དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི2024ལོའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་བསྡུ་བའི་སྐར་མཚམས་ཁྱབ་བསྒྲགས་བྱས།

2024-07-10 10:57:09   |   1267

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་གྱི2024ལོའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་མ་བསྡུ་བའི་སྐར་མཚམས་ཚད་གཞི་དེ་མཚོ་བྱང་ཁུལ་སློབ་གསོ་ཅུ་ཡིས་ཞིབ་འཇུག་གཏན་འབེབས་བྱས་པ་དང་འབྲེལ་ཁྱབ་བསྒྲགས་བྱས།

 མཚོ་བྱང་ཁུལ་མཐོ་འབྲིང་དང་པོའི་སློབ་བསྡུའི་སྐར་མཚམས་ནི་སྤྱིར་བཏང་འཛིན་གྲྭའི་སྐར་མཚམས585དང་། མ་དཔེ་འཛིན་གྲྭའི་སྐར་མཚམས436ཡིན་པ་རེད། དེའི་ནང་སྤྱིར་བཏང་འཛིན་གྲྭ་ཁུལ་ཡོངས་སུ་ཁ་ཕྱོགས་ཏེ་སློབ་མ་བསྡུ་རྒྱུ་རེད། མ་དཔེ་འཛིན་གྲྭ་རྐང་ཚ་རྫོང་དང་མདའ་བཞི་རྫོང་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་རྒྱུ་རེད། 

མཚོ་བྱང་ཁུལ་མཐོ་འབྲིང་གཉིས་པ། འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང(ལུའུ་ཆིང་མཐོ་རིམ་སློབ་འབྲིང་།)གི་སློབ་བསྡུའི་སྐར་མཚམས་ནི601ཡིན་པ་དང་འཇུ་ལག་རྫོང་སློབ་གསོ་ཅུ་ཡིས་གཅིག་གྱུར་གྱིས་སློབ་མ་བསྡུ་རྒྱུ་རེད་ལ། དེ་ནི2024ལོར་འཇུ་ལག་རྫོང་དུ་དམའ་འབྲིང་སློབ་སྦྱོང་ཆུ་ཚད་ཀྱི་རྒྱུགས་ལ་ཞུགས་པའི་སློབ་མར་ཁ་གཏད་ནས་བསྡུ་རྒྱུ་རེད། 

མཚོ་བྱང་ཁུལ་མཐོ་འབྲིང་གསུམ་པའི་སློབ་བསྡུའི་སྐར་མཚམས་ནི་སྤྱིར་བཏང་འཛིན་གྲྭའི་སྐར་མཚམས592དང་མ་དཔེ་འཛིན་གྲྭའི་སྐར་མཚམས557ཡིན་པ་རེད། དེ་ནི2024ལོར་མདོ་ལ་རྫོང་དུ་དམའ་འབྲིང་སློབ་སྦྱོང་ཆུ་ཚད་ཀྱི་རྒྱུགས་ལ་ཞུགས་པའི་སློབ་མར་ཁ་གཏད་ནས་བསྡུ་རྒྱུ་རེད།


མཉམ་སྤྱོད།