དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྐབས25པའི་མཚོ་སྔོན་ཚོང་དོན་གྲོས་མོལ་ཚོགས་འདུ་འཚོག་མགོ་བརྩམས། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་རིགས300ལྷག་འགྲེམ་སྟོན་བྱས།

2024-07-12 09:40:29   |   546

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས11ཉིན། སྐབས25པའི་ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་གཟབ་རྒྱས་ངང་འཚོག་མགོ་བརྩམས། མཚོ་བྱང་ཁུལ་གྱིས་ཁྱོན་ཁེ་ལས52སྒྲིག་འཛུགས་བྱས་ནས་རིགས་ཆེན་པོ15ཡོད་པའི་ཐོན་རྫས་སྤུས་ལེགས་སྣ་ཁ300ལྷག་ཙམ་མཚོ་སྔོན་ཚོང་དོན་གྲོས་མོལ་ཚོགས་འདུ་རུ་འགྲེམ་སྟོན་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མགོ་རྩོམ་མཛད་སྒོ་དང་གཙོ་དོན་གླེང་སྟེགས་ནང་ཞུགས་པ་མ་ཟད་མཚོ་བྱང་འགྲེམ་སྟོན་ཁང་དུ་ཕྱིན་ཏེ་སྐོར་ཞིབ་བྱས།

སྐབས་འདིའི་མཚོ་སྔོན་ཚོང་དོན་གྲོས་མོལ་ཚོགས་འདུ་ལ། མཚོ་བྱང་ཁུལ་གྱིས་འགྲེམ་སྟོན་གྱི་རྩ་དོན་དང་བླང་བྱ་དོན་འཁྱོལ་ནན་པོ་བྱས་པ་དང་། འགྲེམ་སྟོན་ཁང་གཙོ་བོ་དང་ཐོན་ལས་འགྲེམ་སྟོན་ཁུལ་གྱི་འགྲེམ་སྟོན་ལས་དོན་ཟུང་འབྲེལ་བྱ་རྒྱུར་སྣང་ཆེན་བྱས་ཤིང་། ལྗང་མདོག་འཕེལ་རྒྱས་དང་གསར་བརྗེའི་རིག་གནས་ཆུ་ཚད་མཐོ་རུ་གཏོང་རྒྱུ་བསམ་བཀོད་བྱས་ནས། “མཚོ་སྐོར་འགྲེམ་སྟོན་ཁུལ”དུ་འགྲེམ་སྟོན་ཁང་དང་འགྲེམ་སྟེགས་བཙུགས། དེའི་ཁྲོད་དུ་ཐོག་བརྩེགས་དང་པོར་ས་མཐོའི་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ཀྱིས་སྣེ་ཁྲིད་བྱེད་པ་དང“མདེལ་གཉིས་སྐར་གཅིག” སྙིང་སྟོབས་ཀྱི་གསར་བརྗེའི་གཙོ་ཐིག་བརྗོད་བྱ་གཙོ་བོར་བཟུང་སྟེ། “ལྗང་མདོག་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ·གསར་བརྗེའི་ཟུངས་ཁྲག་རྒྱུན་མཐུད་བྱེད་པའི”མཚོ་བྱང་ཕྱོགས་བསྡུས་ཁང་འབུར་དུ་ཐོན་པར་བྱས་པ་དང་། འགྲེམ་ཁུལ་བཀོད་སྒྲིག་ལ“དམར་པོ”དང“ལྗང་གུ”མཉམ་འདྲེས་ཀྱི་མཚོ་བྱང་དཔེ་མཚོན་མངོན་ཡོད། “གསེར་མདོག་འཇུ་ལག”དང་“ལྷ་ཁམས་མདོ་ལ”དང་། “བོད་མཁར་རྐང་ཚ”དང་། “བདེ་བརྟན་མདའ་བཞི”ཞེས་པའི་འགྲེམ་སྟོན་ཁང་གིས་མཚོ་བྱང་གི“སྒོ་དབྱེ་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་མངོན་གསལ་དོད་པོས་མཚོན་པར་བྱས་ཡོད། ཞིང་འབྲོག་སྡེ་ཚན་དང་། རིག་གནས་གནས་སྐོར་སྡེ་ཚན། ནུས་རྒྱུ་གསར་པའི་སྡེ་ཚན། གསར་བརྗེའི་སྡེ་ཚན་བཅས་སྡེ་ཚན་བཞི་གཙོ་རྐང་དུ་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འབྱུང་འགྱུར་གྱི་རྒྱང་རིང་གི་འཆར་འགོད་མངོན་པར་བྱས་ཡོད། ཐོག་བརྩེགས་གཉིས་པར་མཚོ་སྔོན་ཞ་ཧྭ་ཁ་ཆེའི་ཤ་རིགས་ཚད་ཡོད་སྤྱི་གཉེར་དང་། མཚོ་སྔོན་མདོ་ལ་འོ་ལས་ཚད་ཡོད་འགན་འཁྲི་སྤྱི་གཉེར། འཇུ་ལག་སྦྲང་རྩི་ཚད་ཡོད་སྤྱི་གཉེར། རྐང་ཚ་གནའ་བོའི་བོད་ཀྱི་རིག་གནས་བཟོ་རྩལ་ཚད་ཡོད་སྤྱི་གཉེར་སོགས་ཁེ་ལས52ཀྱིས་ཐོན་རྫས་རིགས་ཆེ་གྲས15དང་མཚོ་བྱང་གི་སྤུས་ལེགས་ཐོན་རྫས་སྣ་ཁ300ལྷག་ཙམ་འགྲེམ་སྟོན་བྱས་ཤིང་། དེའི་ནང་ནོར་ལུག་གི་ཤ་དང་། འོ་མའི་ཐོན་རྫས། ནས་ཀྱི་ཐོན་རྫས། སྔོན་བཟོས་ཚལ། ཤྭ་བའི་ཐོན་རྫས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། གྲངས་འཛིན་རིག་ནུས་ཐོན་རྫས་སོགས་ཡོད་དེ། ཐོན་རྫས་དེ་དག་གིས་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་དང་། ཀྲུང་བོད་སྨན་སྡེབ་སྦྱོར། རིག་གནས་གནས་སྐོར་འཕེལ་རྒྱས། ནུས་རྒྱུ་གསར་པ་གསར་སྤེལ་སོགས་ཀྱི་ཐད་དུ་བླངས་པའི་གྲུབ་འབྲས་གསར་པ་དང་ཐོལ་བརྒལ་གསར་པ་མཚོན་ཡོད་པ་མ་ཟད། “མཚོ་བྱང་གི་སྤུས་ལེགས་ཐོན་རྫས”ཀྱི་ཐོན་ལས་ལེགས་ཆ་རྒྱ་ཆེར་བཏང་སྟེ། དངོས་སྟོབས་ཡོད་པའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་མཚོ་བྱང་གི་ཐོན་ལས་གསར་སྤེལ་དང་གསོ་སྐྱོང་ནང་ཞུགས་པར་ཕན།     དེ་དང་ཆབས་ཅིག་ཡུལ་དངོས་ནས5Gཐད་གཏོང་བྱས་ཏེ། “སྤྲོ་བས་ཉོ་བ”ཞེས་པའི་བྱེད་སྒོ་སྤེལ་བ་དང་། མཚོ་བྱང་ཁུལ་གྱི་ཐོན་རྫས་གྲགས་ཅན་དང་། སྤུས་ལེགས། དམིགས་བསལ་ཅན་དང་དེ་བཞིན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་དང་ཕྱིར་འཚོང་བྱས་པས་ས་ཁོངས་དབར་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་འཁོར་རྒྱུག་ལ་སྐུལ་འདེད་བཏང་།


མཉམ་སྤྱོད།