དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལོ་སྟོད་དུ་མཚོ་སྔོན་པོར་གནས་སྐོར་བ་མི་ཐེངས་ཁྲི86.4ཟིན་འདུག

2024-07-10 16:25:34   |   246

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ལོ་སྟོད་དུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་གནས་སྐོར་བ་མི་ཐེངས་ཁྲི86.4སླེབས་ནས་གནས་སྐོར་ཡོང་འབབ་ཁྱོན་སྡོམ་སྒོར་ཁྲི7100ལྷག་ཙམ་ཟིན་ཡོད་པ་རེད། དབྱར་ཁ་ཤར་བ་དང་བསྟུན། མཚོ་སྔོན་པོར་གནས་སྐོར་དུ་ཡོང་མཁན་ཇེ་མང་དུ་སོང་ཡོད། གནས་སྐོར་གྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ཞབས་ཞུའི་འགན་ལེན་ལེགས་སུ་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཉམས་འགྱུར་མངོན་པའི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དེ་སྔར་བས་བཀྲག་མདངས་འཚེར་སར་འགྱུར་བ་བྱས་ཡོད། 

图片1.jpg

གནས་སྐོར་བ་མང་བའི་དུས་ཚིགས་དང་བྱེད་སྒོ་གལ་ཆེན་སྤེལ་བའི་འགྲན་སློང་ཉིས་བརྩེགས་ཀྱི་མདུན་དུ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་བྱ་ཐབས་མང་པོ་བཀོད་སྒྲིག་བྱས་ནས་ཞབས་ཞུར་འགན་ལེན་བྱས་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་མ་མཐའི་མཚམས་ཐིག་དང་དམར་ཐིག་བརྟན་སྲུང་ནན་པོ་བྱེད་པ་དང་། མཛེས་ལྗོངས་ཁུལ་གྱི་བདེ་སྲུང་སྟོབས་ཤུགས་འཐུས་ཚང་དུ་གཏོང་བ། བདེ་འཇགས་སྐོར་ཞིབ་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལྷུ་ཚིགས་ཁག་གི་བདེ་འཇགས་འགན་འཁྲི་དམ་དུ་གཏོང་བ་བཅས་བྱས་ནས་གནས་སྐོར་བའི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད། སྨན་བཅོས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་ལས་སྨན་བཅོས་ཚོགས་པ་དང་མྱུར་སྐྱོབ་སྒྲིག་ཆས་བཀོད་སྒྲིག་བྱས་ཏེ། རྒྱུན་གཏན་གྱི་སྨན་རྫས་སྣ་ཚོགས་གྲབས་གསོག་དང་། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་བསྡད་དེ་ཛ་དྲག་གནས་ཚུལ་ལ་ཁ་གཏད་ནུས་ལྡན་གཅོག་གི་ཡོད། ཁོར་ཡུག་འཕྲོད་བསྟེན་ཐད་བཅོས་སྒྲིག་ཏན་ཏིག་བྱས་ནས་གནས་སྐོར་བར་དྭངས་ཤིང་གཙང་བའི་ཁོར་ཡུག་བསྐྲུན་པ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་མི་རྣམས་ལ་བག་ཆགས་དེ་བས་ཟབ་པ་འཇོག་ཐུབ་པ་བྱེད་བཞིན་ཡོད། 


མཉམ་སྤྱོད།