དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་དང་ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཀྱིས་ཚོང་འགུགས་མ་འདྲེན་བྱ་བའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།

2024-07-15 09:26:41   |   1239

རྩོམ་སྒྲིག    དོན་འགྲུབ་མཚོ།    ཡོང་ཁུངས།    མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་དང་ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཀྱི་ཚོང་འགུགས་མ་འདྲེན་བྱ་བའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི།  ཆིང་ཏའོ་གྲོང་ཁྱེར་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་སུན་ཏིང་ཧའོ། ཆིང་ཏའོ་གྲོང་ཁྱེར་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་གཞོན་པའམ་ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཀྱི་ལས་འཛིན་པ་ཀྲའོ་ཧྥང་ཆོན་བཅས་ཚོགས་འདུར་ཕེབས།    

1.jpg

ཚོགས་འདུའི་ཐོག ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཀྱི་ཁེ་ལས་པ་རྣམས་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། མཚོ་བྱང་གི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པར་མ་ཟད། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་ནས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་འོག་དང་། མཚོ་སྐྱོར་ལས་བྱེད་པའི་དཀའ་སྤྱད་འབད་བརྩོན་ཁྲོད་ཧྲན་ཏུང་གི་ཁེ་ལས་གང་མང་ཞིག་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་སོ་སོར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མཚོ་བྱང་ཁུལ་གྱི་མདུན་ཕྱོགས་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་རྒྱབ་ཕྱོགས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ལ་གཏད་ཡོད་ཅིང་། ས་རྒྱ་ཆེ་ཞིང་མི་ཚོགས་ཉུང་བ་དང་། གནམ་གཤིས་གྲང་བ། ཁོར་ཡུག་སྐམ་ཤས་ཆེ་བ། འགྲིམ་འགྲུལ་སྟབས་བདེ་བཅས་ཡོད་པས་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་ལེགས་ཆ་ལྡན་ལ། ཆུ་དང་རླུང་། འོད། རྡོ་སོལ་སོགས་ནུས་རྒྱུ་ཕུན་སུམ་ཚོགས་ཤིང་། འོད་ཤུགས་དང་རླུང་གློག རྩིས་ནུས་སོགས་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པར་མ་ཟད་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཆེན་པོ་ཡོད། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔ་རྗེས་སུ་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་སྲིད་ཇུས་རབ་དང་རིམ་པ་བཏོན་པས་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་རྩིས་ནུས་མ་ལག་འཛུགས་སྐྱོང་དང་ཤར་གྲངས“ནུབ་རྩིས་དང་ནུབ་གསོག  ནུབ་སྦྱོང”སོགས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཆེད་མངགས་མི་སྣ་དམིགས་འཛུགས་བྱས་ནས་འབྲེལ་གཏུག་གི་ཟམ་པ་ཧུར་ཐག་སྒོས་བསྐྲུན་ཏེ་མཉམ་ལས་ཀྱི་དགོས་མཁོ་གསེད་བཀྲོལ་བྱེད་པ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་རིག་ནུས་རྩིས་ནུས་དང་བློ་གྲོས་དྲོད་འདོན། ནུས་རྒྱུ་གསར་སྤེལ་སོགས་ཐོན་ལས་འཕེལ་རྒྱས་ཐད་མཉམ་ལས་གཏིང་ཟབ་དང་ཕན་ཚུན་ནུས་སྤྲོད། མཐུན་སྦྱོར་འཕེལ་རྒྱས་བཅས་བྱས་ནས་ཐུན་མོང་ཐོག་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་དང་ལེགས་ཆ་གསར་པ་གཏོད་པ་དང་། མཉམ་ཤུགས་ཆེན་པོས་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་གྱི“རིམ་སྤར”པར་གཞི་བཏོད་དེ་ཁ་གཏད་རོགས་སྐྱོར་དང་བརྗེ་རེས་མཉམ་ལས་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཟེར།   

2(1).png

ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཀྱི་ཁེ་ལས་པས་མཚོ་བྱང་དུ་མ་འཇོག་བྱས་ནས་ལས་རིགས་དར་སྤེལ་བྱེད་འདོད་ཡོད་ལ། མཚོ་བྱང་གི་ཐོན་ཁུངས་ལེགས་ཆར་རྟོག་ཞིབ་དང་རྒྱུས་ལོན་གཏིང་ཟབ་བྱས་ཏེ་མཚོ་སྐྱོར་ལས་བྱེད་པའི་བྱ་བའི་ལས་སྟེགས་ལ་བརྟེན་ནས་མཉམ་ལས་བརྗེ་རེས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། སྤུས་ལེགས་ལས་གཞི་སྣ་ཚོགས་མཚོ་བྱང་དུ་དོན་འཁྱོལ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་པར་མ་ཟད། མཐའ་འཁོར་ཁེ་ལས་མཚོ་བྱང་དུ་ཡོང་ནས་མ་འཇོག་འཛུགས་སྐྲུན་བྱེད་པར་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབད་བརྩོན་བྱས་ནས་མཉམ་ལས་མཉམ་རྒྱལ་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་པར་བཤད། 

3.png

ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགས་ཀྱི་སྤྱི་གཉེར་བ་་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཝང་ཀང་། ཆིང་ཏའོ་ཐེན་ཡོན་མ་འཇོག་སྡེ་ཚོགསཀྲང་ཧུང་ཆིང་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་དེ་བཞིན་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་ཁུལ་བཟོ་འཕྲིན་ཅུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས། 


མཉམ་སྤྱོད།