དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-07-15 07:30:22   |   1153

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ད་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུ་མུའུ་རེའི་ཐོན་ཚད་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་མུའུ་རེར་སྤྱི་རྒྱ375.2ཟིན་པ་དང་། དེའི་ནང་གྲོའི་མུའུ་རེའི་ཐོན་ཚད་སྤྱི་རྒྱ399.1ཟིན་ཡོད་པ་རེད། 

  •  རྒྱལ་ཁབ་ལྕགས་ལམ་ཚོགས་པའི་གནས་ཚུལ་སྤེལ་བར་གཞིགས་ན། ཟླ6པར་རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར3.32སྐྱེལ་འདྲེན་བྱས་པ་དང་། ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར2665ཟིན་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

  •  ལོ་སྟོད་དུ་དམངས་སྤྱོད་མཁའ་འགྲུལ་གྱི་ལས་རིགས་ཡོངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར3.5ཟིན་པ་དེ་དུས་མཚུངས་ལས23.5%འཕར་ཡོད། 

  •  ད་ལོ་ནས་བཟུང་རང་རྒྱལ་གྱི་སྣུམ་རླངས་མདོང་ལམ་དྲ་བའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བསྐྲུན་ཏེ། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་མདོང་ལམ་གྱི་ལམ་ཚད་སྤྱི་ལེ4000ལས་བརྒལ་རྒྱུ་དང་། “རྒྱལ་ཡོངས་དྲ་བ་གཅིག”རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད། 

  •  བཟོ་ལས་ཆ་འཕྲིན་པུ་ཡིས་ཡིག་ཆ་བཏང་སྟེ། བྱང་སྐར་སིམ་འཛུལ་བྱེད་ཚད་མགྱོགས་མྱུར་མཐོ་རུ་བཏང་ནས་བྱང་སྐར་གྱི་སྒྲིག་ཆས་དང་བཀོལ་སྤྱོད་དེ་བྱང་སྐར་རབས་གསུམ་པ་ལ་གོ་རིམ་ལྡན་པའི་སྒོ་ནས་རིམ་སྤར་རབས་བརྗེ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན།

  •  འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་དུས་མཚུངས་ལས6.1%འཕར་ཡོད་པ་དང་། ཚོང་དོན་གཞི་ཁྱོན་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། 

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའུ་ལ་མེ་མདའ་ཕོག་པའི་སྐོར་གསར་འགོད་པར་ལན་བཏབ།  

  • ལོ་འཁོར་གྱི་འཆར་གཞི་དང་ཀྲུང་ཨུ་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་གཞིར་བཟུང་ནས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་དམག་གྲུའི་དཔུང་ཁག་གིས་ཉེ་ཆར་ཞི་བདེ་རྒྱ་མཚོ་ཆེ་མོའི་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་འབྲེལ་ཡོད་མཚོ་ཁོངས་སུ་མཚོ་ཐོག་མཉམ་འབྲེལ་སྐོར་ཞིབ་ཐེངས་བཞི་པ་བྱས་པ་རེད། 

1.png

  • ཚེས14ཉིན། 2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཕ་རི་སི་ནས་བརྒྱུད་སྤྲོད་བྱེད་མགོ་ཚུགས་པ་རེད། 

 སྤྱི་ཚོགས།

2.jpg

  • ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་དྲོད་ཚད་མཐོ་བའི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ཉིན་མོ་ཞིན་ཅང་དང་། ཧུའུ་ནན། ཅང་ཞི། ཀྲེ་ཅང་། ཧྥུ་ཅན་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མཐོ་ཤོས37~39℃སླེབས་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ40℃ཡན་ལ་སླེབས་རྒྱུ་རེད།

  •  འབྲི་ཆུའི་ཆུ་ལོག་ཨང་དང་པོ་དང་གཉིས་པ་རྒྱས་བཞིན་ཡོད་པ་དང་། ཚེས15ཉིན་འགག་གསུམ་ཆུ་མཛོད་དུ་སླར་ཡང་ཆུ་ལོག་གི་བརྒྱུད་རིམ་ཞིག་བྱུང་རྒྱུ་རེད། 

  •  རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་ས་ཆ་མང་པོའི་མྱུར་སྐྱེལ་ལས་སྒོའི་བྱེད་ཚད་དུས་མཚུངས་ལས40%ལས་བརྒལ་རྒྱུ་ཡིན་པ་རེད། 

  •  འཕྲལ་སྡོམ་དོ་དམ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་གནོད་འཚེའི་ཆ་འཕྲིན་པའི་དཔུང་ཁག་ཁྲི100ལྷག་ཙམ་ཡོད་པ་རེད། 

  •  ཚེས14ཉིན་གྱི་ཆུ་ཚོད13དང་སྐར་མ31བར2024ལོའི་དབྱར་ཁའི་གུང་གསེང་སྐབས་ཀྱི(ཟླ6པ་ནས་ཟླ8པའི་བར)གློག་བརྙན་སྤ་སེ་བཙོང་འབབ་སྡོམ་འབོར(སྔོན་འཚོང་ཚུད་ཡོད)དུང་ཕྱུར40ལས་བརྒལ་ཡོད་པ་རེད། 

  •  ཚེས13ཉིན། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་ལས་བྱས་ནས་ཧྥི་ལི་ཕིན་དུ་ཀྲུང་གོའི་སྤྱི་དམངས་བཙན་ཁྲིད་བྱས་པའི་དོགས་ཡོད་ཉེས་གསོག་དོགས་ཅན3ཕྱིར་ལོག་བཏང་བ་རེད། 

  •  ལོ་སྟོད་དུ་ཏ་ཆིང་སྣུམ་ཞིང་གི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར3ལས་བརྒལ་ནས་འཆར་གཞིའི་དམིགས་ཚད་ཚད་བརྒལ་ལེགས་གྲུབ་བྱུང་བ་རེད། 

  •  རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་སྤེལ་རྒྱུག་གློག་འདྲེས་གྲུབ་རྫས་འགྱུར་ཁྱབ་ཁོངས་སུ་ཚད་བརྒལ་གསར་པ་ཐོབ་ནས་གློག་འདྲེས་ཆ་རྐྱེན་འོག་བར་བརྒལ་ལྕགས་རིགས་འགྱུར་སྐུལ་རྫས་དེ་མོ་སྣེ་ནས་དབྱེ་འབྱེད་བྱེད་སླ་བས་ངེས་པར་དུ་དབྱེ་འབྱེད་རྫིང་བུ་སྤྱོད་དགོས་པའི་ཚན་རིག་གི་དཀའ་གནད་ཐག་གཅོད་བྱས་པ་རེད། 

3.png

  • ཅང་སུའུ་ཡན་ཁྲེང་དུ་རོགས་སྐྱོབ་བྱས་པའི་ཤར་ཕྱོགས་བཞད་ཁྲུང་དཀར་པོ(东方白鹳)7འཕུར་ཐུབ་པའི་ཆ་རྐྱེན་འཛོམས་པ་དང་ཉེ་ཆར་མཚོ་རགས་ཤིག་ཏུ་རང་བྱུང་ཁམས་ཆེན་མོའི་པང་དུ་བཏང་།

 སྲིད་ཇུས།

  •  པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། ཁང་པ་དང་ས་ཆ་གཞི་གཅིག་ཅན་གྱི་ཁང་སའི་དབང་ཆ་གཏན་འཁེལ་ཐོ་འགོད་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་པ་དང་། ད་ལྟའི་ཁང་སའི་གཞི་གྲངས་ཁྱོན་ཡོངས་ནས་རྩད་གཅོད་གསལ་པོ་བྱེད་པ། ཁྲིམས་དང་གཏན་འབེབས་ལྟར་གཏན་ཚུགས་ནོར་རྫས་ཐོ་འགོད་བྱེད་པ་བཅས་བྱས་ཏེ། ཐོ་འགོད་དགོས་པ་ཚང་མ་ཐོ་འགོད་བྱེད་པ་དང་ཁྱིམ་ཚང་ལ་ལག་ཁྱེར་སྤྲོད་པ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྩིས་ཡོད་པ་རེད། 

  • ཧྲང་ཧའེ་ཡིས་རྒན་གསོའི་ལས་གཉེར་མི་སྣའི་གསོ་སྦྱོང་གི་ཚད་གཞི་རབ་དང་རིམ་པ་ཁྱབ་བསྒྲགས་བྱས་ནས། འབྲིང་རིམ་དང་མཐོ་རིམ་ཅན་གྱི་ནད་གཡོག་པ་དེ་ཨན་ཉིང་སྨན་བཅོས་ནད་གཡོག་པའི་གསོ་སྦྱོང་བྱ་ཡུལ་དུ་འགྱུར་ཆོག་པ་གཏན་འཁེལ་བྱས་པ་དང་། ཆེད་གཅིག་ནུས་མང་ཅན་གྱི་རྒན་གསོའི་ལྟ་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་རོགས་རམ་བྱེད་ཀྱིན་ཡོད་པ་རེད། 

  •  ཧུའུ་པེ་ཝུའུ་ཧན་གྱིས་ཡིག་ཆ་ཁྱབ་བསྒྲགས་བྱས་ནས་མི་སྒེར་གྱི་སྡོད་ཁང་དང་པོའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི120བར་ལེགས་སྒྲིག་བྱས་པ་དང་། མི་སྒེར་གྱི་སྡོད་ཁང་གཉིས་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི100བར་ལེགས་སྒྲིག་བྱས་པ་རེད། 

 དེ་རིང་གི་གནམ་གཤིས། 

4.jpg

  •  ཧྲའན་ཞིའི་ལྷོ་རྒྱུད་དང་། སི་ཁྲོན་གྱི་ཤར་རྒྱུད། ཧོ་ནན་གྱི་དབུས་ལྷོ་རྒྱུད། ཧུའུ་པེའི་བྱང་རྒྱུད། ཨན་ཧུའེ་ཡི་ནུབ་བྱང་རྒྱུད། ཅང་སུའུ་ཡི་དབུས་ལྷོ་རྒྱུད། ནང་སོག་གི་ནུབ་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་ལྷོ་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་དང་། དེའི་ནང་ཧོ་ནན་གྱི་དབུས་ལྷོ་རྒྱུད་དང་། ཧུའུ་པེའི་བྱང་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།