དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-12 07:09:30   |   315

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས11ཉིན། 《ཀྲུང་གོའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང》ཞེས་པ་ཁྱབ་བསྒྲགས་བྱས་ཤིང་། དེབ་དེའི་ནང་བསྟན་དོན། ཀྲུང་གོ་ནི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགྱུར་མེད་སྐུལ་འདེད་མཁན་དང་དགེ་མཚན་བྱ་སྤྱོད་སྤེལ་མཁན་ཡིན་ཞེས་བརྗོད་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6པའི་ཟླ་མཇུག་བར། རང་རྒྱལ་གྱིས་ན་ནིང་དུས་ཚིགས་བཞི་པར་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་ལྷག་བཏང་བའི་ལས་གཞི་ཚང་མ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད།

  • སྡོད་འཛུགས་པུ་ཡིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ1ནས་ཟླ5པའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི2.26གསར་དུ་ལས་མགོ་བཙུགས་ནས་སྒྱུར་བཀོད་བྱས་ཡོད།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས11ཉིན་གྱི་ཆུ་ཚོད12པར། ལྷོ་ཕྱོགས་ཀྱི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེའི་འགན་བཅོལ་གྱི་གྱོང་གུན་ཚོད་དཔག་དངུལ་གྲངས་སྒོར་དུང་ཕྱུར་32.1ཡིན་པ་དང་། སྐྱིན་ཚབ་འཇལ་ཟིན་པ་དང་སྔོན་རྩིས་བྱས་ན་སྐྱིན་ཚབ་འཇལ་དགོས་པའི་གྲོན་དངུལ་སྒོར་དུང་ཕྱུར11ལས་བརྒལ་ཡོད། 

  • རང་རྒྱལ་གྱིས་རྒྱལ་སྤྱིའི་འཕྲིན་གཏོང་དང་རིག་ནུས་མཉམ་འདྲེས་ཀྱི6Gཚོད་ལྟའི་དྲ་བ་ཐོག་མ་དེ་བདེ་བླག་ངང་བསྐྲུན་ནས། 4Gདང5Gསྦྲེལ་ལམ་ལ6Gབརྒྱུད་གཏོང་ནུས་པ་ལྡན་པའི་ལག་བསྟར་བྱེད་འཐུས་རང་བཞིན་ར་སྤྲོད་བྱས་ཡོད།

01.jpg

  • པོ་ཧའེ་རྒྱ་མཚོའི་གཏིང་ཟབ་ཁྲོན་པ་དང་པོར་ཐོན་མཐོའི་སྣུམ་རླངས་ཐོན་པ་དང་། ཉིན་རེར་སྣུམ་རླངས་ཀྱི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི1044ཙམ་ཐོན་པ་དེ་མཚོ་ཐོག་གི་རྒྱུན་གཏན་སྣུམ་རླངས་ཐོན་མཐོའི་ཁྲོན་པའི་ཐོན་ཚད་ཀྱི་ལྡབ10དང་གཅིག་པ་རེད། 

  • 《ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་ཁྲུན་ཐག་བཅད་པ་སླར་ཡང་ཕྱིར་རྫོགས་བྱས》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གོ་སྲིད་གཞུང་གིས་ཁྲིམས་འགལ་ཁྲུན་ཐག་བཅད་པ་ཁས་མི་ལེན་ཞེས་ཡང་བསྐྱར་བསྟན་ཡོད། 

  • ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཁྲིམས་འགལ་ངང་རང་རེའི་ཏེའོ་ཡུས་གླིང་ཕྲན་གྱི་མངའ་ཁོངས་རྒྱ་མཚོར་ཡོང་བའི་འཇར་པན་གྱི་གྲུ་གཟིངས་མངའ་ཁོངས་ནས་ཕྱིར་འགྲོ་རུ་བཅུག 

  • ཚེས11ཉིན། ཚོང་དོན་པུས་ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་འགྲན་རྩོད་ལེགས་ཆ་དེ་ཁ་གསབ་ལས་བྱུང་བ་མིན་པའི་དོན་དངོས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ལུགས་མཐུན་དང་ཕྱི་རོལ་དོན་དངོས་ལ་མཐུན་པའི་གཏན་འབེབས་བྱ་རྒྱུའི་རེ་བ་བཏོན། 

  • ཕྱི་འབྲེལ་པུས་བྱང་ཆིངས་ཀྱི《ཝ་ཧྲིང་ཐོན་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་ལན་བསློགས་ནས། ཀྲུང་གོ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་ནང་དོན་ལ་ཕྱོགས་ཞེན་དང་། དམའ་འབེབས། འཁྲུག་རྐྱེན་སློང་བ་བཅས་ཀྱི་ནང་དོན་གྱིས་ཁེངས་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེར་ཡི་མི་རང་བ་དང་གཏན་ནས་ངོ་རྒོལ་བྱེད་ཚུལ་བསྟན།

སྤྱི་ཚོགས།

  • འབྱུང་འགྱུར་གཟའ་འཁོར་གཅིག་གི་ནང་། ཅང་ནན་གྱི་ལྷོ་རྒྱུད་དང་ཧྭ་ནན་གྱི་ས་ཁུལ་མང་ཆེ་བ་སོགས་སུ་སྔར་བཞིན་རྒྱུན་མཐུད་རང་བཞིན་གྱི་དྲོད་ཚད་མཐོ་བའི་གནམ་གཤིས་ཡོད་པ་དང་། དྲོད་ཚད་མཐོ་ཤོས་ཏུའུ35ནས39ཡིན། ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་མུ་མཐུད་དུ་ཁྱབ་བསྒྲགས་བྱས་པ་རེད།

02.jpg

  • འདས་ཟིན་པའི་ཉིན་གཉིས་ཀྱི་ནང་། ཁྲུང་ཆིང་གི་ཆུས་དང་རྫོང5ལ་དྲག་ཆར་ཧ་ཅང་ཆེན་པོ་བབས་པ་དང་། ཆུ་བོ15ལ་ཉེན་ཟོན་ཆུ་གནས་ལས་བརྒལ་བའི་ཆུ་ལོག་ཐོན་པ་རེད། 

  • ཚེས11ཉིན། འབྲི་ཆུའི་ད་ལོའི་ཆུ་ལོག་ཨང2པ་སྟོད་རྒྱུད་དུ་གྲུབ་པ་རེད། 

  • 2024ལོའི་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་བཞུར་རྒྱུན་ཧྲིལ་བོའི་ཤར་གཏོང་ཐུབ་པའི་ཆུ་གསབ་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་མིས་བཟོས་གཙང་པོ་ཆེན་པོའི་རྨ་ཆུའི་བྱང་རྒྱུད་ཀྱི་བཞུར་རྒྱུན་རིམ་རྩིས་བྱས་ན་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར15.36ཁ་གསབ་བྱས་ཡོད།

03.jpg

  • རེས་སྐོར་གསར་པའི་སྣུམ་གྱི་རིན་གོང་ལེགས་སྒྲིག་ཚེས11ཉིན་གྱི་ཆུ་ཚོད24ཐོག་མགོ་བརྩམས་པ་དང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར110དང་སྒོར105མཐོ་རུ་ཕྱིན་ཡོད། 

  • དབྱར་ཁའི་གུང་གསེང་སླེབས་ལ་ཉེ་བའི་སྐབས་སུ། སྤྱི་དམངས་མང་བའི་ལྟ་སྐོར་དགོས་མཁོ་སྐོང་ཆེད། ཉིན་ཤས་གོང་། པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་གཉིས་ཀྱིས་དབྱར་ཁའི་གུང་གསེང་གི་སྐབས་སུ་སློབ་གྲྭར་ལྟ་སྐོར་བྱ་རྒྱུ་ཕྱི་ཕྱོགས་ལ་སྒོ་འབྱེད་པ་ཁྱབ་སྒྲོག་བྱས། 

  • སྤྱི་བདེ་པུས་ཉེ་ཆར་མཚན་མོའི་བདེ་འཇགས་སྐོར་ཞིབ་བྱ་སྤྱོད་སྤེལ་ནས། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁག་གཅིག་རྩད་ཆོད་པ་དང་། 110གི་ཉེས་དོན་དང་བདེ་འཇགས་ཉེན་རྟོག་པའི་གནས་ཚུལ་སོ་སོར་ཟླ་གོང་མ་ལས

    7.7%དང3.6%མར་ཆག་ཡོད།

  • ཨ་རིའི་ཁྲིམས་འཛིན་སྡེ་ཚན་གྱི་རེ་ཞུ་ལྟར། ཚེས10ཉིན། ཀྲུང་གོའི་ཉེན་རྟོག་ཕྱོགས་ཀྱིས་ཧྲང་ཧའེ་རུ་ཨ་རི་ནས་བྱིས་པར་བཙན་གཡེམ་གྱི་ཉེས་གསོག་དོགས་གཞི་ཡོད་པའི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་བྲོས་བྱོལ་ཉེས་ཅན་སི་ཁོ་ཐེ་ཨ་རི་ཕྱོགས་ལ་རྩིས་སྤྲོད་བྱས་པ་རེད།

  • ཀྲུང་གོ་ཞི་བདེ་འགན་བཅོལ་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་དེ་སྔའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཞའོ་ཞིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་ཤིང་། ཞའོ་ཞིང་གིས་ལྐོག་རྔན་སྒོར་ཁྲི8148ལྷག་ཙམ་བླངས་པ་ཞུ་གཏུག་བྱས།

04.jpg

  • ཉེ་ཆར། རི་སྐྱེས་ཨེ་ཤེ་ཡའི་གླང་ཆེན20ལྷག་ཙམ་སྒྲོམ་སྐྱོར་བརྒལ་ནས་ཡུན་ནན་མེང་ལ་ཞའོ་མོ་མྱུར་བགྲོད་གཞུང་ལམ་ཐོག་རྩེད་མོ་རྩེ་བཞིན་ཡོད་པ་རེད། ས་གནས་དེ་གའི་སྡེ་ཚན་མང་པོས་མཉམ་ལས་བྱས་ཏེ་ཆུ་ཚོད་བརྒྱད་ཀྱི་རིང་གླང་ཆེན་བདེ་འཇགས་ངང་ཁ་བྲལ་བར་སྲུང་སྐྱེལ་བྱས། 

སྲིད་ཇུས།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འབར་རླངས་ཡོ་བྱད་སྦྲེལ་མཐུད་ཐད་སྤྱོད་པའི་མཉེན་སྦུག་དང་འབར་རླངས་བྲེལ་མྱུར་སྟེམ་སྒོ་ལ3Cཁས་ལེན་བྱས་ནས་ཟླ10ཚེས1ཉིན་ནས་བཟུང་ཁས་ལེན་མངགས་བཅོལ་བདག་སྤྲོད་བྱ་རྒྱུ་ཡིན་པ་རེད། 

  • ཧྲང་ཧའེ་ཡིས་རླངས་འཁོར་གསར་བརྗེས་འཛད་སྤྱོད་བྱེད་པ་མགྱོགས་སུ་གཏོང་རྒྱུའི་བྱ་སྤྱོད་ཇུས་གཞི་བཏོན་ནས། ཆ་རྐྱེན་དང་མཐུན་པའི་མི་སྒེར་སྤྱོད་མཁན་གྱིས་གློག་སྒུལ་རྐྱང་པའི་འགྲུལ་སྐྱེལ་རླངས་འཁོར་རྙིང་པ་དེ་གསར་པ་བརྗེ་སྐབས་མི་སྒེར་སྤྱོད་མཁན་ལ་ཐེངས་གཅིག་ལ་སྒོར་ཁྲི་གཅིག་གི་རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། 

  • སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་བརྡ་ཐོ་བཏང་ནས་མཛེས་ལྗོངས་ཁུལ་གྱིས་འགྲིམ་འགྲུལ་ཡོ་བྱད་ལ་བརྟེན་ནས་ཁེ་སྤོགས་མཐོ་དྲགས་བླངས་མི་ཆོག་པའི་གཏན་འབེབས་བྱས་ཡོད། 

དེ་རིང་གི་གནམ་གཤིས།

05.jpg

  • ཧྭ་པེའི་བྱང་རྒྱུད་དང་། ཅང་ཧོའེ་ས་ཁུལ་མང་ཆེ་བ། ཀྲེ་ཅང་གི་ས་ཁུལ་མང་ཆེ་བ། ཁྲུང་ཆིང་གི་དབུས་ཤར་རྒྱུད། ཧུའུ་པེའི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། ཧོ་ནན་གྱི་ལྷོ་རྒྱུད་དང་། ཨན་ཧུའེ་ཡི་དབུས་རྒྱུད། ཅང་སུའུ་ཡི་ལྷོ་རྒྱུད། ཀྲེ་ཅང་གི་བྱང་རྒྱུད། ཧུའུ་པེའི་བྱང་ཤར་དང་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།