དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-11 07:08:09   |   353

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཀི་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཨེན་པ་ལུའོ་དང་གྲོས་མོལ་གནང་།

02.jpg

  • ཟླ7པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ། ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་བྷང་ག་ལའི་ཙུང་ལི་ཧ་ཤིས་ན་དང་ཐུག་འཕྲད་གནང་། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི600ལས་བརྒལ།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་དུས་མཚུངས་ལས་སོ་སོ30.1%དང32%འཕར་ཡོད། 

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6པར། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས0.2%འཕར་ཡོད།

03.jpg

  • ཉེ་ཆར། རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྟེ། ཀྲུང་གོའི་ཐོར་གས་བར་རྡུལ་ནུས་ཁུངས་དཔྱད་ཆས་གསར་པ་གཉིས་ལ་བར་རྡུལ་བརྒྱུད་རིམ་གྱི་གྲུབ་འབྲས་ཐོན། 

  • ཚེས10ཉིན་ནས་བཟུང་། ཞང་ཀང་དང་ཨའོ་མོན་གྱི་གཏན་སྡོད་ཡུལ་མིའི་ཁྲོད་ཀྱི་རྒྱལ་ཁོངས་ཀྲུང་གོ་མིན་པའི་མི་སྣས་ནང་ལོག་ཏུ་འགྲོ་འོང་བྱེད་པའི་ལམ་ཡིག་རེ་ཞུ་བྱས་ཆོག 

  • བཟོ་འཕྲིན་པུས་ཀོང་ཞིའི་ནན་ཉིང་དང་། ཧྲན་ཏུང་ཆིང་ཏའོ། ཡུན་ནན་ཁུན་མིན། ཧའེ་ནན་ཧའེ་ཁོའུ་བཅས་སུ་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ནང་འདྲེན་ཅུ་འཛུགས་རྒྱུའི་མཆན་བཀོད་བཀའ་ལན་གནང་བ་དང་། དེ་ནི་རང་རྒྱལ་གྱིས་ཕྱི་ཕྱོགས་སྤེལ་རེས་བྱེད་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན།

04.jpg

  • ཚེས10ཉིན། 《ཧོང་ཡན་གླིང་ཕྲན་མཚོ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་བརྟག་དཔྱད་དཔྱད་དཔོག་སྙན་ཞུ》ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། ཧོང་ཡན་གླིང་ཕྲན་མཚོ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལེགས་པ་དང་། བྱུ་རུའི་བྲག་རྡོའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན། 

  • ཚོང་དོན་པུས་ཡོ་རོབ་མནའ་འབྲེལ་གྱིས《ཕྱི་རྒྱལ་ཁ་གསབ་སྲོལ་ཡིག》གཞིར་བཟུང་ནས། ཀྲུང་གོའི་ཁེ་ལས་ལ་བརྟག་དཔྱད་བྱེད་རིང་སྤྱད་པའི་འབྲེལ་ཡོད་བྱེད་སྟངས་ཐད་ཚོང་དོན་མ་འཇོག་གི་བཀག་རྒྱའི་བརྟག་དཔྱད་བྱས་པ་རེད། 

  • ཉིན་ཤས་གོང་། ཧོ་ལན་གྱི་གློག་འདྲེན་ཕྱེད་གཟུགས་སྒྲིག་ཆས་བཟོ་མཁན་ཨ་སི་མའེ་སྤྱི་གཉེར་གྱིས་གསལ་བོར་བསྟན་དོན། ཨ་རིས་ཨ་སི་མའེ་ནས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་ཚོད་འཛིན་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཟེར། 

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲོད་ཚད་མཐོ་བ་དང་དྲག་ཆར་གྱི་ཉེན་བརྡ་སེར་པོ་མུ་མཐུད་ཁྱབ་བསྒྲགས་བྱས་པར་གཞིགས་ན། དེ་རིང་། ཅང་ནན་དང་ཧྭ་ནན་སོགས་ས་ཁུལ་དུ་སྔར་བཞིན་དྲོད་ཚད་ཏུའུ35ཡན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པ་དང་། སི་ཁྲོན་གཤོང་ས་ནས་ཅང་ཧོའེ་ས་ཁུལ་བར་དུ་ཆར་པ་དྲག་པོ་འབབ་རྒྱུ་རེད།

  • འབྲི་ཆུའི་སྟོད་རྒྱུད་དུ་འབྱུང་འགྱུར་གཟའ་འཁོར་གཅིག་གི་ནང་ཆུ་ཐེངས་མང་རྒྱས་རྒྱུ་ཡིན་པ་དང་། འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་ཀྱིས་ད་ལོ་ཐོག་དང་པོར་ཆུ་རགས་ཕྱེས་ནས་ཆུ་ཕྱིར་བཏང་།

05.jpg

  • རྨ་ཆུའི་གཞུང་རྒྱུན་ཚོད་འཛིན་རང་བཞིན་གྱི་རྐང་འཛིན་ལས་གྲྭ་སྟེ། ཀུའུ་ཞན་ཆུ་བེད་ལྟེ་བའི་ལས་གྲྭ་དངོས་སུ་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། 

  • དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱིས་གསར་དུ་ཐོ་འགོད་བྱས་པའི་མི་མེད་གནམ་གྲུ་ཁྲི་60ལྷག་ཙམ་ཟིན་པ་དང་། མི་མེད་གནམ་གྲུ་སྡོམ་འབོར་ན་ནིང་ལོ་མཇུག་ལས་48%འཕར་ཡོད། 

  • ཚེས10ཉིན། སི་ཁྲོན་དང་མཚོ་སྔོན་ལྕགས་ལམ་ཧོང་ལུང་ཅིའུ་ཀྲའེ་ས་ཚིགས་བསྐྲུན་ཟིན་པ་དང་། མེ་འཁོར་ལ་བསྡད་ནས་ཧོང་ལུང་དང་གཟི་ཚ་སྡེ་དགུ་ཡི་འཛམ་གླིང་རང་བྱུང་ཤུལ་བཞག་ཆེན་པོ་གཉིས་ལ་ཉུལ་བར་ཐག་རིང་པོ་མེད། 

  • ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཀྲུང་གོའི་དངུལ་འཛིན་དངུལ་རྩའི་སྤྱི་གཉེར་གྱི་དངུལ་འཛིན་བསྒྱུར་དངུལ་གྱི་ལས་སྒོ་གནས་སྐབས་མཚམས་འཇོག་རྒྱུའི་རེ་ཞུར་ཁྲིམས་ལྟར་ཆོག་མཆན་སྤྲད་དེ། ཚེས11ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

  • ཞིང་ལས་འགྲེམས་སྤེལ་དངུལ་ཁང་གིས་ལོ་ལྟར་ཆེད་དོན་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་1000ལས་མི་ཉུང་བ་བཀོད་སྒྲིག་བྱས་ཏེ། འབྲུ་རིགས་ཐོན་ནུས་ཆེ་རུ་གཏོང་བའི་གཙོ་གནད་རྫོང་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ཁ་གསལ་བཟོས་ཡོད།

06.jpg

  • “ཀྲུང་གོའི་གནམ་མིག”གི་དབུ་བཞུགས་ཚན་རིག་མཁས་ཅན་ལི་ཏོ་ལ་མ་སེར·ཀེ་ལུའོ་སི་མན་བྱ་དགའ་ཐོབ་པ་དང་། དེ་ནི་རྒྱལ་སྤྱིའི་དངོས་ལུགས་རིག་པའི་ཁྲོད་ཀྱི་ཆེས་གལ་ཆེ་བའི་བྱ་དགའ་ཞིག་ཡིན།

07.jpg

  • མེ་འགོག་ཁྲའོ་རོགས་ཀྱི“རིམ་པ་གཉིས་པའི་དམག་འཐབ་དཔའ་བོ་”ཧྲང་ཀན་ལིང་གི་དམིགས་བསལ་བྱས་རྗེས་འཇོག་མཁན་ལིན་པིང་ཡོན་སྐུ་གཤེགས་ཤིང་དགུང་ལོ92ཡིན། ཧྲང་ཀན་ལིན་གྱི་གཡུལ་འགྱེད་ཁྲོད་དུ་ཁོས་ཁེར་རྐྱང་དུ་དགྲ་བོ140ལྷག་ཚར་གཅོད་བྱས། 

  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ལྷོ་རྒྱ་མཚོ་རུ“ཁྲག་འཐུང་ཝུའུ་ཙེ་ཉ”(吸血鬼乌贼)དང་འདྲ་བའི་སྐྱེ་དངོས་རིགས་གསར་པ་རྙེད་པ་དང་། དེའི་མིང་ལ“དྲན་ཤེས་ཝུའུ་ཙེ”ཞེས་བཏགས། 

སྲིད་ཇུས།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་ནས་ཞིང་ཆེན་ཡོངས་ཀྱིAརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་ལ་སྤྱིར་བཏང་དུ་ཁ་ཆད་མི་དགོས་པའི་ཆོག་འཐུས་ལག་ལེན་བསྟར་བ་དང་། རིག་གནས་དངོས་མང་བཤམས་སྟོན་ཁང་གིས་ཚོགས་པ་མིན་པའི་གནས་སྐོར་བར་སྤྱིར་བཏང་དུ་ཁ་ཆད་མི་དགོས་པའི་ཆོག་འཐུས་ལག་ལེན་བསྟར་དགོས། 

  • སི་ཁྲོན་གྱིས་སློབ་གྲྭའི་མཛེས་རིག་སློབ་གསོའི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སྒྱུ་རྩལ་སློབ་ཚན་དེ་སློབ་ཆུང་གི་གཟའ་འཁོར་རེར་སློབ་ཚན་4ལས་མི་ཉུང་བ་དང་། དམའ་རིམ་སློབ་འབྲིང་གཟའ་འཁོར་རེར་སློབ་ཚན་2ལས་མི་ཉུང་བ་བཀོད་སྒྲིག་བྱེད་རྒྱུ་ཁ་གསལ་བཟོས། 

  • ཡུན་ནན་གྱིས་སློབ་གྲྭའི་ཟ་ཁང་གི་བཟའ་བཅའི་རྒྱུ་ཆ་མཁོ་སྤྲོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། སློབ་གྲྭར་མཁོ་འདོན་ཚོང་པའི་གནས་ཚུལ་དུས་ཐོག་ཏུ་ཚུར་ལན་སྤྲད་དེ། བྱ་སྤྱོད་ངན་པའི་མཁོ་འདོན་ཚོང་པར“འདེམས་ཤོག་གཅིག་གིས་ཁས་མི་ལེན་པའི”བླང་བྱ་བཏོན་ཡོད། 

དེ་རིང་གི་གནམ་གཤིས།

08.jpg

  • སི་ཁྲོན་གྱི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཁྲུང་ཆིང་གི་དབུས་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད་དང་བྱང་རྒྱུད། ཧོ་ནན་གྱི་ལྷོ་རྒྱུད། ཨན་ཧུའེ་ཡི་དབུས་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཧྲང་ཧའེ་བཅས་དང་དེ་བཞིན་བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་དང་། དེའི་ནང་། ཁྲུང་ཆིང་གི་བྱང་རྒྱུད་དང་། ཧི་ནན་གྱི་ཤར་ལྷོ་རྒྱུད། ཨན་ཧུའེ་ཡི་དབུས་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།