དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག【ཁག25པ།】

2024-07-12 10:00:27   |   903

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


དོན་ཚན་བརྒྱ་དང་བཅུ་དགུ་པ། གཞུང་ལས་ཁང་གི་དོ་དམ་སོགས་ཀྱི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས་ཉེས་ཚབས་ཅུང་ཆེ་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) གཞུང་ལས་ཐོག་ཁང་དང་གསོ་སྦྱོང་ལྟེ་གནས་སོགས་ཐོག་ཁང་དང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་གསར་སྐྲུན་དང་མཛེས་བཟོ་བྱ་རྒྱུ་ཐག་བཅད་པའམ་ཆོག་མཆན་བཀོད་རིགས།

(གཉིས) ཚད་གཞི་ལས་བརྒལ་ཏེ་གཞུང་ལས་ཁང་བཀོད་སྒྲིག་དང་བཀོལ་སྤྱོད་བྱས་རིགས།

(གསུམ) ཆོག་མཆན་མ་ཐོབ་པར་གཞུང་ལས་ཁང་བོགས་གཡར་དང་གཡར་སྤྱོད་བྱས་རིགས།

(བཞི) གཞུང་དངུལ་སྤྱད་དེ་མགྲོན་ཁང་ངམ་ས་ཆ་གཞན་དག་བོགས་ལེན་དང་བཟུང་སྤྱོད་བྱས་ནས་སྒེར་གྱིས་སྤྱོད་པར་མཁོ་འདོན་བྱས་རིགས།

(ལྔ) གཞུང་ལས་ཁང་གི་དོ་དམ་སོགས་ཀྱི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག

དོན་ཚན་བརྒྱ་དང་ཉི་ཤུ་པ། དབང་སྲེད་ཉོ་ཚོང་བྱས་པའམ་ཡང་ན་རྒྱུ་དངོས་སྤྲད་དེ་དངུལ་སྲེད་ཉོ་ཚོང་བྱས་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཅིག་པ། སྤྱོད་གཙང་གི་སྒྲིག་ཁྲིམས་གཏན་འབེབས་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་ཚེ། བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་ཐ་ཚིག་སྒྲོག་རྒྱུ་དང་། ཐ་ན་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱ་དང་ཉེར་གཉིས་པ། གཤམ་གསལ་བྱ་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལས། ཉེས་ཚབས་ཆུང་ཙམ་ཡིན་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་ཙམ་ཡིན་རིགས་ལ།

ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག) ཚད་གཞི་དང་ཁྱབ་ཁོངས་ལས་བརྒལ་ཏེ་མང་ཚོགས་ཀྱི་ས་ནས་གྲོན་དངུལ་དང་ངལ་ནུས་བསྡུ་རུབ་བྱས་པ་དང་། འགྲོ་གྲོན་ཆ་གསེས་བྱས་ནས། མང་ཚོགས་ཀྱི་ཁུར་པོ་ལྕི་རུ་བཏང་བ།

(གཉིས) འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་མང་ཚོགས་ཀྱི་རྒྱུ་རྫས་བཀག་ཉར་དང་བསྡུ་ལེན་བྱས་པའམ་ཡང་ན་མང་ཚོགས་ལ་དངུལ་ཆད་བཅད་པ།

(གསུམ) མང་ཚོགས་ཀྱི་རྒྱུ་དངོས་འཐེན་འཕྲི་བྱས་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་མང་ཚོགས་ཀྱི་ཐོབ་དངུལ་ཆད་འགྱངས་བྱས་པ།

(བཞི) དོ་དམ་དང་ཞབས་ཞུའི་བྱེད་སྒོའི་ནང་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་འགྲོ་གྲོན་བསྡུ་ལེན་བྱས་པ།

(ལྔ) མང་ཚོགས་དང་འབྲེལ་བའི་ལས་སྒོ་སྒྲུབ་སྐབས། མང་ཚོགས་ལ་དཀའ་ལས་བཟོས་པ་དང་བཟའ་འཁྱེར་བཀག་ལེན་བྱས་པ།

(དྲུག) མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་གཞན་དག

གྲོང་གསེབ་དར་རྒྱས་གཏོང་བའི་ཁྱབ་ཁོངས་ནང་གོང་གསལ་བྱ་སྤྱོད་ཡོད་རིགས་ལ། ཆད་པ་ལྕི་མོ་གཅོད་པའམ་ཡང་ན་ཆད་པ་ཇེ་ལྕི་རུ་གཏོང་རྒྱུ།

དོན་ཚན་བརྒྱ་དང་ཉེར་གསུམ་པ། ཐོན་སྐྱེད་ལས་གཉེར་གྱི་རང་བདག་དབང་ཆར་ཐེ་ཇུས་བྱས་ཏེ་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཆེ་ཙམ་བཟོས་རིགས། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་མགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། ཉེས་ཚབས་ཆེ་རིགས་ལ་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།


མཉམ་སྤྱོད།