དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཟི་ལིང་ནས་ཞང་ཀང་བར་གྱི་གནམ་གྲུ་ཤར་གཏོང་བྱས།

2024-07-10 10:55:02   |   484

རྩོམ་སྒྲིག   དོན་འགྲུབ་མཚོ།     ཡོང་ཁུངས།   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཟི་ལིང་ནས་ཞང་ཀང་བར་གྱི་གནམ་གྲུ་ཤར་གཏོང་གི་འགན་སྲུང་ལས་ཀའི་མཐུན་སྦྱོར་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་། ཟི་ལིང་མཚོ་འགག མཚོ་སྔོན་གྱི་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས། མཚོ་སྔོན་གནམ་ཐང་སྤྱི་གཉེར་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ12ཚོགས་ཐོག་ཏུ་ཞུགས།

ཞང་ཀང་ནི་རྒྱལ་སྤྱིའི་ཉོ་ཚོང་དངུལ་རྩ་ལྟེ་གནས་དང་གནས་སྐོར་གྲོང་ཁྱེར་གྲགས་ཅན་ཡིན་པའི་ཆ་ནས་ཀྲུང་གོའི་ནང་ལོགས་དང་གླིང་ཆེན་ཨེ་ཤ་ཡ་ཤར་ལྷོའི་བར་གྱི་སྦྲེལ་ཐག་གལ་ཆེན་ཞིག་ཡིན། མཚོ་སྔོན་ལ་ཐུན་མོང་མ་ཡིན་པའི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། ངོ་མཚར་ལྐོག་གྱུར་གྱི་ཁུ་ནུ་རིག་གནས་དང་མཐོ་སྒང་གི་རྨད་བྱུང་མཛེས་ལྗོངས་སོགས་ལ་གནས་སྐོར་བ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། ད་ལོའི་ཟླ5བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དེ་ཞང་ཀང་དང་ཨོ་མན་གྱི“མི་སྒེར་གནས་སྐོར”འཆར་འགོད་ནང་བདམས་པས། ས་གནས་གཉིས་ཀྱི་སྡོད་དམངས་ཀྱི་འགྲོ་འོང་དགོས་མཁོ་ལ་སྟབས་བདེ་བསྐྲུན། 2024ལོའི་ཟླ7པའི་ཚེས9ཉིན་ནས་བཟུང་ཟི་ལིང་ནས་ཞང་ཀང་བར་གྱི་ཐད་འཕུར་གནམ་གྲུ་དེ་གཟའ་རེར་ཐེངས་གཉིས་ལ་གཏང་རྒྱུ་རེད། དེས་ཟི་ལིང་དང་ཞང་ཀང་བར་དུ་སྟབས་བདེ་བའི་བར་སྣང་གི་ཟམ་ཆེན་ཞིག་བསྐྲུན་ཏེ། ས་གནས་གཉིས་བར་གྱི་བར་ཐག་ཇེ་ཉེར་བཟོས་པར་མ་ཟད་ཕན་ཚུན་བར་གྱི་ཉོ་ཚོང་བརྗེ་རེས་དང་རིག་གནས། གནས་སྐོར་ལ་སོགས་པའི་ཁྱབ་ཁོངས་ཀྱི་བརྗེ་སྤེལ་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏང་ཐུབ་པ་དང་། མཚོ་སྔོན་དང་ཞང་ཀང་། ཐ་ན་འཛམ་གླིང་བར་གྱི་འབྲེལ་འདྲིས་དང་མཉམ་སྤེལ་ལ་དགེ་མཚན་མི་དམན་པ་ཐོན་ཐུབ།

ད་ལྟའི་བར་དུ་ཞིང་ཆེན་ཚོང་དོན་ཐིང་གིས་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ། ཞིང་ཆེན་སྒྱུར་བཅོས་གོང་སྤེལ་ཨུ་ལྷན་དང་། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་། ཟི་ལིང་མཚོ་འགག  མཚོ་སྔོན་གྱི་མཐའ་མཚམས་མཐའ་སྲུང་འགྲོ་འོང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས། མཚོ་སྔོན་གནམ་ཐང་སྤྱི་གཉེར་སོགས་སྡེ་ཚན(ལས་ཁུངས)བར་གཅིག་གྱུར་མཐུན་སྦྱོར་ཐོག   རྒྱལ་སྤྱིའི(ས་ཁུལ)མཁའ་ལམ་བསྐྱར་གཏོང་དང་འབྲེལ་ལམ་གསར་པ་བཏོད་དེ། སྔ་གཞུག་ཏུ་ཟི་ལིང་ནས་ཐའེ་པེ་དང་། ཞང་ཀང་། ཐེ་ལན་གྱི་རྒྱལ་ས་མན་ཀུའུ། ལྷོ་ཁོ་རེ་ཡའི་རྒྱལ་ས་ཧྲོའུ་ཨར། ལྗར་པན་གྱི་རྒྱལ་ས་ཏུང་ཅིང། མཱ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོ(吉隆坡)། ཧྲ་ཐེ་ཨ་ལ་པོ་རྒྱལ་ཁབ་ཀྱི་མའེ་ཏེ་ན(麦地那)གྲོང་ཁྱེར། ཁམ་ཕུའུ་ཁྲེ་ཡི་ཞིན་ལི(暹粒)གྲོང་ཁྱེར། ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཡ་ཀྲུང(芽庄)། ཐེ་ལན་གྱི་ཕུའུ་ཅེ(普吉)སོགས་རྒྱལ་སྤྱིའི(ས་ཁུལ)མཁའ་ལམ10སྔ་གཞུག་ཏུ་འཕུར་གཏོང་བྱས། 2024ལོའི་ལོ་སྟོད་བར་དུ་རྒྱལ་སྤྱིའི(ས་ཁུལ)གནམ་གྲུ4300ལྷག་སྔ་གཞུག་ཏུ་འཕུར་གཏོང་བྱས་པ་དང་། རྒྱལ་མཚམས་འགྲོ་འོང་གི་སྐུ་མགྲོན་ཁྲི16ལྷག་ཕར་སྐྱེལ་ཚུར་ལེན་བྱས། 


མཉམ་སྤྱོད།