དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གློ་བུར་ཤི་བ་སྔོན་འགོག་དང་མྱུར་སྐྱོབ་ཇི་ལྟར་བྱེད་དམ།

2024-07-10 15:01:00   |   251

རྩོམ་སྒྲིག    དོན་འགྲུབ་མཚོ།       ཡོང་ཁུངས།   འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་ཆར། རང་རྒྱལ་གྱི་ན་གཞོན་བྱ་སྒྲོ་སྤོ་ལོའི་ལུས་རྩལ་པ་གྲགས་ཅན་ཀྲང་ཀྲི་ཅེ་ཧིན་རྡུ་ཉི་ཞི་ཡའི་འགྲན་རའི་ནང་དུ་གློ་བུར་བརྒྱལ་ཏེ་ཚེ་ལས་འདས་པ་དང་། འབྲེལ་ཡོད་ཀྱི་ཆ་འཕྲིན་ལ་སྤྱི་ཚོགས་ཧྲིལ་བོས་རྒྱུན་མཐུད་ངང་དོ་སྣང་བྱེད་བཞིན་ཡོད། 

མྱུར་སྐྱོབ་ཆེད་མཁས་པས་བཤད་པ་ལྟར་ན། འགྲན་སྡུར་གྱི་བརྙན་རིས་ལས་ཀྲང་ཀྲི་ཅེ་ལ་གཞན་གྱིས་ཐུག་རེག་གང་ཡང་མ་བྱས་པའི་གནས་ཚུལ་འོག་ས་ལ་འགྱེལ་ཏེ་རྩ་འདར་བྱུང་བ་དང་། སྨན་ཁང་ལ་བསྐྱལ་རྗེས་དེ་མ་ཐག་ཚེ་ལས་འདས་པ་སོགས་ལ་བལྟས་ན། གཞི་རྩའི་ཆ་ནས་འགུལ་སྐྱོད་རང་བཞིན་གྱི་གློ་བུར་ཤི་བའི་ནད་རྟགས་ཚང་འདུག་པར་བརྗོད། འོ་ན་གློ་བུར་ཤི་བ་སྔོན་འགོག་དང་མྱུར་སྐྱོབ་ཇི་ལྟར་བྱ་དགོས་སམ་ཞེ་ན། 

图片1.jpg

1 འགུལ་སྐྱོད་བྱེད་སྟངས་ཚན་རིག་དང་བསྟུན་པ།

འགུལ་སྐྱོད་བྱེད་སྐབས་ལོ་ཚོད་དང་ཕོ་མོ། ལུས་པོའི་ལྗིད་ཚད། ནུས་ཚད། བདེ་ཐང་གི་གནས་ཚུལ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ། རང་ཉིད་ལ་ཆེས་འཚམ་པའི་འགུལ་སྐྱོད་བྱེད་ཐབས་དང་ཤུགས་ཚད་གདམ་དགོས། ལས་དང་པོ་བ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ལུས་སྦྱོང་བ་གང་ཡིན་ཡང་། བབ་བསྟུན་རིམ་འཇུག་གི་ཆོས་ཉིད་བརྩི་སྲུང་བྱས་ཏེ། རིམ་པ་བཞིན་འགུལ་སྐྱོད་ཀྱི་ཁ་གྲངས་དང་ཤུགས་ཚད་ཁ་སྣོན་བྱ་དགོས་པ་ལས། སྦྱོང་བརྡར་ཚད་ལས་བརྒལ་བ་དང་རྨས་སྐྱོན་ཕོག་པ་སོགས་ལ་གཡོལ་དགོས། གལ་ཏེ་ལུས་པོ་མི་བདེ་བ་དང་ན་བ་ཡིན་ན། དེ་མ་ཐག་འགུལ་སྐྱོད་བྱེད་མཚམས་བཞག་སྟེ་སྨན་པར་སྟོན་དགོས། 

2 ལུས་པོ་ལ་བརྟག་དཔྱད་བྱེད་པ། 

ལུས་རྩལ་བྱེད་སྒོར་མ་ཞུགས་སྔོན་དུ་ལུས་པོ་ལ་བརྟག་དཔྱད་ལེགས་པོ་བྱ་དགོས་པ་སྟེ། ལུས་སྟེང་དུ་རང་ཉིད་དང་ཁྱིམ་རྒྱུད་ལ་སྔར་བྱུང་མྱོང་བའི་ནད་རིགས་ཡོད་མེད་དང། སྙིང་གི་འཇགས་རྣམ་གློག་རིས་སོགས་བརྟག་དཔྱད་ཆ་ཚང་བསྒྲུབས་ཏེ། རང་ཉིད་ཀྱི་ལུས་པོ་འགུལ་སྐྱོད་ལ་འཚམ་མིན་ཁག་ཐེག་བྱ་དགོས།  

3 གློ་སྙིང་སླར་སོས་ལག་རྩལ་སློབ་པ། 

སྙིང་ལྡིང་མཚམས་བཞག་རྗེས། དུས་ཐོག་ཏུ་མྱུར་སྐྱོབ་བྱས་ཏེ་སླར་སོས་མ་བྱུང་ཚེ། སྐར་མ4ནས6གི་རྗེས་སུ་ནད་པའི་ཀླད་པ་དང་དབང་བོ་གཞན་པར་ཟློག་ཐབས་མེད་པའི་གནོད་སྐྱོན་བཟོ་བ་ཡིན། གལ་ཏེ་ཐོག་མར་མཐོང་མཁན་གྱིས་མྱུར་སྐྱོབ་ཐབས་རྩལ་ཁོང་དུ་ཆུད་པར་མ་ཟད་སྐར་མ4ཡི་རིང་ལ་དུས་ཐོག་ཏུ་གློ་སྙིང་སླར་སོས་ལག་རྩལ་སྤྱོད་ཐུབ་ཚེ། སྲོག་སྐྱོབ་ཐུབ་ཚད50%ཡིན་ཞིང་དེ་ལ“གསེར་ལྟ་བུའི་སྐར་མ་བཞི”ཟེར། དུས་ཚོད་འདི་ལས་བརྒལ་རྗེས། སྐར་མ1རེ་འགོར་འགྱངས་བྱས་ན། མྱུར་སྐྱོབ་ལེགས་འགྲུབ་བྱུང་ཚད7%ནས10%ཙམ་གྱིས་མར་ཆག་པ་ཡིན། 

4 འཚོ་བའི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱེད་པ།

དུ་བ་གཅོད་པ་དང་ཆང་ལ་ཚོད་འཛིན་པ། བཟའ་བཏུང་ལུགས་མཐུན་བྱེད། གཉིད་འདང་བར་བྱེད་པ་སོགས་ཀྱི་གོམས་གཤིས་ལེགས་པོ་གསོ་སྐྱོང་བྱས་ན་འགུལ་སྐྱོད་བྱེད་སྐབས་གློ་བུར་ཤི་བའི་དོན་རྐྱེན་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ།


མཉམ་སྤྱོད།