ལྡོག་བཏང་ནས་སྐབས་བསྟུན་གནས་སྐོར་བྱས་རིགས།

(གསུམ) དོ་དམ་བྱེད་ཁོངས་ཁེ་ལས་དང་ཁོངས་གཏོགས་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་རྟོག་ཞིབ་བྱེད་སྒོར་ཞུགས་ཏེ་སྐབས་བསྟུན་གནས་སྐོར་བྱས་རིགས། རྟོག་ཞིབ་དང་། སློབ་སྦྱོང་། གསོ་སྦྱོང་། ཞིབ་བསྡུར། ཚོང་འགུག འགྲེམས་སྟོན་སོགས་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་རྒྱལ་ཁབ་(མངའ་ཁོངས་)ཕྱིར་གནས་སྐོར་དུ་བསྐྱོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་བརྒྱ་དང་བཅུ་དྲུག་པ། སྣེ་ལེན་དོ་དམ་གྱི་གཏན་འབེབས་དང་འགལ་ཏེ་ཚད་གཞི་དང་ཁྱབ་ཁོངས་ལས་བརྒལ་ནས་སྣེ་ལེན་བྱས་པའམ་ཡང་ན་སྐབས་བསྟུན་རྒྱས་སྤྲོས་ལོངས་སྤྱོད་བྱས་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཅུ་བདུན་པ། འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་གཞུང་དོན་འགྲིམ་འགྲུལ་ཡོ་བྱད་སྒྲིག་སྦྱོར་དང་། ཉོ་སྒྲུབ། བརྗེ་བསྒྱུར། མཛེས་བཟོ། བེད་སྤྱོད་བཅས་བྱས་པའམ་ཡང་ན་གཞུང་དོན་འགྲིམ་འགྲུལ་ཡོ་བྱད་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ། ཚོགས་འདུའི་བྱེད་སྒོ་དོ་དམ་བྱེད་ཕྱོགས་སྐོར་གྱི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) ཚོགས་འདུ་སྐོང་འཚོག་བྱེད་མི་ཆོག་པའི་མཛེས་ལྗོངས་གྲགས་ཅན་ཁུལ་དུ་ཚོགས་འདུ་འཚོགས་རིགས།

(གཉིས) དུས་ཆེན་གྱི་ཚོགས་འདུ་དང་རྟེན་འབྲེལ་མཛད་སྒོ་སྣ་ཚོགས་སྤེལ་རྒྱུ་ཐག་བཅད་པའམ་ཆོག་མཆན་བཀོད་རིགས།

(གསུམ) ཚོགས་འདུའི་བྱེད་སྒོའི་དོ་དམ་གྱི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་གཞན་དག

དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་དང་། དཔེ་སྟོན་བྱེད་སྒོ་འཛུགས་གཏོད་རང་མཚམས་ངང་སྤེལ་བའམ་ཡང་ན་དཔྱད་བསྡུར་ཚད་ལོན་གཟེངས་བསྟོད་དང་། དཔེ་སྟོན་བྱེད་སྒོ་སྤེལ་བར་ཁ་གཡར་ནས་གྲོན་དངུལ་བསྡུ་ལེན་བྱས་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་གོང་འཁོད་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།


མཉམ་སྤྱོད།