དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཆིང་ཧྭ་སློབ་ཆེན་སློབ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་ཙུང་ཁའེ་དང་མཇལ་འཛོམས་གནང་།

2024-07-15 10:48:59   |   970

 སྒྲིག་སྒྱུར།  སངས་དོན།      ཡོང་ཁུངས།   མཚོ་བྱང་མདོ་ལ་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིའི་གསར་བརྗེ་ཞིབ་འཇུག་ཁང་དུ་ཆིང་ཧྭ་སློབ་ཆེན་གྱི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཆིང་ཧྭ་སློབ་ཆེན་སློབ་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཆིང་ཧྭ་སློབ་གྲོགས་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྲི་ཙུང་ཁའེ་དང་བཅས་པར་མཇལ་འཛོམས་གནང་ནས་བཞུགས་མོལ་སྤེལ་རེས་བྱས།

a.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཧྲི་ཙུང་ཁའེ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། ཆིང་ཧྭ་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས།  ཁོང་གིས་བཤད་རྒྱུར། མཚོ་བྱང་ནི་མཚོ་སྔོན་པོའི་བྱང་ཕྱོགས་དང་མདོ་ལ་རིང་མོའི་པང་བར་ཆགས་ཤིང་། མངའ་ཁོངས་སུ་རྒྱལ་ཁབ་སྤྱི་གླིང་གཉིས་ཡོད་པས་སྐྱེ་ཁམས་ཀྱི་གནས་བབ་གལ་ཆེན་དང་། རང་བྱུང་མཛེས་ལྗོངས་དམིགས་བསལ་ཡིན་པ། རིག་གནས་ཀྱི་གཏིང་མཐུག་པས་“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱའི་དབུ་འཕང་ཡར་དགྱེ་བའི་ས་ཆ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི”དམིགས་ཚད་ལ་དམིགས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི“ས་ཆ་བཞིའི”འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་པས་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་ལེགས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ། གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་ལས་དོན་དེ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། མིག་སྔར། མཚོ་བྱང་དེ“རྒྱལ་ཁབ་སྤྱི་གླིང་གཉིས”གཏོད་པ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་བའི་དུས་མཚམས་གལ་ཆེན་དུ་གནས་ཡོད་པས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་དགོས་གལ་ཆེན་པོ་ཡོད། ཆིང་ཧྭ་སློབ་ཆེན་ནི་འཛམ་གླིང་གི་སློབ་གྲྭ་གྲགས་ཅན་དང་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་དར་ཆ་ལྟབུ་ཞིག་ཡིན་ལ། ལྷག་པར་དུ“མདེལ་གཉིས་སྐར་གཅིག”གི་མཛངས་མི23ཁྲོད། ཀུའོ་ཡུང་ཧོའེ་དང་ཀྲའོ་ཅིའུ་ཀྲང་། ཝང་ཀན་ཁྲང་སོགས་ཚན་རིག་མཁས་ཅན14དེ་སྔ་ཆིང་ཧྭ་སློབ་ཆེན་དུ་སློབ་སྦྱོང་བྱེད་པའམ་ཡང་ན་ལས་ཀ་བྱེད་མྱོང་ཡོད་པས་རང་རྒྱལ་གྱི་ཉིང་རྡུལ་བྱ་གཞག་ལ་ལེགས་སྐྱེས་ཕུལ་བྱུང་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། ཆིང་ཧྭ་སློབ་ཆེན་གྱིས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གསར་བརྗེའི་རིག་གནས་སྤེལ་རེས། གཞོན་ནུའི་རྐང་འཛིན་གསོ་སྦྱོང་སོགས་ཀྱི་ཐད་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། མི་འགྱངས་པར་མཚོ་བྱང་ལ་ཆིང་ཧྭ་སློབ་ཆེན་གྱི་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིའི་སྒོ་བྱང་འགེལ་རྒྱུ་རེད།  ཆིང་ཧྭ་སློབ་ཆེན་གྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་བྱང་གི་དོན་དངོས་དང་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་ཐབས་ཇུས་བློ་འདྲི་མཁོ་འདོན་བྱེད་པ་དང་། ཐུན་མོང་ཐོག“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཆིང་ཧྭ་པའི221རྟེན་གཞིའི་གཏམ་རྒྱུད་སྔོག་འདོན་བྱེད་པ། ཕྱོགས་གཉིས་པོའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་དང་བསམ་བློ་ཆབ་སྲིད་སློབ་ཚན་ཞིབ་འཇུག་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆིང་ཧྭའི་ལས་བྱེད་པ་དང་སློབ་མ་འདེམ་སྒྲུག་བྱས་ནས་མཚོ་བྱང་དུ་གསར་བརྗེ་སློབ་སྦྱོང་ཞིབ་འཇུག་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་བཅིངས་པ། མི་རིགས་ཁག་འགྲོ་སྤེལ་འདྲིས་གསུམ་སོགས་བྱེད་པའི་ལས་དོན་ཐད་ཞིབ་འཇུག་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་པ་དང་།  དེ་དང་ཆབས་ཅིག ཆིང་ཧྭ་སློབ་ཆེན་གྱི་དགེ་སློབ་རྣམས་ལོ་ལྟར་ཚོགས་པ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པར་ལྷག་བསམ་ཟོལ་མེད་ངང་གདན་ཞུ་ཞུས་པ་ཡིན་ཟེར། 

b.jpg

ཧྲི་ཙུང་ཁའེ་ཡིས་བསྟན་དོན། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཆིང་ཧྭ་སློབ་ཆེན་གྱི་གཡོལ་ཐབས་མེད་པའི་འགན་འཁྲི་དང་ལས་འགན་ཞིག་ཡིན། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་བྱས་པའི་ས་ཆ་ཞིག་རེད། སློབ་གྲྭས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱིས་མཚོ་བྱང་འཕེལ་རྒྱས་ཀྱི་ངེས་གནས་ལ་གཞི་ཚུགས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་གནད་དམ་པ་འཚོལ་ཞིབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ཐོན་ལས་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་བ། མི་རིགས་ལོ་རྒྱུས་རིག་གནས་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དང་ཤེས་ལྡན་མི་སྣའི་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སྔར་བས་གྲུབ་འབྲས་ཆེན་པོ་ལེན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

c.png

ཧྲི་ཙུང་ཁའེ་འཁོར་དང་བཅས་པས་ད་དུང་མཚོ་བྱང་གི་གཞི་རིམ་དུ་ལས་ཀ་བྱེད་བཞིན་པའི་ཆིང་ཧྭ་སློབ་ཆེན་གྱི་སློབ་ཐོན་སློབ་མ་སུའུ་ཧྭ་ཡེ་དང་ཞུས་ལུང་ཤིང་ལ་འཚམས་འདྲི་གནང་། 

ཆིང་ཧྭ་སློབ་ཆེན་གྱི་ཁ་གཏད་རོགས་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རིན་གཞོན་པ་ཙུང་ཆིང་དང་ཁུལ་གྱི་མགོ་ཁྲིད་སུན་ཤིའུ་ཙུང་དང་སངས་འབུམ་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།